中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རྒྱལ་ནང་གསར་འགྱུར། >
༄༅།། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཏོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ 32འཕར་སྣོན་བྱུང་བ་ཁྱབ་བསྒྲགས་བྱས་པ།
དུས་ཚོད།2021-01-11 16:58:37     རྩོམ་གྱི་ཡོང་ཁུངས། ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ།    ཆུང་། | འབྲིང་། | ཆེ།
    རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་དོན། 2021 ལོའི་ཟླ 1པའི་ཚེས 5ཉིན་གྱི་དུས་ཚོད 24རིང་ལ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར 31དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ 32ཇེ་མང་དུ་སོང་བ་ཡར་ཞུ་བྱས་པ་དང་། དེའི་ནང་གི་དགུ་ཕྱི་ནས་མཆེད་པའི་ནད་པ་ཡིན་ལ། ཀོང་ཏུང་དུ་ནད་པ 3དང་ཧྲན་ཞི་རུ་ནད་པ 3 ཧྲང་ཧེ་རུ་ནད་པ 2 ཐེན་ཅིན་དུ་ནད་པ 1བཅས་བྱུང་ཡོད། ས་གནས་རང་གི་ནད་པ 23ཡོད་ལ། ལེའོ་ཉིན་དུ་ནད་པ 1དང་ཧི་པེ་རུ་ནད་པ 20  ཧེ་ལུང་ཅང་དུ་ནད་པ 1 པེ་ཅིན་དུ་ནད་པ 1བཅས་བྱུང་བ་རེད།
    ད་ལྟ་ཕྱི་ནས་མཆེད་པའི་ཏོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ 285ཡོད་པ་དང་དེའི་ནང་དུ་ནད་པ་ལྗིད་མོ 4ཡོད་ལ། བསྡོམས་པས་ཏོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ 4348ཡོད་པ་དང་། དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཕྱིར་བུད་པའི་ནད་པ་བསྡོམས་པས་ནད་པ་མི་གྲངས 4063ལ་སླེབས་པ་དང་རྐྱེན་ལམ་དུ་ཤོར་བ་གཅིག་ཀྱང་མེད།
    ཞང་ཀང་དང་ཨོ་མིན། ཐེ་ཝན་བཅས་ས་ཁུལ་གྱིས་ཏོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བསྡོམས་པས་ནད་པ་མི་གྲངས 9912ཡར་ཞུ་བྱས་ཤིང་དེའི་ནང་དུ་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ་མི་གྲངས 9049ཡོད་པ་དང་། ནད་པ 8127སྨན་ཁང་ནས་ཕྱིར་བུད་པ། ནད་པ 153རྐྱེན་ལམ་དུ་ཤོར། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ 46ཡོད་པ་དང་། ནད་པ 46སྨན་ཁང་ནས་ཕྱིར་བུད། ཐེ་ཝན་ས་ཁུལ་དུ་ནད་པ 817ཡོད་པ་དང་ནད་པ 697སྨན་ཁང་ནས་ཕྱིར་བུད་པ། ནད་པ 7རྐྱེན་ལམ་ཤོར།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
   

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།