中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རྒྱལ་ནང་གསར་འགྱུར། >
༄༅།། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་བསྡུས་པ་དང་ཞི་ཅིན་ཕིང་གིས་གྲོས་ཚོགས་ཀྱི་གཙོ་འགན་བཞེས།
དུས་ཚོད།2021-04-07 19:21:15     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    ཟླ 3པའི་ཚེས 30ཉིན་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་བསྡུས་ནས། དུས་རབས་གསར་བར་དབུས་རྒྱུད་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཛུབ་སྟོན་བསམ་འཆར་ལ་གྲོས་ཞིབ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ཀྱི་གཙོ་འགན་བཞེས།
    གྲོས་ཚོགས་ནས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྟོབས་ལྡན་འགོ་ཁྲིད་འོག་ཏུ། དབུས་རྒྱུད་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་གྲུབ་འབྲས་གལ་ཆེན་བླངས་ཡོད་པ་དང་། འབྲུ་རིགས་ཐོན་སྐྱེད་རྟེན་གཞི་དང་ཐོག་མའི་ནུས་ཁུངས་རྒྱུ་ཆའི་རྟེན་གཞི། སྒྲིག་ཆས་བཟོ་སྐྲུན་དང་མཐོ་གསར་ལག་རྩལ་ཐོན་ལས་རྟེན་གཞི། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་ལྟེ་བའི་གོ་གནས་བཅས་སྔར་ལས་སྲ་བརྟན་དུ་བཏང་ཡོད།
    གྲོས་ཚོགས་ལས་བསྟན་དོན། དབུས་རྒྱུད་ས་ཁུལ་གྱིས་ཤར་ནུབ་དང་ལྷོ་བྱང་ས་ཁུལ་སྦྲེལ་མཐུད་བྱས་ཡོད་ཅིང་། ཐོན་ཁུངས་ཕུན་སུམ་ཚོགས་པ་དང་འགྲིམ་འགྲུལ་དར་རྒྱས་ཆེ་ལ། ཐོན་ལས་རྨང་གཞི་ཅུང་བཟང་ཞིང་རིག་གནས་རྨང་གཞི་མཐུག་པ་དང་། འཕེལ་རྒྱས་ཀྱི་སྦས་ཤུགས་ཆེན་པོ་ཡོད་པས། དབུས་རྒྱུད་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཁྱོན་ཡོངས་རང་བཞིན་གྱི་དོན་སྙིང་གལ་ཆེན་ལྡན། འཕེལ་རྒྱས་ཀྱི་དུས་རིམ་གསར་བར་བསྐྱོད་དུས་དབུས་རྒྱུད་ས་ཁུལ་འཕེལ་རྒྱས་སུ་གཏོང་བར་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བ། ལྔ་བ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་བཀོད་སྒྲིག་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་དོན་དུ་བཟུང་སྟེ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་རྒྱུ་གཙོ་གནད་དུ་འཛིན་པ་དང་། བཅོས་སྒྱུར་གསར་སྐྲུན་རྩ་བའི་སྒུལ་ཤུགས་སུ་བརྩི་བ། མི་དམངས་ཀྱི་ཉིན་རེར་འཕར་སྣོན་འབྱུང་བཞིན་པའི་མཛེས་སྡུག་འཚོ་བའི་དགོས་མཁོ་སྐོང་རྒྱུ་དེ་རྩ་བའི་དམིགས་འབེན་དུ་འཛིན་པ། རྒྱལ་ནང་གི་འཁོར་སྐྱོད་ཆེན་མོ་གཙོ་གནད་དུ་བཟུང་ནས་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་ཟུང་གིས་ཕན་ཚུན་ལ་སྐུལ་འདེད་གཏོང་བའི་འཕེལ་རྒྱས་སུ་གཏོང་སྟངས་གསར་བ་མགྱོགས་མྱུར་སྒོས་བསྐྲུན་པ། སྔོན་ཐོན་བཟོ་སྐྲུན་ལས་རིགས་འདེགས་སྐྱོར་ཡིན་པའི་དེང་རབས་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པ། ལྷད་མེད་འཕེལ་རྒྱས་ཀྱི་མཛེས་སྡུག་གི་དབུས་རྒྱུད་ནུས་ཡོད་སྒོས་འཛུགས་སྐྲུན་བྱེད་པ། སྐམ་སའི་དབུས་ཁུལ་གྱི་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་ནུས་ཡོད་སྒོས་སྐུལ་འདེད་གཏོང་བ། སྒྲིག་སྲོལ་དང་རྐྱེན་སྲོལ་བཅོས་སྒྱུར་འཐུས་ཚང་དུ་གཏོང་བ། མཁར་གྲོང་ཁུལ་ཁོངས་འཕེལ་རྒྱས་ཀྱི་མཐུན་སྦྱོར་རང་བཞིན་ཇེ་དྲག་ཏུ་གཏོང་བ། གཞི་རྩའི་སྤྱི་བའི་འཕྲོད་བསྟེན་གྱི་འགན་སྲུང་ཆུ་ཚད་མཐོར་འདེགས་སུ་གཏོང་བ། དབུས་རྒྱུད་ས་ཁུལ་མགྱོགས་མྱུར་གྱིས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་བའི་སྟེང་དུ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།
    གྲོས་ཚོགས་ལས་བསྟན་དོན། དབུས་རྒྱུད་ས་ཁུལ་ནི་རྒྱལ་ཡོངས་ཀྱི་ཚོང་ར་ཆེན་མོའི་གྲུབ་ཆ་གལ་ཆེན་ཞིག་དང་བར་སྟོང་ལྟེ་གནས་ཡིན་པས། ངེས་གནས་ཡང་དག་འཚོལ་བ་དང་ཁྱད་སྟོབས་འདོན་སྤེལ་བྱས་ཏེ། དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་ཆས་མ་ལག་དང་དེང་རབས་འཁོར་རྒྱུག་མ་ལག་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་པ་དང་། འབྲི་ཆུའི་དབུས་རྒྱུད་ཀྱི་གྲོང་ཁྱེར་ཚོགས་དང་ཡུལ་དབུས་གྲོང་ཁྱེར་ཚོགས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ། གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ནས་འཕེལ་རྒྱས་སུ་གཏོང་སྟངས་གསར་བའི་ཁྲོད་འདྲེས་པར་བྱེད་པར་ཧུར་ཐག་གིས་ཞབས་ཞུ་སྒྲུབ་དགོས། གསར་གཏོད་གསར་སྐྲུན་དེ་འཕེལ་རྒྱས་ལ་སྣེ་སྟོན་བྱེད་པའི་སྒུལ་ཤུགས་དང་བོར་བརྩིས་ནས་ཚན་རྩལ་གསར་གཏོད་གསར་སྐྲུན་གྱིས་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ཏེ། སྐམ་སའི་དབུས་ཁུལ་གྱི་ཆུ་ཚད་མཐོ་བའི་སྒོ་འབྱེད་ཀྱི་སྒྲིག་སྲོལ་གསར་བ་ཆགས་པར་བྱ་དགོས། ལྷད་མེད་ཐཱན་ཉུང་འཕེལ་རྒྱས་སུ་གཏོང་བའི་བགྲོད་ལམ་གསར་བ་རྒྱུན་འཁྱོངས་བྱེད་པ་དང་ནུས་ཁུངས་དང་ཐོན་ཁོངས་གྲོན་ཆུང་དང་གཅིག་བསྡུས་བཀོད་སྤྱོད་བྱེད་པར་ཤུགས་བསྣན་ནས། སྐྱེ་ཁམས་འཛུགས་སྐྲུན་དང་བཅོས་སྐྱོང་བྱེད་པར་ཤུགས་བསྣན་ཏེ་དབུས་རྒྱུད་ས་ཁུལ་གྱི་ལྷད་མེད་འཕེལ་རྒྱས་མངོན་འགྱུར་བྱ་དགོས།
    གྲོས་ཚོགས་ཀྱིས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།