中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རྒྱལ་ནང་གསར་འགྱུར། >
༄༅།།ཏང་གི་ཚོགས་ཆེན་ཉི་ཤུ་བའི་སྙན་ཞུ་སྐོར་གྱི་ཤེས་བྱ་ཆིག་བརྒྱ་མ།
དུས་ཚོད།2022-11-21 16:37:44     རྩོམ་གྱི་ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།    ཆུང་། | འབྲིང་། | ཆེ།

    ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་བ་ནི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་ཀྱི་བགྲོད་ལམ་གསར་བའི་སྟེང་བསྐྱོད་པ་དང་།           ཕྱོགས་སུ་སྐྱོད་པའི་གནད་འགག་གི་དུས་སྐབས་སུ་འཚོགས་པའི་ཚོགས་ཆེན་ཧ་ཅང་གལ་ཆེན་ཞིག་ཡིན།
ལན། ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན།


    ཏང་གི་ཚོགས་ཆེན་ཉི་ཤུ་བའི་བརྗོད་དོན་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། རླབས་ཆེ་བའི་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་བ། རང་རྟོན་རང་དར་དང་བདེན་སྲུང་གསར་གཏོད། ཡར་བརྩོན་ལྷུར་ལེན།          བཅས་ཀྱིས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་སྐུལ་སྤེལ་གྱི་ཆེད་དུ་མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་དེ་ཡིན།
ལན། ཞུམ་མེད་མདུན་སྐྱོད།


    ང་ཚོས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་གཟབ་རྒྱས་ངང་རྟེན་འབྲེལ་ཞུས་ཏེ། ལོ་རྒྱུས་ཀྱི་གྲོས་ཆོད        གཏན་འབེབས་བྱས་ཤིང་། ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ཡིན།
ལན། ཐེངས་གསུམ་པ།


    གློ་བུར་དུ་བྱུང་བའི་པྲོག་གསར་གློ་ཚད་རིམས་ནད་ལ་གདོང་གཏད་དེ། ང་ཚོས་མི་དམངས་བླ་ན་མེད་པ་དང        རྒྱུན་འཁྱོངས་བྱས་ཏེ། འགུལ་རྣམ་གཙང་སེལ་འགྱུར་བ་མེད་པ་རྒྱུན་འཁྱོངས་བྱས་པ་དང་། པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱེད་པའི་མི་དམངས་དམག་འཐབ་དང་སྤྱི་ཡོངས་དམག་འཐབ། བཀག་འགོག་དམག་འཐབ་སྤེལ་ཏེ། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་ལ་སྲུང་སྐྱོབ་གང་ལེགས་བྱས་པ་དང་། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་གལ་ཆེན་ལེན་པར་སྤྱི་འདོམས་བྱས།
ལན། ཚེ་སྲོག་བླ་ན་མེད་པ།


    ལོ་ངོ་བཅུའི་རིང་ལ། ང་ཚོ་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་པའི་དོན་ཆེན་གསུམ་བརྒྱུད་པ་སྟེ། གཅིག་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བ་བསུས་པ་ཡིན། གཉིས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས        བསྐྱོད་པ་ཡིན། གསུམ་ནི་དབུལ་ཐར་འགག་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཚར་བར་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་ལེགས་འགྲུབ་བྱུང་སྟེ། ལོ་བརྒྱ་ཕྲག་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་པ་ཡིན།
ལན། དུས་རབས་གསར་བ།


    ང་ཚོས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་དགོངས་པ་གཏོད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཞི་རྩའི་ཇུས་གཞི་གསལ་སྟོན་བྱས་ལ། རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་རབ་དང་རིམ་པ་བཏོན་ནས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི            མངོན་འགྱུར་བྱུང་ཡོད།
ལན། མཆོང་སྐྱོད་གསར་བ།


    ང་ཚོས་མུ་མཐུད་དུ་འབད་འཐབ་བྱས་པ་བརྒྱུད་ཀྲུང་ཧྭ་མི་རིགས་ཀྱི་སྟོང་ལོའི་ཕུགས་འདུན་འབྱོར་འབྲིང་ཅན་དུ་མངོན་འགྱུར་བྱུང་ཞིང་། མིའི་རིགས་ཀྱི་ལོ་རྒྱུས་ཁྲོད་གཞི་ཁྱོན་ཆེས་ཆེ་ཤོས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དང་། རྒྱལ་ཡོངས་ཀྱི་དབུལ་བོ་རྫོང་བརྒྱད་བརྒྱ་སོ་གཉིས་ཚང་མ་དབུལ་ཞྭ་དོར་པས། ཞིང་སྡེའི་དབུལ་བོ            ལྷག་དབུལ་ཕོངས་ལས་ཐར་པ་མ་ཟད། དབུལ་བོ་མི་གྲངས་ཁྲི་དགུ་བརྒྱ་དང་དྲུག་ཅུ་ལྷག་ཡུལ་གཞན་གནས་སྤོར་བྱས་པ་རེད།
ལན། དུང་ཕྱུར་གཅིག


    རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་ཁྲི་ང་བཞི་ནས་སྒོར་དུང་ཕྱུར་ཁྲི་བརྒྱ་དང་བཅུ་བཞི་ལ་འཕར་བ་དང་། རང་རྒྱལ་གྱི་དཔལ་འབྱོར་སྤྱིའི་ཐོན་ཚད་འཛམ་གླིང་དཔལ་འབྱོར་ཁྲོད་བརྒྱ་ཆའི་བཅོ་བརྒྱད་དང་ཚེག་ལྔ་ཟིན་ཞིང་། བརྒྱ་ཆའི་ཚེག་བདུན་ཡར་འཕར་ནས་འཛམ་གླིང་གི            གྱུར་ཡོད།
ལན། ཨང་གཉིས་པར།


    རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱི་གཞི་ཁྱོན་དང་ཕྱི་དངུལ་གྲབས་གསོག་བྱེད་ཚད་འཛམ་གླིང་གི            སླེབས་ཡོད།
ལན། ཨང་དང་པོར།

༡༠
    རྨང་གཞིའི་ཞིབ་འཇུག་དང་ཐོག་མའི་གསར་གཏོད་ལ་རྒྱུན་ཆད་མེད་པར་ཤུགས་བསྣན་པ་དང་། གནད་འགག་དང་ལྟེ་བའི་ལག་རྩལ་ཁག་གཅིག་འགག་སྒྲོལ་བྱུང་བ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་དང་རྒྱ་སྐྱེད་བྱུང་བ། མི་སྡོད་འཇིག་རྟེན་འཕུར་སྐྱོད་དང་ཟླ་བའི་གོ་ལ་དང་སྐར་མ་མིག་དམར་འཚོལ་ཞིབ། མཚོ་གཏིང་དུ་འཚོལ་ཞིབ་ཚད་ལེན། རིམ་འདས་རྩིས་འཁོར། ཕྱོགས་སྟོན་འཁོར་སྐར། ཚད་རྡུལ་ཆ་འཕྲིན། ཉིང་རྡུལ་གློག་འདོན་ལག་རྩལ། གནམ་གྲུ་ཆེ་གྲས་བཟོ་སྐྲུན། སྐྱེ་དངོས་སྨན་རྫས་བཅས་ཀྱི་ཐད་ལ་གྲུབ་འབྲས་གལ་ཆེན་ཐོབ་སྟེ།            གྱི་རྒྱལ་ཁབ་ཀྱི་གྲས་སུ་ཚུད་ཡོད།
ལན། གསར་གཏོད་ཅན།

༡༡
    རང་རྒྱལ་ནི་རྒྱལ་ཁབ་དང་ས་ཁུལ་བརྒྱ་དང་བཞི་བཅུ་ལྷག་གི་ཉོ་ཚོང་གྲོགས་པོ་གཙོ་བོར་གྱུར་ནས། དངོས་ཟོག་ཉོ་ཚོང་གི་བསྡོམས་འབོར         སླེབས་པ་དང་། ཕྱི་དངུལ་འགུག་པ་དང་ཕྱི་ཕྱོགས་སུ་མ་དངུལ་འཇོག་གྲངས་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད་པས། ཁྱབ་རྒྱ་སྔར་ལས་ཆེ་བ་དང་། ཁྱབ་ཁོངས་སྔར་ལས་ཡངས་པ། རིམ་པ་སྔར་ལས་ཟབ་པ་བཅས་ཀྱི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་རྣམ་པ་ཆགས་ཡོད།
ལན།  འཛམ་གླིང་གི་ཨང་དང་པོར།

༡༢
    ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་གཏོང་བའི་འགྲོ་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས          འཕེལ་རྒྱས་བཏང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་དེ་ལམ་ལུགས་ཅན་དང་། ཚད་ལྡན་ཅན། ལས་རིམ་ཅན་བཅས་སུ་འགྱུར་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་།
ལན།  བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ།

༡༣
    སྡོད་དམངས་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་སྒོར་ཆིག་ཁྲི་དྲུག་སྟོང་ལྔ་བརྒྱ་ནས       ཡི་བར་འཕར་ཡོད།
ལན།  སུམ་ཁྲི་ལྔ་སྟོང་ཆིག་བརྒྱ།

༡༤
    མི་དམངས་མང་ཚོགས་ཀྱི་ཐོབ་སྣང་སྐྱིད་སྣང་བདེ་སྣང་གསུམ་སྔར་བས་ཆེ་རུ་ཕྱིན་པ་དང་། སྔར་བས་འགན་སྲུང་ཡོད་པ། སྔར་བས་རྒྱུན་མཐུད་ཐུབ་པ་བཅས་བྱུང་ཡོད།         ཕན་འབྲས་གསར་པ་ཐོབ་ཡོད།
ལན།  མཉམ་དུ་ཕྱུག་པོར་འགྱུར་བར།

༡༥
    རི་སྔོ་ཆུ་དྭངས་ནི         ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་དུ་སྲུང་སྐྱོབ་དང་མ་ལག་ལྡན་པར་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས། ཕྱོགས་མཐའ་ཡོངས་དང་། ས་ཁོངས་ཡོངས། བརྒྱུད་རིམ་ཡོངས་བཅས་ཀྱི་སྒོ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ཞིང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ལོ་རྒྱུས་རང་བཞིན་དང་། དཀྱོག་མཚམས་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་བྱུང་སྟེ། ང་ཚོའི་མེས་རྒྱལ་གྱི་ནམ་མཁའ་སྔར་ལས་སྔོ་ཞིང་། རི་བོ་སྔར་ལས་ལྗང་བ་དང་། ཆུ་བོ་སྔར་ལས་དྭངས་པ་བཅས་བྱུང་ཡོད།
ལན། གསེར་རི་དངུལ་རི།

༡༦
      ལག་ལེན་མཐར་ཕྱིན་བྱས་ཤིང་བློ་རྩ་བརྟན་པོའི་གཤིས་རྒྱུད་ལ་བརྟེན་ནས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་སྲུང་སྐྱོང་བྱས་སྟབས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཁྱོན་ཡོངས་ནས་ཤུགས་བསྣན་པ་རེད།
ལན། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ།

༡༧
   མཉམ་བཅོས་དང་མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་ཞིང་ནག་སེལ་ངན་འཇོམས་ཀྱི་ཆེད་དོན་འཐབ་རྩོད་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་མ་ཟད། རང་བྱུང་གི་གནོད་འཚེ་ཚབས་ཆེན་མང་པོར་ནུས་ལྡན་སྒོས་ཁ་གཏད་བཅད་པས         འཛུགས་སྐྱོང་བྱེད་པའི་ཆུ་ཚད་སྔར་ལས་ཇེ་མཐོར་སོང་ཡོད།
ལན། བདེ་འཇགས་ཀྲུང་གོ།

༡༨
    ཁྱོན་ཡོངས་ནས་ཡང་དག་སྒོས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་ལ་སྐུལ་འདེད་བཏང་ཞིང་།  “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཞང་ཀང་བས་ཞང་ཀང་སྐྱོང་བ” “ཨའོ་མོན་པས་ཨའོ་མོན་སྐྱོང་བའི”          བཅས་ཀྱི་བྱེད་ཕྱོགས་མཐའ་འཁྱོངས་བྱས་པ་རེད།
ལན། ཚད་མཐོའི་རང་སྐྱོང་།

༡༩
    ཁྱོན་ཡོངས་ནས་ཀྲུང་གོ་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་སྐུལ་འདེད་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་སྐུལ་འདེད། རྒྱལ་སྤྱིའི་དྲང་གཞག་དང་དྲང་བདེན་ལ་བློ་བརྟན་འགྱུར་མེད་སྒོས་སྲུང་སྐྱོང་བཅས་བྱས་ཏེ། ཕྱོགས་རྐྱང་པའི་རིང་ལུགས་དང་སྲུང་སྐྱོང་རིང་ལུགས།          བཅས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་དགོས།
ལན། བཙན་དབང་རིང་ལུགས།

༢༠
    ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་རུལ་སུངས་ངོ་རྒོལ་ལ་འཐབ་རྩོད་བྱས་ཏེ།“མི་དུང་ཕྱུར་བཅུ་བཞི་ཡི་རེ་བ་སྟོང་ཟད་དུ་མི་གཏོང་ཆེད་མི་བརྒྱ་ཕྲག་འགའ་ལ་ཕོག་ཐུག་གཏོང་ཆོག་ཆོག་ཡིན་པའི”འགན་འཁྲི་ཕྲག་ཏུ་འཁུར་ནས། རུལ་སུངས་བྱེད་མི་ཕོད་པ་དང་།          བཅས་ཀྱི་གཞི་གཅིག་ཅན་ལ་སྐུལ་འདེད་བཏང་ཡོད།
ལན། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ།

༢༡
    “སྟག་རྡུང”དང“སྦྲང་གསོད།”          བཅས་ཐབས་མང་མཉམ་སྤྱོད་བྱས་ཏེ། རུལ་རྒོལ་འཐབ་རྩོད་ལ་ཟིལ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་མ་ཟད་ཕྱོགས་ཡོངས་ནས་སྲ་བརྟན་དུ་བཏང་ཞིང་། ཏང་དང་རྒྱལ་ཁབ། དམག་དཔུང་བཅས་ཀྱི་ནང་ཁུལ་དུ་གནས་པའི་མངོན་མེད་རྐྱེན་ངན་ཚབས་ཆེན་བསལ་བ་རེད།
ལན། “ཝ་རྔོན”

༢༢
    འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ཏང་གིས          སྟེ་ཟིང་འཇགས་དར་རྒུད་ཀྱི་ལོ་རྒྱུས་རེས་འཁོར་གྱི་ཡུན་ཚད་ལས་ཐར་བར་བྱེད་པའི་དྲིས་ལན་གཉིས་པ་འདི་རྙེད་པ་དང་། ནམ་ཡང་ཏང་གི་ངོ་བོ་མི་འགྱུར་བ་དང་། རང་མདངས་མི་འགྱུར་བ། བྲོ་བ་མི་འགྱུར་བ་བཅས་ལ་ཁག་ཐེག་བྱས།
ལན། རང་ངོས་གསར་བརྗེ་བྱེད་པ།

༢༣
    དུས་རབས་གསར་བའི         ནི་ཏང་དང་མི་དམངས་ཀྱིས་མཉམ་དུ་དཀའ་སྤྱད་དང་། དོན་གཉེར། འབད་འཐབ་བཅས་བྱས་ནས་ཐོབ་པ་ཞིག་ཡིན།
ལན། གྲུབ་འབྲས་རླབས་པོ་ཆེ།

༢༤
    དུས་རབས་གསར་བའི་ལོ་བཅུའི་རིང་གི་འཕོ་འགྱུར་རླབས་པོ་ཆེ་དེར་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས།         ། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་སྟེང་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད།
ལན། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས།

༢༥
    ཀྲུང་གོ་གུང་ཁྲན་ཏང་འཇོན་པོ་ཡིན་དོན་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡག་པོ་ཡིན་དོན་དེ་མཐུར་གཏུགས་ནས་བཤད་ན་མར་ཁེ་སི་རིང་ལུགས་ཡང་དག་པ་དང་།         གྱི་མར་ཁེ་སི་རིང་ལུགས་ཡང་དག་པར་བརྟེན་ནས་བྱུང་བ་རེད།
ལན། ཀྲུང་གོ་ཅན་དང་དུས་རབས་ཅན།
རྩོམ་སྒྲིག་པ། པདྨ་འཚོ།
༢༦
    
ཚན་རིག་དང་མཐུན་པའི་མར་ཁེ་སི་རིང་ལུགས་ཀྱི་རིག་པའི་གཞུང་ལུགས་ཀྱིས་ཁྲིད་སྟོན་བྱེད་པ་ནི་ང་ཚོའི་ཏང་གི་དད་སེམས་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། ལོ་རྒྱུས་ཀྱི་རང་འགུལ་ཁོང་དུ་ཆུད་པར་བྱེད་པའི       ཡིན།
ལན། རྩ་བའི་རྩ་བ།

༢༧
    ཡོད་ཚད་དོན་དངོས་ནས་མགོ་བརྩམས་ཏེ། དུས་རབས་གསར་བའི་བཅོས་བསྒྱུར་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་དངོས་ཡོད་གནས་ཚུལ་ལ་དམིགས་ནས་ཐག་གཅོད་བྱ་རྒྱུ་དང་། རྒྱུན་མི་ཆད་པར་ཀྲུང་གོའི་དྲི་བ་དང་འཛམ་གླིང་གི་དྲི་བ།       དུས་རབས་ཀྱི་དྲི་བ་བཅས་ལ་ལན་འདེབས་རྒྱུ། ཀྲུང་གོའི་དོན་དངོས་དང་དུས་རབས་ཀྱི་དགོས་མཁོ་དང་མཐུན་པའི་ཡང་དག་གི་ལན་འདེབས་རྒྱུ་དང་། ཕྱི་ཡུལ་གྱི་ཆོས་ཉིད་དང་མཐུན་པའི་ཚན་རིག་གི་ཤེས་རྟོགས་བྱ་རྒྱུ། བབ་བསྟུན་མདུན་སྐྱོད་ཀྱི་གཞུང་ལུགས་གྲུབ་འབྲས་ཆགས་པར་བྱས་ཏེ། སྔར་ལས་ཀྲུང་གོའི་ལག་ལེན་ལ་ཁྲིད་སྟོན་བྱེད་དགོས།
ལན། མི་དམངས་ཀྱི་དྲི་བ།

༢༨
    ད་ནས་བཟུང་ཀྲུང་གོ་གུང་ཁྲན་ཏང་གི་ལྟེ་བའི་འགན་འཁྲི་ནི་མཐུན་སྒྲིལ་སྒོས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་རྣམས་ཁྲིད་དེ་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱབ་ཁབ་སྟོབས་ཆེན་འཛུགས་སྐྱོང་དང་ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་རྒྱུ།            གྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་པ་དེ་རེད།
ལན། ཀྲུང་གོ་རྣམ་པའི་དེང་རབས་ཅན།

༢༩ 
    
ཀྲུང་གོ་རྣམ་པའི་དེང་རབས་ཅན་ནི      གིས་མགོ་ཁྲིད་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཡིན་ལ། དེར་རྒྱལ་ཁབ་སོ་སོའི་དེང་རབས་ཅན་གྱི་ཐུན་མོང་གི་ཁྱད་ཆོས་ལྡན་པ་མ་ཟད། རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་ཀྲུང་གོའི་ཁྱད་ཆོས་ཀྱང་ལྡན་པ་རེད།
ལན། ཀྲུང་གོ་གུང་ཁྲན་ཏང་།

༣༠ 
     མ་འོངས་པའི      ནི་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མགོ་འཛུགས་ས་དང་གནད་འགག་གི་དུས་སྐབས་ཤིག་ཡིན་པ་རེད།
ལན། ལོ་ལྔ།

༣༡
    རང་རྒྱལ་གྱི་འཕེལ་རྒྱས་དེ་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁ་འགྲན་སློང་མཉམ་གནས་དང་། ངེས་གཏན་མེད་པ་དང་སྔོན་དཔག་དཀའ་བའི་རྒྱུ་རྐྱེན་མང་དུ་འགྲོ་བའི་དུས་སྐབས་ཤིག་ཏུ་སླེབས་ཡོད་ལ།“ངང་པ་ནག་པོ”དང་      དོན་རྐྱེན་སྣ་ཚོགས་དུས་དང་རྣམ་པ་ཀུན་ཏུ་འཐོན་ཉེན་ཡོད།
ལན། “བསེ་རུ་སྐྱ་བོའི”།

༣༢ 
     ང་ཚོས་ངེས་པར་ཉམས་ཉེན་རྟོགས་པའི་འདུ་ཤེས་ཆེ་རུ་གཏོང་བ་དང་།       རྒྱུན་འཁྱོངས། བདེ་སྡོད་ཉེན་བསམ་དང་ཆུ་མ་ཡོང་གོང་ནས་རགས་རྒྱག་པ་བཅས་བྱས་ཏེ། རླུང་འཚུབ་རླབས་འཕྱོ་དང་ཐ་ན་འཇིགས་རུང་དྲག་རླབས་ཀྱི་ཉམས་སད་ཆེན་པོ་མྱོང་བའི་གྲ་སྒྲིག་བྱེད་དགོས།
ལན། མཐའ་ཚད་ཀྱི་བསམ་གཞིགས།
༣༣      
            འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་དགོས། མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་བ་དང་། མི་དམངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་དུ་ལོངས་སུ་སྤྱོད་པ་བཅས་རྒྱུན་ཆད་མེད་པར་མངོན་འགྱུར་བྱས་ཏེ། དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་སྔར་ལས་མང་བ་དང་། སྔར་ལས་དྲང་སྙོམས་ཀྱི་སྒོ་ནས་མི་དམངས་ཡོངས་ལ་ཕན་ཐོགས་པར་བྱེད་དགོས།
ལན། མི་དམངས་ལྟེ་བར་འཛིན་པའི།

༣༤     
             ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལས་འགན་གཙོ་བོ་ཡིན།
ལན། སྤུས་ཚད་མཐོ་བའི་འཕེལ་རྒྱས།

༣༥     
             གྱི་རྨང་གཞི་བརྟན་པོ་མེད་ན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་ཐབས་མེད།
ལན། དངོས་པོའི་ལག་རྩལ།

༣༦  
       དཔལ་འབྱོར་གོང་སྤེལ་དུ་གཏོང་བའི་ཤུགས་འདོན་ས་དེ      སྟེང་འཇོག་པར་རྒྱུན་འཁྱོངས་བྱས་ཏེ། རྣམ་པ་གསར་བའི་བཟོ་ལས་ལ་སྐུལ་འདེད་དང་མགྱོགས་མྱུར་སྒོས་བཟོ་སྐྲུན་གྱི་སྟོབས་ལྡན་རྒྱལ་ཁབ་དང་རྒྱུ་སྤུས་ཀྱི་སྟོབས་ལྡན་རྒྱལ་ཁབ། འཇིག་རྟེན་འཕུར་གྲུའི་སྟོབས་ལྡན་རྒྱལ་ཁབ། འགྲིམ་འགྲུལ་གྱི་སྟོབས་ལྡན་རྒྱལ་ཁབ། དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ། གྲངས་འཛིན་ཀྲུང་གོ་སོགས་འཛུགས་སྐྲུན་བྱེད་དགོས།
ལན། དངོས་གཉེར་དཔལ་འབྱོར།

༣༧  
      ཕྱོགས་ཡོངས་ནས་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་སྟེ་རྨོ་ཞིང་མུའུ       ཀྱི་དམར་ཐིག་བརྟན་སྲུང་བྱ་དགོས།
ལན། དུང་ཕྱུར་བཅོ་བརྒྱད།

༣༨ 
    གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་ལ་བཅོས་སྒྱུར་གཏིང་ཟབ་བྱས་ཏེ། ཞིང་བར་སྔར་ལས་རྒྱུ་ནོར་གྱི་ཁེ་དབང་གང་ལེགས་སྤྲོད་དགོས། གྲོང་ཁྱེར་དུ་གཞིས་ཆགས་པའི་ཞིང་བའི་ཁྲིམས་མཐུན་ས་ཞིང་གི་ཁེ་དབང་ལ་འགན་སྲུང་བྱ་རྒྱུ་དང་། ཁྲིམས་ལྟར་རང་མོས་སྒོས       བྱེད་པར་སྐུལ་ལྕག་གཏོང་དགོས།
ལན། རིན་དོད་ཡོད་པའི་སྒོ་ནས་བཤུག་སྤྲོད།

༣༩      
              དང་ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན། གཙོ་གཞི་བྱེད་ནུས་ཁུལ་གྱི་འཐབ་ཇུས། རྣམ་པ་གསར་བའི་མཁར་གྲོང་གི་འཐབ་ཇུས་བཅས་ལག་བསྟར་གཏིང་ཟབ་བྱ་རྒྱུ་དང་། ཐོན་སྐྱེད་ནུས་ཤུགས་ཀྱི་སྒྲིག་བཀོད་གལ་ཆེན་ལེགས་སྒྱུར་བྱ་རྒྱུ། ལེགས་ཆ་གསབ་རེས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ས་ཁོངས་ཀྱི་དཔལ་འབྱོར་སྒྲིག་བཀོད་དང་རྒྱལ་ཁོངས་ཀྱི་བར་མཐོངས་མ་ལག་འཛུགས་དགོས།
ལན། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས།

༤༠ 
        མགྱོགས་མྱུར་སྒོས་ཉོ་ཚོང་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་དགོས། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན།       བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་དགོས།
ལན། རྒྱལ་སྤྱི་ཅན།

༤༡ 
       སློབ་གསོ་དང་ཚན་རྩལ། འཇོན་མི་བཅས་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི       གྱི་འདེགས་སྐྱོར་ཡིན།
ལན། རྨང་གཞི་རང་བཞིན་དང་འཐབ་ཇུས་རང་བཞིན།

༤༢ 
     
 སློབ་གསོ་དམིགས་བསལ་གྱིས་སྔོན་ལ་འཕེལ་རྒྱས་གཏོང་བ་དང་། ཚན་རྩལ་རང་ཚུགས་རང་དར་བྱེད་པ། འཇོན་མིས་ཁྲིད་སྟོན་དང་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ཏེ།      དང་། ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ལྡན། འཇོན་མིའི་རྒྱལ་ཁབ་སྟོབས་ལྡན་བཅས་མགྱོགས་སུ་འཛུགས་སྐྲུན་བྱེད་པ་དང་། ཏང་ལ་འཇོན་མི་གསོ་སྐྱོང་དང་རྒྱལ་ཁབ་ལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་འཇོན་མི་རང་བརྟེན་གྱིས་གསོ་སྐྱོང་བྱེད་པའི་སྤུས་ཚད་མཐོ་རུ་གཏོང་བ་དང་། གསར་གཏོད་ཀྱི་འཇོན་མི་རྩེར་སོན་སྐྱེད་སྲིང་བྱེད་པ། ཕྱོགས་ཀྱི་མཁས་པ་བཀུག་ནས་ལས་སུ་སྤྱོད་གང་ཐུབ་བྱེད་དགོས།
ལན། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན།
༤༣       
              དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། དམངས་ཡོངས་ཀྱིས་ཚེ་གང་སློབ་སྦྱོང་བྱེད་པའི་སློབ་སྦྱོང་ཅན་གྱི་སྤྱི་ཚོགས་དང་། སློབ་སྦྱོང་ཅན་གྱི་རྒྱལ་ཁབ་ཆེན་པོ་འཛུགས་སྐྲུན་བྱེད་དགོས།
ལན། སློབ་གསོ་གྲངས་འཛིན་ཅན།

༤༤     
              ཀྱིས་རང་རྒྱལ་དེང་རབས་ཅན་འཛུགས་སྐྲུན་གྱི་ཁྱོན་ཡོངས་ཁྲོད་ཟིན་པའི་སྲོག་ཤིང་གོ་གནས་རྒྱུན་འཁྱོངས་བྱེད་དགོས།
ལན། གསར་གཏོད།

༤༥ 
       ཏང་ཀྲུང་དབྱང་གིས་ཚན་རྩལ་བྱ་བར་གཅིག་གྱུར་གྱིས་མགོ་ཁྲིད་བྱེད་པའི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཡོངས་སྟོབས་ཤུགས་གཅིག་སྒྲིལ་གྱི་སྒྲིག་སྲོལ་དཔེ་གསར་ཆ་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི        ཇེ་ཆེར་གཏོང་བ། གསར་གཏོད་ཐོན་ཁུངས་བགོ་སྒྲིག་བྱེད་ཐབས་ལེགས་སྒྱུར་བཅས་བྱས་ནས། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གི་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་གཏོང་དགོས།
ལན། འཐབ་ཇུས་ཚན་རྩལ་སྟོབས་ཤུགས།

༤༦       
             ནི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱི་ངོ་བོའི་བྱེད་ནུས་ཡིན་ལ། དེ་ནི་ཆེས་རྒྱ་ཆེ་བ་དང་ཆེས་བདེན་དངོས། ཆེས་བེད་ཆོད་པའི་དམངས་གཙོ་ཡིན།
ལན། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ།

༥༧
       ངེས་པར་དུ་བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་དགོས་ཤིང་།               དང་མི་དམངས་རྣམས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཞི་མཐུན་གཅིག་གྱུར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས།
ལན།  ཏང་གིས་མགོ་ཁྲིད་པ།

༤༨       
          བྱེད་པའི་ལམ་ལུགས་ཀྱི་མ་ལག་འཐུས་ཚང་དུ་བཏང་སྟེ། རྒྱ་ཆེ་བའི་མི་དམངས་རྣམས་གོ་རིམ་ལྡན་པའི་སྒོ་ནས་ཆབ་སྲིད་ནང་ཞུགས་ཐུབ་པར་བྱ་རྒྱུ་དང་། མི་དམངས་རྣམས་ཁྲིམས་ལྟར་དམངས་གཙོའི་འདེམས་བསྐོ་དང་དམངས་གཙོའི་གྲོས་མོལ། དམངས་གཙོའི་ཇུས་གཅོད། དམངས་གཙོའི་དོ་དམ། དམངས་གཙོའི་ལྟ་རྟོག་བཅས་བྱ་ཐུབ་པར་ཁེག་ཐག་བྱེད་དགོས།
ལན། མི་དམངས་རྣམས་རང་ཁྱིམ་རང་བདག

༤༩
      ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་རྒྱུ་དང་།               དང་ཨུ་ཡོན་གྱིས་རིགས་ཁོངས་ཁག་གི་མང་ཚོགས་ལ་འབྲེལ་གཏུགས་བྱེད་པའི་ལམ་ལུགས་སྒྲིག་གཞི་འཐུས་ཚང་དུ་གཏང་དགོས།
ལན། མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ།

༥༠      
           ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། གཞི་རིམ་གྱི་ཚོགས་སྤྱི་རྣམས་གོ་རིམ་ལྡན་པའི་སྒོ་ནས་གཞི་རིམ་བཅོས་སྐྱོང་ནང་ཞུགས་པའི་ཐབས་ལམ་རྒྱ་སྐྱེད་དེ། མི་དམངས་རྣམས་གཞི་རིམ་གྱི་སྤྱི་བའི་ལས་དོན་དང་སྤྱི་ཕན་བྱ་གཞག་ལ་ཁྲིམས་ལྟར་དོ་དམ་བྱེད་པར་འགན་སྲུང་བྱེད་དགོས།
ལན།  ལས་སྒྲུབ་ཡོངས་བསྒྲགས།
རྩོམ་སྒྲིག་པ། པདྨ་འཚོ།
༥༡     
            གཞི་རྩའི་རྣམ་པ་ཡིན་པའི་ཁེ་ལས་དང་བྱ་ལས་སྡེ་ཚན་གྱི་དམངས་གཙོའི་དོ་དམ་ལམ་ལུགས་ཆ་ཚང་དུ་གཏོང་བ་དང་། ལས་བཟོ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བཅས་བྱེད་དགོས།

ལན། ལས་བཟོ་པའི་འཐུས་མིའི་ཚོགས་ཆེན།

༥༢     
            ནི་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་གསར་བརྗེ་གཏིང་ཟབ་ཅིག་ཡིན་ཞིང་། ཏང་གི་སྲིད་སྐྱོང་རྒྱལ་དར་དང་འབྲེལ་བ་ཡོད་པ་དང་། མི་དམངས་ཀྱི་བདེ་སྐྱིད་ཁམས་བཟང་དང་འབྲེལ་བ་ཡོད་ལ། ཏང་དང་རྒྱལ་ཁབ་ཀྱི་ཡུན་རིང་བདེ་འགོད་དང་ཡང་འབྲེལ་བ་ཡོད།
ལན།
ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ།

༥༣
       ངེས་པར་དུ་ཁྲིམས་སྐྱོང་གི      དང་། སྔོན་ཚོད་བརྟན་པོ། ཕུགས་ལ་ཕན་པ་བཅས་ཀྱི་འགན་སྲུང་ནུས་པ་འདོན་སྤེལ་སྔར་ལས་ལེགས་པར་བྱས་ཏེ། ཁྲིམས་སྐྱོང་གི་འགྲོད་ལམ་སྟེང་དུ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས།
ལན། 
གཞི་རྐང་སྲ་བརྟན་གཏོང་བ།

༥༤
     ཁྲིམས་སྐྱོང་རྒྱལ་ཁབ་དང་། ཁྲིམས་སྐྱོང་སྲིད་གཞུང་།      བཅས་གཞི་གཅིག་ཏུ་འཛུགས་སྐྲུན་བྱ་རྒྱུ་རྒྱུན་འཁྱོངས་དང་། ཕྱོགས་ཡོངས་ནས་ཚན་རིག་དང་མཐུན་པར་ཁྲིམས་འཛུགས་དང་། གཟབ་ནན་སྒོས་ཁྲིམས་བསྟར། དྲང་གཞག་སྒོས་ཁྲིམས་འཛིན། དམངས་ཡོངས་ཀྱིས་ཁྲིམས་སྲུང་བཅས་བྱེད་པར་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས་རྒྱལ་ཁབ་ཀྱི་ཕྱོགས་སོ་སོའི་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།
ལན།
ཁྲིམས་སྐྱོང་སྤྱི་ཚོགས།

༥༥
     སྲིད་གཞུང་གི་འགན་ནུས་བསྒྱུར་བ་དང་། སྲིད་གཞུང་གི་འགན་འཁྲིའི་མ་ལག་དང་རྩ་འཛུགས་གྲུབ་ཚུལ་ལེགས་སྒྱུར་བྱེད་པ། སྒྲིག་གཞི་དང་འགན་ནུས། དབང་མཚམས། ལས་རིམ། འགན་འཁྲི་བཅས       དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། སྲིད་འཛིན་གྱི་ལས་ཆོད་དང་སྤྱི་པའི་ཡིད་རྟོན་འཐོབ་ནུས་ཇེ་མཐོར་གཏོང་དགོས།
ལན།
ཁྲིམས་བཀོད་ཅན།

༥༦
     སྲིད་འཛིན་ཁྲིམས་བསྟར་གྱི་སྒྲིག་གཞིར་བཅོས་སྒྱུར་གཏིང་ཟབ་བྱས་ཏེ། ཁྱོན་ཡོངས་ནས་གཟབ་ནན་ཚད་ལྡན་དང      གྱིས་ཁྲིམས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་། མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་འབྲེལ་བའི་གཙོ་གནད་ཁྱབ་ཁོངས་ལ་ཁྲིམས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་འཛིན་ཁྲིམས་བསྟར་གྱི་ལས་རིམ་འཐུས་ཚང་དུ་གཏོང་བ། སྲིད་འཛིན་གྱི་གཅོད་འཇལ་ཚད་གཞི་ཆ་ཚང་དུ་གཏོང་བ་བཅས་བྱེད་དགོས།
ལན།
དྲང་གཞག་དཔལ་ཡོན།

༥༧
     ཁྲིམས་འཛིན་སྒྲིག་སྲོལ་གྱི་ཕྱོགས་བསྡུས་ལེ་ལག་ལ་བཅོས་སྒྱུར་གཏིང་ཟབ་བཏང་ནས། ཁྱོན་ཡོངས་ནས་ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་གནད་འཁེལ་དོན་འཁྱོལ་བྱེད་པ་དང་། མགྱོགས་མྱུར་སྒོས      གྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་འཛིན་ལམ་ལུགས་འཛུགས་སྐྲུན་བྱས་ཏེ། ཁྲིམས་འཛིན་གྱི་གྱོད་གཞི་རེ་རེ་ནས་མི་དམངས་མང་ཚོགས་ལ་དྲང་སྙོམས་དང་དྲང་བདེན་ཚོར་དུ་འཇུག་གང་ཐུབ་བྱེད་དགོས།
ལན།
དྲང་གཞག་དང་ཆོད་ཆེ་དབང་ལྡན།

༥༨
     སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་གྱི་བཅའ་ཁྲིམས་རིག་གནས་རྒྱུན་འཛིན་བྱེད་པ། མི་དམངས་ཡོངས་རྫོགས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གི་ལྷག་བསམ་དཀར་བའི་རྗེས་འཇུག་པ་དང་། རང་རྟོགས་སྒོས་བརྩི་སྲུང་བྱེད་མཁན།      བཅས་བྱེད་པར་ཁྲིད་སྟོན་བྱེད་དགོས།
ལན།
བློ་རྩ་བརྟན་པའི་སྲུང་སྐྱོབ་པ།

༥༩
      ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྱོང་བྱེད་པར་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཀྱི་འགྲོ་ལམ་རྒྱུན་འཁྱོངས་བྱ་རྒྱུ་དང་། རིག་གནས་ཀྱི་གདེང་ཚོད་ཆེ་རུ་བཏང་སྟེ།     དང་། དམངས་སེམས་གཅིག་སྒྲིལ། མི་རབས་གསར་པ་གསོ་སྐྱོང་། རིག་གནས་དར་སྤེལ། སྣང་བརྙན་ངོམས་སྟོན་བྱ་རྒྱུ་བཅས་ལ་དམིགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས།
ལན།
དར་ཆ་སྒྲེང་བ།

༦༠
      འདུ་ཤེས་འཛིན་སྟངས་ཀྱི་ཁྱབ་ཁོངས་སུ་ང་ཚོས      ཀྱིས་སློབ་སྟོན་གོ་གནས་འཛིན་པའི་རྩ་བའི་ལམ་ལུགས་རྒྱུན་འཁྱོངས་བྱེད་དགོས།
ལན།
མར་ཁེ་སིའི་རིང་ལུགས།

 ༦༡
       ཏང་གི་འདུ་ཤེས་འཛིན་སྟངས་ལས་དོན་གྱི      ཁོང་དུ་བརྟན་པོར་ཆུད་ཅིང་། འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། དུས་རབས་གསར་པར་བསྐྱོད་པའི་བསམ་བློའི་གླེང་ཕྱོགས་གཙོ་བོ་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས།
ལན།
མགོ་ཁྲིད་དབང་ཆ།

༦༢
       ཏང་འཛུགས་སྙིང་སྟོབས་རླབས་པོ་ཆེ་འབྱུང་རྩ་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་རྩ་ལག་དར་སྤེལ་དང་། གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་སྤེལ་བ།      དང་ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས་མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་བའི་དུས་རབས་ཀྱི་མི་གསར་པ་གསོ་སྐྱོང་ཤུགས་ཆེན་བྱ་དགོས།
ལན།
རྒྱལ་གཅེས་རིང་ལུགས།

༦༣
           ལྟེ་བར་འཛིན་པའི་གསར་རྩོམ་ཁྲིད་ཕྱོགས་མཐའ་འཁྱོངས་དང་མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་ཆེ་རུ་གཏོང་བའི་ཕུལ་བྱུང་བརྩམས་ཆོས་སྔར་ལས་མང་བ་བཏོན་ནས། ཀུན་སྤྱོད་དང་སྒྱུ་རྩལ་གཉིས་ལྡན་གྱི་རྩོམ་རིག་སྒྱུ་རྩལ་པ་དང་གཞི་ཁྱོན་ཆེ་བའི་རིག་གནས་རིག་རྩལ་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་འབོར་ཆེན་གསོ་སྐྱོང་དང་སྐྱེད་སྲིང་བྱ་དགོས།
ལན། 
མི་དམངས།

༦༤
       ཀྲུང་ཧྭའི་རིག་གནས་ཀྱི་ལངས་ཕྱོགས་བརྟན་སྲུང་དང་ཀྲུང་ཧྭའི་ཤེས་རིག་གི་བསམ་པའི་མཚོན་རྟགས་དང་རིག་གནས་ཀྱི་སྙིང་བཅུད་ཞུན་བརྡར་འགྲེམ་སྟོན་བྱས་ཏེ། ཀྲུང་གོའི་གཏམ་བརྗོད་དང་ཀྲུང་གོའི་དོན་བརྗོད་མ་ལག་གང་མགྱོགས་ངང་འཛུགས་པ། ཀྲུང་གོའི་གཏམ་རྒྱུད་ཡག་པོ་བཤད་པ་དང་ཀྲུང་གོའི་སྐད་སྒྲ་བརྒྱུད་སྒྲོག་ཡག་པོ་བཅས་བྱས་ཏེ།      བཅས་ཀྱི་ཀྲུང་གོའི་སྣང་བརྙན་མངོན་པར་བྱ་དགོས།
ལན།
ཡིད་རྟོན་རུང་བ་དང་གཅེས་པར་འོས་པ། གུས་པར་འོས་པ།

༦༥
                ནི་སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་བའི་ངོ་བོའི་བླང་བྱ་ཡིན།
ལན། 
དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ།

༦༦
        ངེས་པར་དུ་འཕེལ་རྒྱས་ཁྲོད་དམངས་འཚོ་འགན་ལེན་དང་ཇེ་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ།      ངང་མཛེས་སྡུག་ལྡན་པའི་འཚོ་བ་བསྐྲུན་རྒྱུར་སྐུལ་མ་བཏང་ནས་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་རྒྱུན་ཆད་མེད་པར་མངོན་འགྱུར་བྱ་དགོས།
ལན། 
ཐུན་མོང་འབད་འཐབ།

༦༧
        ང་ཚོས་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་བྱ་དགོས་པ་དང་། མི་དམངས་ཀྱི་ཆེས་སེམས་ཁུར་བྱེད་པ་དང་ཆེས་ཐད་ཀར། ཆེས་དངོས་ཡོད་བཅས་ཡིན་པའི་ཁེ་ཕན་གྱི་གནད་དོན་དམ་འཛིན་བྱས་ཏེ། གང་ཐུབ་ཅི་ཐུབ་དང་ཅི་ནུས་གང་ནུས་སྒོས་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་ཏེ      དང་གཞི་རིམ་དུ་བསྐྱོད་དགོས།
 ལན། 
མང་ཚོགས་ཁྲོད་ཟབ་ཞུགས།

༦༨
       མང་ལས་མང་ཐོབ་མཐའ་འཁྱོངས་དང་ལས་བརྩོན་ཕྱུག་འགྱུར་ལ་བསྔགས་སྐུལ་བྱས་ཏེ།        ལ་སྐུལ་འདེད་དང་ཡོང་འབབ་དམའ་གྲས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་སྤེལ། ཡོང་འབབ་འབྲིང་གྲས་ཀྱི་ཚོགས་སྤྱི་རྒྱ་སྐྱེད་བཅས་བྱ་དགོས།
ལན།
གོ་སྐབས་འདྲ་མཉམ།

༦༩
        དམངས་ཡོངས་ཁེབས་པ་དང་གྲོང་ཁྱེར་གྲོང་གསེབ་གཅིག་གྱུར་འཆར་འགོད། དྲང་བཞག་གཅིག་གྱུར། བདེ་འཇགས་ཚད་ལྡན། རྒྱུན་མཐུད་ཐུབ་པ་བཅས་ཀྱི་རིམ་པ་མང་བའི      མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས།
ལན།
སྤྱི་ཚོགས་འགན་སྲུང་།

༧༠
        ཁང་བ་ནི་སྡོད་ས་ཡིན་པ་ལས་ཚོང་རྫས་མིན་པའི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ། བྱེད་པོ་མང་པོས་མཁོ་སྤྲོད་དང་ཐབས་ལམ་མང་པོས་འགན་སྲུང་།     བཅས་ཀྱི་སྡོད་ཁང་ལམ་ལུགས་གང་མགྱོགས་ངང་འཛུགས་དགོས།
ལན།
བོགས་ཉོ་མཉམ་སྤེལ།

༧༡
             ལེགས་སྒྱུར་བྱས་ཤིང་བུ་བཙའི་རྒྱབ་སྐྱོར་སྲིད་ཇུས་མ་ལག་བཙུགས་ཏེ། བུ་བཙའ་དང་གསོ་སྐྱོང་། སློབ་གསོ་བཅས་ཀྱི་མ་གནས་ཇེ་དམའ་རུ་གཏོང་དགོས།
ལན། 
མི་འབོར་སྤེལ་བའི་འཐབ་ཇུས།

༧༢
             ལ་ཧུར་ཐག་གིས་ཁ་གཏད་འཇལ་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱས་ཏེ། རྒན་གསོའི་བྱ་གཞག་དང་རྒན་གསོའི་ཐོན་ལས་འཕེལ་རྒྱས་གཏོང་བ་དང་མི་ཧྲེང་ན་རྒས་ཀྱི་ཞབས་ཞུ་ཇེ་ལེགས་སུ་གཏོང་བ། ན་རྒས་ཡོངས་ལ་གཞི་རྩའི་རྒན་གསོའི་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས།
ལན། 
མི་འབོར་ན་རྒས་ཅན་དུ་འགྱུར་བ།

༧༣
       སྨན་བཅོས་འཕྲོད་བསྟེན་དཔུང་ཁག་འཕེལ་རྒྱས་རྒྱ་སྐྱེད་གཏོང་བར་ལས་ཀའི་གཙོ་གནད་ནི     དུ་འཇོག་དགོས།
 ལན། 
ཞིང་སྡེ་དང་སྡེ་ཁུལ།

༧༤
       རང་བྱུང་ཁམས་ཆེན་མོ་ནི་མིའི་རིགས་འཚོ་གནས་འཕེལ་རྒྱས་ཀྱི་གཞི་རྩའི་ཆ་རྐྱེན་ཡིན། རང་བྱུང་ཁམས་ལ་བརྩི་འཇོག་དང་རང་བྱུང་ཁམས་ལ་བབ་བསྟུན། རང་བྱུང་ཁམས་ལ་སྲུང་སྐྱོང་བྱེད་པ་བཅས་ནི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི       ཡིན།
ལན། 
ནང་ངོས་ཀྱི་བླང་བྱ།

༧༥
                ལག་བསྟར་བྱས་ཏེ་ཐོན་ཁུངས་སྣ་ཚོགས་གྲོན་ཆུང་དང་ལེགས་བསྡུས་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་། རྫས་སྙིགས་རེས་འཁོར་བེད་སྤྱོད་བྱེད་པའི་མ་ལག་གང་མགྱོགས་ངང་འཛུགས་དགོས།
ལན། 
ཕྱོགས་ཡོངས་ནས་གྲོན་ཆུང་བྱེད་པའི་འཐབ་ཇུས།
རྩོམ་སྒྲིག་པ། པདྨ་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།