ཀྲུང་གོའི་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་། ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་གདུང་སེམས་དྲག་པོས་ཏང་ཡོངས་དང་དམག་ཡོངས། དེ་མིན་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་བརྡ་ཁྱབ་སྤེལ་ཏེ། ང་ཚོའི་གུས་པར་འོས་པའི་བློ་མཐུན་ཅང་ཙེ་རྨིན་ལགས་ལ་ཁྲག་དཀར་ནད་ཕོག་པ་དང་དོན་སྣོད་མང་པོའི་ནུས་པ་ཉམས་ནས་མྱུར་སྐྱོར་བྱས་ཀྱང་ཕན་མ་ཐོགས་པར། 2022ལོའི་ཟླ11པའི་ཚེས30ཉིན་གྱི་དུས་ཚོད12:13ཐོག་གྲོང་ཁྱེར་ཧྲང་ཧའེ་རུ་སྐུ་གཤེགས། ཁོང་ཉིད་དགུང་ལོ96ལ་འཚོ་བཞུགས་གནང་བ་རེད།།
རྩོམ་སྒྲིག་པ། པདྨ་འཚོ།
|