ཐབས་ལམ་གསར་བར་འབད་པས་བསྐྱོད། འགན་འཁྲི་གསར་བ་གསལ་སྟོན་བྱ། བྱས་རྗེས་གསར་བ་མངོན་པར་བྱ། ཟླ1པའི་ཚེས14ཉིན་གྱི་སྔ་དྲོར། ཀན་སུའུ་ཟློས་གར་ཁང་དུ་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་ཀན་སུའུ་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་གཟབ་རྒྱས་ངང་ཚོགས་འགོ་བརྩམས། མི་དམངས་མང་ཚོགས་ཀྱི་རེ་སྒུག་དང་མངགས་བཅོལ་ཟབ་མོ་ཕྲག་ཏུ་འཁུར་བ་དང་འགན་ལེན་གཙང་སྒྲུབ་ཀྱི་བླ་ན་མེད་པའི་འགན་འཁྲི་ཕྲག་ཏུ་ཁུར་བའི་ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོ་དང་ལས་རིགས་སོ་སོ་ནས་ཡོང་བའི་ཀན་སུའུ་ཡི་སྐབས་གསར་བའི་སྲིད་གྲོས་ཨུ་ཡོན་ཚོ་མཉམ་དུ་འཛོམས་ནས་སྲིད་དོན་ལ་ཇུས་འདོན་དང་ཇུས་ཆེན་མཉམ་གྲོས། ཐབས་ཇུས་མཉམ་འདོན་བཅས་བྱས་ཏེ། བདེ་སྐྱིད་ལྡན་ཞིང་མཛེས་སྡུག་ལྡན་པའི་ཀན་སུའུ་གསར་བ་མགྱོགས་མྱུར་ངང་འཛུགས་པ་དང་དམངས་ཕྱུག་གི་རྣམ་པ་གསར་བ་རྒྱུན་ཆད་མེད་པར་གསར་དུ་གཏོད་ཆེད་བློ་གྲོས་དང་སྟོབས་ཤུགས་མཉམ་འདོན་བྱ་རྒྱུ་རེད།
ཚོགས་འདུར་ཞུགས་དགོས་པའི་ཨུ་ཡོན504ཡོད་པ་དང་དངོས་སུ་ཞུགས་པའི་ཨུ་ཡོན468ཡོད་པས། སྲིད་གྲོས་ཀྱི་སྒྲིག་ཡིག་གི་གཏན་འབེབས་དང་མཐུན།།
|