《རྒྱལ་ཁབ་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་གླིང་གཏོད་པའི་ཞིབ་བཤེར་རྩིས་ལེན་བྱ་བའི་སྐོར་གྱི་རིག་གནས་དང་ཡུལ་སྐོར་པུའུ་ཡི་གཞུང་དོན་ཐིང་གི་བརྡ་ཐོ》(ཐོན་ལས་སྤེལ་བའི(2022)ཡིག་ཨང116པ)ལ་གཞིགས་ནས་ཞིབ་དཔྱད་བྱས་པ་བརྒྱུད། ཐེན་ཅིན་གྲོང་ཁྱེར་པིན་ཧའེ་ཁུལ་གསར་ཀྲི་ཧེས་ཧྲན་རིག་གནས་གསར་གཏོད་ཐོན་ལས་གླིང་སོགས་གླིང་ཁུལ15ལ་ཐོག་མའི་ཞིབ་བཤེར་རྩིས་ལེན་ཐོབ་ཡོད།
གླིང་ཁུལ་དེ་དག་གི་མིང་ཐོ་སྤྱི་བསྒྲགས་བྱས་པ་གཤམ་གསལ། (སྲིད་འཛིན་ས་ཁོངས་ཀྱི་གོ་རིམ་ལྟར་སྒྲིག་པ།)
ཐེན་ཅིན་གྲོང་ཁྱེར་པིན་ཧའེ་ཁུལ་གསར་ཀྲི་ཧེས་ཧྲན་རིག་གནས་གསར་གཏོད་ཐོན་ལས་གླིང་།
ཧོ་པེ་ཞིང་ཆེན་ཀྲུང་གོའི་ཆུས་དབྱང་འཇིམ་བརྐོས་རིག་གནས་ཐོན་ལས་གླིང་།
ཅི་ལིན་ཞིང་ཆེན་བརྡ་ཁྱབ་གསར་གཏོད་རིག་གནས་ཐོན་ལས་གླིང་།
ཧྲང་ཧའེ་གྲོང་ཁྱེར་གསར་གཏོད་དང་རིག་སྟོབས་གསར་གཏོད་འཕེལ་རྒྱས་དཔེ་སྟོན་གླིང་།
ཅང་སུའུ་ཞིང་ཆེན་ནན་ཅིང་ཆིན་ཧོའེ་ཁྱད་ལྡན་རིག་གནས་ཐོན་ལས་གླིང་།
ཅང་སུའུ་ཞིང་ཆེན་སུའུ་ཀྲོའུ་ཡོན་དང་ཐང་རིག་གནས་ཐོན་ལས་གླིང་།
ཀྲེ་ཅང་ཞིང་ཆེན་ཆུས་ཀྲོའུ་རུའུ་ལུགས་རིག་གནས་ཐོན་ལས་གླིང་།
ཀྲེ་ཅང་ཞིང་ཆེན་ཧེང་ཏེན་གློག་བརྙན་དང་བརྙན་འཕྲིན་ཐོན་ལས་གཅིག་སྡུད་ཁུལ།
ཨན་ཧུའེ་ཞིང་ཆེན་ཧོ་པེ་པོའོ་ཧོ་གསར་གཏོད་རིག་གནས་ཐོན་ལས་གླིང་།
ཧྲན་ཏུང་ཞིང་ཆེན་ཆིང་ཀྲོའུ་ཀྲུང་ཁྲེན་ཡིག་རིས་སྒྱུ་རྩལ་གླིང་།
ཧུའུ་ནན་ཞིང་ཆེན་མ་ལན་ཧྲན་བརྙན་ལམ་ཝུན་ཁྲོང་ཐོན་ལས་གླིང་།
ཀོང་ཏུང་ཞིང་ཆེན་ལུང་ཀང་གྲངས་གཞིའི་གསར་གཏོད་ཐོན་ལས་བར་ཁྱམས།
སི་ཁྲོན་ཞིང་ཆེན་ཧྥེན་མུའུ་རིག་གནས་ཐོན་ལས་གླིང་།
ཀུའེ་ཀྲོའུ་ཞིང་ཆེན་ཀྲེང་ཨན་ཅི་ཁོའི་རིག་གནས་ཐོན་ལས་གླིང་།
བོད་རང་སྐྱོང་ལྗོངས་བོད་ཀྱི་རིག་གནས་ཡུལ་སྐོར་གསར་གཏོད་གླིང་ཁུལ།
ཡོངས་བསྒྲགས་བྱེད་ཡུན་ཉིན་བདུན་ཡིན།(ཡོངས་བསྒྲགས་བྱེད་ཉིན་ནས་བརྩི།) ཡོངས་བསྒྲགས་བྱེད་པའི་དུས་ཚོད་ནང་ཡོངས་བསྒྲགས་གླིང་ཁུལ་ལ་བསམ་འཆར་མི་མཐུན་པ་ཡོད་པའི་ཚན་པ་དང་མི་སྒེར་གྱིས་གློག་རྡུལ་ཡིག་ཟམ་སོགས་བརྒྱུད་རིག་གནས་དང་ཡུལ་སྐོར་སྡེ་ཚན་ལ་ཡིག་ཐོག་ནས་སྙན་སེང་ཞུ་ཆོག་གི་ཡོད་པ་རེད། གནས་ཚུལ་ཡར་ཞུ་བྱེད་པར་ངེས་པར་དུ་དངོས་ཐོག་བདེན་འཚོལ་བྱ་དགོས་པ་མ་ཟད། གོང་ཞུས་གནད་དོན་གྱི་དཔང་རྟགས་དཔྱད་གཞི་འདོན་སྤྲོད་བྱ་དགོས། ལས་ཁུངས་ཀྱི་མིང་ཐོག་ནས་གོང་ཞུ་བྱས་རིགས་ལ་སྡེ་ཚན་གྱི་གཞུང་ཐམ་རྒྱག་དགོས་པ་མ་ཟད་འབྲེལ་གཏུག་བྱེད་ཡུལ་དང་འབྲེལ་གཏུག་བྱེད་སྟངས་ཀྱང་འདོན་སྤྲོད་བྱ་དགོས། མི་སྒེར་གྱི་མིང་ཐོག་ནས་ཡར་ཞུ་བྱས་རིགས། རུས་མིང་ངོ་མ་དང་། བྱ་བའི(སློབ་སྦྱོང་།)ལས་ཁུངས། འཕྲིན་གཏོང་ས་གནས། འབྲེལ་གཏུག་བྱེད་སྟངས་སོགས་བཀོད་ནས་འབྲེལ་ཡོད་ཀྱི་གནས་ཚུལ་ལ་རྒྱུས་ལོན་དང་ཞིབ་བསྡུར་བྱེད་བདེ་ཡོང་བ་བྱ་དགོས།།
པར་སྐྱེལ། 010-59881407
གློག་རྡུལ་ཡིག་ཟམ། chanyesi@mct.gov.cn
|