中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རྒྱལ་ནང་གསར་འགྱུར། >
༄༅།། གཙང་གསུམ་ཆུ་འགོར་ཚན་རིག་རྟོག་ཞིབ་བྱེད་སྒོ་ཞིག་སྤེལ།
དུས་ཚོད།2023-04-14 11:45:36     རྩོམ་གྱི་ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།    ཆུང་། | འབྲིང་། | ཆེ།
    སྤྱི་ཟླ4བའི་ཚེས13ཉིན་གཙང་གསུམ་ཆུ་འགོའི་སྐྱེ་ཁམས་སྲུང་སྐྱོང་ཐེབས་རྩ་ཚོགས་པ་དང་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས། གཏེར་ལྔ་རྒྱལ་སྤྱིའི་ཡིད་རྟོན་མངགས་བཅོལ་ཚད་ཡོད་ཀུང་སི་བཅས་ཀྱིས་འབྲི་ཆུའི་ཚན་རིག་ཁང་དང་ཐུན་མོང་ཐོག་འབྲི་ཆུའི་ཆུ་འགོའི་དཔེ་མཚོན་ལྡན་པའི་མཐོ་གྲང་འདམ་རའི་ཐཱན་གསོག་ཚད་ཚོད་རྩིས་བྱེད་པའི་ཚན་རིག་རྟོག་ཞིབ་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ་དང་། གཙང་གསུམ་ཆུ་འགོའི་སྐྱེ་ཁམས་སྲུང་སྐྱོང་ཐེབས་རྩ་ཚོགས་པའི་ཚོགས་གཙོ་སྟག་འབུམ་ཐར་དང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཅུས་ཀྲང་ཝང་ཤང་གོ གཏེར་ལྔ་རྒྱལ་སྤྱིའི་ཡིད་རྟོན་མངགས་བཅོལ་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་ལིའུ་གོ་ཝེ་བཅས་ཚན་རིག་རྟོག་ཞིབ་བྱེད་སྒོའི་འགོ་ཚུགས་མཛད་སྒོར་ཞུགས་ཡོད།
 
\

    ད་ཐེངས་ཀྱི་ཚན་རིག་རྟོག་ཞིབ་བྱེད་སྒོས་འབྲི་ཆུའི་ཆུ་འགོའི་འདམ་རའི་ཆུ་དང་སྔོ་ཁེབས། ས་རྒྱུ་སོགས་ཁོར་ཡུག་གི་རྒྱུ་རྐྱེན་ཁྱབ་ཚུལ་སྔར་བས་ཤེས་རྟོགས་ཐུབ་པ་བྱ་རྒྱུ་དང་། འདམ་རའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཐཱན་བཏང་སྙོམས་ཀྱི་སྐྱེ་ཁམས་ཁ་གསབ་སྒྲིག་སྲོལ་འཚོལ་ཞིབ་བྱས་ནས། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱ་གཞག་ཐད་ནུས་ཤུགས་གང་ཡོད་འདོན་རྒྱུ་དང་། འབྲེལ་ཡོད་ཚན་རིག་ཞིབ་འཇུག་བྱ་བར་རིག་སྟོབས་ཀྱི་འདེགས་སྐྱོར་དེ་བས་མང་བ་མཁོ་འདོན་བྱ་རྒྱུ་རེད། བྱེད་སྒོ་དེ་ནི་གཙང་གསུམ་ཆུ་འགོའི་སྐྱེ་ཁམས་སྲུང་སྐྱོང་ཐེབས་རྩ་ཚོགས་པས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་སྲུང་སྐྱོང་གི་དགོངས་པ་ལག་ལེན་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཐཱན་གཉིས”བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་པ་དོན་འཁྱོལ་ནུས་ལྡན་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱིས་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་ངང་ཐཱན་རྩེ་གྲངས་ལ་སླེབས་པ་དང་ཐཱན་བཏང་སྙོམས་ཡོང་རྒྱུར་སྐུལ་འདེད་གཏོང་བའི་གསར་གཏོད་བྱ་ཐབས་ལ་རོགས་འདེགས་ཧུར་ཐག་བྱ་རྒྱུ་རེད།
 
\

    གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཅུས་ཀྲང་ཝང་ཤང་གོ་ཡིས། ད་ཐེངས་ཚན་རིག་རྟོག་ཞིབ་བྱེད་པ་དེས་གཙང་གསུམ་ཆུ་འགོའི་འདམ་རའི་གདོད་མའི་རང་བཞིན་དང་ཆ་ཚང་རང་བཞིན་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱུ་དང་། རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱ་རྒྱུ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། ཐོག་མའི་གནས་ཀྱི་ལྟ་ཞིབ་ཚད་ལེན་ཚོད་ལྟ་དང་ཁུངས་མང་རྒྱང་ཚོར་ལྟ་ཞིབ་ཚད་ལེན། ཚོད་ལྟ་ཁང་དུ་དབྱེ་ཞིབ་བྱེད་པ་སོགས་ཀྱི་ཞིབ་འཇུག་བྱ་ཐབས་གང་ལེགས་སྤྱད་དེ་ཐཱན་གསོག་ཚད་ཚོད་རྩིས་དང་སྲ་ཐཱན་གྱི་མི་མངོན་པའི་སྟོབས་ཤུགས་ལ་དཔྱད་དཔོག་བྱེད་པའི་བྱེད་སྒོ་སྤེལ་བ་དང་། གཞི་གདན་གྲངས་གཞི་གཅིག་སྡུད་བཟོ་བ། འདམ་རའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆོག་འཐུས་རང་བཞིན་གྱི་གྲོས་འགོ་འདོན་པ་བཅས་བྱས་ཏེ། གཙང་གསུམ་ཆུ་འགོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང“ཐཱན་གཉིས”ཀྱི་རྒྱལ་ཁབ་འཐབ་ཇུས་ལ་ནུས་ལྡན་གྱི་གྲངས་གཞི་མཁོ་འདོན་བྱ་དགོས་ཞེས་བཤད་པ་རེད།
 
\

    འགོ་ཚུགས་མཛད་སྒོའི་ཐོག་གཙང་གསུམ་ཆུ་འགོའི་སྐྱེ་ཁམས་སྲུང་སྐྱོང་ཐེབས་རྩ་ཚོགས་པའི་ཚོགས་གཙོ་སྟག་འབུམ་ཐར་གྱིས་ཚན་རིག་རྟོག་ཞིབ་རུ་མི་ཚོར་དར་ཆ་སྤྲད་པ་རེད། གཙང་གསུམ་ཆུ་འགོའི་སྐྱེ་ཁམས་སྲུང་སྐྱོང་ཐེབས་རྩ་ཚོགས་པ་དང་འབྲི་ཆུའི་ཚན་རིག་ཁང་དབར་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་དང་། ཕྱོགས་གཉིས་པོས“ཕན་ཚུན་རོགས་ལས་དང་ཐུན་མོང་འཕེལ་རྒྱས”རྩ་དོན་དུ་བྱས་ནས་རང་སོའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཐོག ཚན་རྩལ་འདེགས་སྐྱོར་དང་རྣམ་གྲངས་ཀྱི་ལེགས་ཆར་བརྟེན་ནས་གཙང་གསུམ་ཆུ་འགོའི་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ། ཚན་རིག་རྟོག་ཞིབ། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་ལེགས་སྒྲིག་དང་འཕེལ་རྒྱས་ཞིབ་འཇུག་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ནས་མཉམ་ལས་བྱས་ཏེ། གཙང་གསུམ་ཆུ་འགོའི་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་གྲོང་གསེབ་དར་རྒྱས་ལ་ལམ་བུ་འཚོལ་ཞིབ་དང་ཉམས་མྱོང་གསོག་འཇོག་བྱ་རྒྱུ་རེད།།
 
རྩོམ་སྒྲིག་པ། ལྷ་ཁོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།