中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རྒྱལ་ནང་གསར་འགྱུར། >
༄༅།། མཚོ་བོད་ས་མཐོའི་གངས་རི་སོགས་ལ་སྲུང་སྐྱོབ་བྱ་རྒྱུ།
དུས་ཚོད།2023-04-25 15:06:59     རྩོམ་གྱི་ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།    ཆུང་། | འབྲིང་། | ཆེ།
    སྤྱི་ཟླ4བའི་ཚེས21ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་གསར་འགོད་པའི་ཚོགས་འདུ་ཚོགས་ཤིང་། ཚོགས་ཐོག་ཏུ་མགྲིན་ཚབ་པ་ཙང་ཐེ་ཝེས་ངོ་སྤྲོད་གནང་བ་ལྟར་ན། མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོབ་བཅའ་ཁྲིམས་འཆར་ཟིན་ཐེངས་གསུམ་པའི་མ་ཟིན་ནང་མཚོ་བོད་ས་མཐོའི་གངས་རི་དང་འཁྱགས་རོམ་གལ་ཆེན་ལ་བཀག་སྡོམ་གྱིས་སྲུང་སྐྱོབ་བྱ་རྒྱུའི་གཏན་འབེབས་བཏོན།
 
\

    དེ་ཡང་གཅིག་ནས་མཚོ་བོད་ས་མཐོའི་གངས་རི་དང་འཁྱགས་རོམ། འཁྱགས་ས་བཅས་ཀྱི་སྲུང་སྐྱོབ་ལམ་ལུགས་འཛུགས་རྒྱུ་དང་། གངས་རི་དང་། འཁྱགས་རོམ། འཁྱགས་ས་བཅས་ཀྱི་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ། དེ་བཞིན་མ་ལག་རང་བཞིན་ངང་སྲུང་སྐྱོབ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་ཡོད།

  གཉིས་ནས་མཚོ་བོད་ས་མཐོའི་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གིས་འཁྱགས་ཞྭ་འཁྱགས་རོམ་ཆེ་ཤོས་དང་གཞི་ཁྱོན་ཆུང་བའི་འཁྱགས་རོམ་སོགས་སྣོད་བཅུད་སྲུང་སྐྱོབ་ཀྱི་དམར་ཐིག་ནང་བཅུག་ནས་གངས་རི་དང་འཁྱགས་རོམ་གལ་ཆེན་ལ་ཚོད་འཛིན་དང་སྲུང་སྐྱོབ་བྱས་ཏེ་བྱེད་ཐབས་ནུས་ལྡན་སྤྱད་ནས་མིས་བཟོས་གནོད་འཚེར་ཚོད་འཛིན་ནན་མོ་བྱ་དགོས་པའི་བླང་བྱ་བཏོན་ཡོད།

   གསུམ་ནས་མཚོ་བོད་ས་མཐོའི་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གིས་འཁྱགས་སའི་ཁུལ་གྱི་སྲུང་སྐྱོབ་ཁྱབ་ཁོངས་གཏན་འཁེལ་བྱས་ཏེ། ལོ་མང་འཁྱགས་སའི་ཁུལ་དང་དམིགས་བསལ་དུས་ཚིགས་ཀྱི་འཁྱགས་སའི་ཁུལ་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། ལོ་མང་འཁྱགས་སའི་ཁུལ་གྱི་ཐོན་ཁུངས་གསར་སྤེལ་བྱེད་པར་ཚོད་འཛིན་ནན་མོ་བྱ་དགོས་པ་དང་། ལོ་མང་འཁྱགས་སའི་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་འཆར་འགོད་དང་། འགྲིམ་འགྲུལ། གློག་སྐུད་དང་ལྕགས་མདོང་། གློག་སྐྱེལ་གློག་སྒྱུར་སོགས་ལས་གཞི་རྣམ་གྲངས་གལ་ཆེན་ལ་ཞིབ་བཤེར་ཆོག་མཆན་འགོད་སྐབས་གཟབ་ནན་བྱ་དགོས་པའི་བླང་བྱ་བཏོན།
 
\

   བཞི་ནས་གངས་རི་དང་འཁྱགས་རོམ། ཉེ་འཁོར་གྱི་སྣོད་བཅུད་མ་ལག་བཅས་མཐུན་སྦྱོར་སྲུང་སྐྱོབ་བྱས་ནས་གངས་རི་དང་། འཁྱགས་རོམ། འཁྱགས་ས་བཅས་སྲུང་སྐྱོབ་ཡོང་བར་ཕན་པའི་རང་བྱུང་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་རྒྱུན་འཁྱོངས་བྱ་དགོས་པའི་བླང་བྱ་བཏོན་ཡོད།

   ལྔ་ནས་གངས་རི་དང་། འཁྱགས་རོམ། འཁྱགས་ས་བཅས་ཞུ་ནས་ས་ཁོངས་སྣོད་བཅུད་མ་ལག་ལ་ཐེབས་པའི་ཤུགས་རྐྱེན་ལ་ལྟ་ཞིབ་ཚད་ལེན་དང་དེའི་ཉེན་ཁར་དཔྱད་དཔོག་བྱ་དགོས་པའི་བླང་བྱ་བཏོན།

    དྲུག་ནས་གངས་རྡིབ་དང་། འཁྱགས་རོམ་རྡིབ་པ།  འཁྱགས་མཚེའུ་གས་པ། འཁྱགས་ས་ཞུ་བ་སོགས་ཀྱི་རང་བྱུང་གནོད་འཚེར་བརྟག་དཔྱད་གདེང་འཇོག་དང་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཅས་བཏོན།། 
 
རྩོམ་སྒྲིག་པ། ལྷ་ཁོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།