中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རྒྱལ་ནང་གསར་འགྱུར། >
༄༅།། དུག་རྫས་གཡོ་འཕྲུལ་བྱེད་མཁས་པས། གཡོ་འོག་ཚུད་པར་དོགས་ཟོན་བྱོས།
དུས་ཚོད།2023-05-25 16:51:19     རྩོམ་གྱི་ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།    ཆུང་། | འབྲིང་། | ཆེ།
    ཉེ་ཆར། འགག་སྒོའི་ལས་བྱེད་མི་སྣས་ནང་འདྲེན་སྦྲག་དངོས་ལ་ཞིབ་བཤེར་བྱེད་སྐབས་སྦྲགདངོས་དེར་དོགས་གཞི་བྱུང་།   སྦྲག་དངོས་ཁ་ཕྱེ་ནས་ཞིབ་བཤེར་བྱེད་སྐབས་དེ་ནི་ཁ་དམ་ཁུག་མ་ཞིག་གི་ནང་དུ་ཤོག་བྱང་གཉིས་ཡོད་པ་རེད།
 
\

    ཤོག་བྱང་དེ་གཉིས་ཞིབ་བཤེར་དུ་བསྐྱལ་དུས།

    ཤོག་བྱང་དེ་གཉིས་ཐོག་གསར་དར་གྱི་དུག་རྫསLSDལྷེབ་མ100སྦས་སྐུངས་བྱས་ཡོད་པ་རེད།
 
\

    LSD(མའེ་ཅའོ་སྐྱུར་གཉིས་ཁ་རྨང་ཞན་ཨན།)

    མིང་གཞན་ལ“སྦྲག་བྱང”ཟེར།

    དེ་ནི་མིས་བཟོས་འཕྲུལ་བྱེད་དུག་རྫས་ཤིག་ཡིན་ལ།

    རང་རྒྱལ་གྱིས་སྔ་ས་ནས་དོ་དམ་སྨན་རྫས་ཀྱི་དཀར་ཆག་ཏུ་བཀོད་ཡོད་པདང་། དེ་ནི་བསམ་པའི་སྨན་རྫས་རིགས་དང་པོའི་ཁོངས་སུ་གཏོགས་ཀྱི་ཡོད།
 
\

    དུག་རྫས་གཡོ་འཕྲུལ་བྱེད་མཁས་པས། གཡོ་འོག་ཚུད་པར་དོགས་ཟོན་བྱོས།
    འཚོ་བའི་ཁྲོད་དུ།
    འདི་ལྟ་བུའི་ཤོག་བུ་ཁྲ་ཁྲ་དང་། དཀར་ཁྲ་ལྷེབ་མ་སོགས་ལ།
    གཞོན་ནུ་ལོ་ཆུང་ཚོས་དོགས་ཟོན་བྱེད་དཀའ་བས།
    མི་ངན་གྱི་བསླུ་བྲིད་འོག་ཏུ་ཚུད་ནས།
    ལོག་ལམ་དུ་འགྲོ་བའི་ཉེན་ཁ་ཆེ།
 
\

 
\
 
 
\

 
\

 
\
 

    དུག་འགོག་ཐབས་ཤེས།
    གཅིག དུག་རྫས་ཀྱི་རིགས་དང་གནོད་འཚེ་ཤེས་པར་བྱ་དགོས་ཏེ། ལྷག་པར་དུ་དུག་རྫས་གསར་བའི་རྫུས་ཆས་ལ་རྒྱུས་ལོན་གསལ་བོ་བྱས་ནས། མྱུར་དུ་དུག་རྫས་ལ་དབྱེ་འབྱེད་བྱེད་ཐུབ་པ་དང་། དུག་རྫས་བཀག་འགོག་བྱ་དགོས།
    གཉིས། གཞོན་ནུ་ལོ་ཆུང་རྣམས་མཚན་གུང་སོགས་སུ་མི་སྣ་འདྲ་མིན་སྣ་ཚོགས་འདུ་ས་དང་རྙོག་འཛིང་ཆེ་བའི་སྤྲོ་སེང་གཏོང་ཡུལ་དུ་འགྲོ་རྒྱུ་ཉུང་ཙམ་དང་། སྣང་མེད་ངང་དུག་རྫས་ཀྱི་གནོད་འཚེ་ཕོག་རྒྱུར་སྔོན་འགོག་བྱ་དགོས།
    གསུམ། གྲོགས་པོ་སྒྲིག་དུས་གཟབ་གཟབ་བྱ་དགོས་ཏེ། གོམས་གཤིས་ངན་པ་ཅན་གྱི་གྲོགས་པོ་དང་བར་ཐག་རིང་དུ་བྱ་དགོས་པདང་། ཉེ་འགྲམ་གྱི་གྲོགས་པོས་ཁྱེད་ལ་དུག་རྫས་འདྲ་བའི་དངོས་པོ་གསར་བ་ངོ་སྤྲོད་བྱས་ན། གཏན་ནས་ལེན་མི་རུང་།
    བཞི། རྨོངས་ཚོད་ཀྱིས་ཡ་མཚན་དང་སྟེས་དབང་གི་བསམ་ཚུལ་འཛིན་མི་རུང་། དུག་འཐེན་པ་ནི་ཕྱིར་འཐེན་བྱེད་ཐབས་མེད་པའི་ལམ་བུ་ཞིག་ཡིན་པས། དུག་རྫས་འགོས་ན་མི་ཚེ་གང་པོར་ཤུགས་རྐྱེན་ཐེབས་ངེས་ཡིན།
    ལྔ། ཧུར་བརྩོན་ཡར་སྐྱེད་ཀྱི་སེམས་ཁམས་སྲུང་འཛིན་བྱ་དགོས་པ་ལས། འཚོ་བར་དཀའ་ཁག་ཆེ་བའམ་བློ་སྟོབས་ཉམས་པ་སོགས་ཀྱི་དབང་གིས་དུག་རྫས་ལ་བརྟེན་ཏེ་རང་ཉིད་སྦྲིད་དུ་འཇུག་མི་རུང་། གནད་དོན་ཡོད་ཚེ་ཉེ་འགྲམ་གྱི་གྲོགས་པོ་དང་གཉེན་ཉེར་སྐད་ཆ་མང་ཙམ་བཤད་དགོས།།
 
རྩོམ་སྒྲིག་པ། ལྷ་ཁོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།