中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རིག་གནས་སློབ་གསོ། > བོད་ཀྱི་རིག་གནས། >
༄༅།། བོད་ཀྱི་ལྷ་མོ་འཁྲབ་སྟངས་དང་འཆམ་རྒྱག་སྟངས།
དུས་ཚོད།2017-02-15 09:52:20     རྩོམ་གྱི་ཡོང་ཁུངས།ཁམས་པའི་གསར་འགྱུར་དྲ་བ།    ཆུང་། | འབྲིང་། | ཆེ།
    བོད་ཀྱི་ལྷ་མོའི་འཁྲབ་སྟངས་དང་སངས་རྒྱས་ཆོས་ལུགས་ཀྱི་འཆམ་རྒྱག་སྟངས་ལ་སོ་སོར་འཁྲབ་སྟོན་གྱི་སྒྱུ་རྩལ་མི་འདྲ་བ་རེ་ཡོད་དེ། སངས་རྒྱས་ཆོས་ལུགས་ཀྱི་འཆམ་ལ་གཡས་རྐྱང་དང་གཡོན་སྐུམ། ས་ག་ཟླུམ་པོ། རྡོ་རྗེ་རྒྱ་གྲམ།  རྡོ་རྗེ་བྱེད་པ། དགའ་བ་འཁྱིལ་བ་སོགས་ཀྱི་རྐང་སྟབས་དང་།  ལག་སྟབས།  ལུས་ཀྱི་ཉམས་འགྱུར།  ངག་གི་གདངས་དབྱངས་སོགས་ཆོས་ལུགས་སོ་སོའི་གཞུང་ལས་བཤད་པའི་ལྷ་སྐུའི་རྣམ་འགྱུར་དང་ཕྱག་སྟབས་སོགས་དང་བསྟུན་ནས་རྒྱག་པའི་དམིགས་བསལ་ཁྱད་ཆོས་ཡོད་པ་དང་།  ལྷ་མོའི་སྟངས་སྟབས་ནི་རྒྱལ་བློན་འབངས་སོགས་དྲང་ཕྱོགས་དང་ལྡོག་ཕྱོགས་མི་སྣ་ཕོ་མོའི་དགོས་དབང་དང་བསྟུན་ནས་འཁྲབ་འཁྱེར་སྣ་ཚོགས་འཁྲབ་ཀྱི་ཡོད་ཅིང་འཆམ་རྒྱག་སྟངས་དང་རྦད་དེ་ལྡོག་ཕྱོགས་ཡིན་ནོ།།
རྩོམ་སྒྲིག་པ། མཁའ་བྱམས་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།