中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རིག་གནས་སློབ་གསོ། > བོད་ཀྱི་རིག་གནས། >
༄༅།། རྣམ་བཅུ་དབང་ལྡན་གྱི་དགོས་དོན་དང་དེའི་འགྲེལ་བ།
དུས་ཚོད།2017-09-27 11:23:10     རྩོམ་གྱི་ཡོང་ཁུངས། མ་ཎི་ཡ་ཐབས་ཀུན་ཕན་འཕྲིན་སྟེགས།    ཆུང་། | འབྲིང་། | ཆེ།
རྣམ་བཅུ་དབང་ལྡན་གྱི་དགོས་དོན་དང་དེའི་འགྲེལ་བ།

\

རྣམ་བཅུ་དབང་ལྡན།

རྣམ་བཅུ་དབང་ལྡན་ནི་ཁམས་གསུམ་འཇིག་རྟེན་སྣོད་བཅུད་ཐམས་ཅད་བསྡུས་པའམ་མཚོན་བྱེད་ཡིན་པས། གཙུག་ལག་ཁང་དང་ཁང་ཁྱིམ་གྱི་རྩེར་བཏགས་པས་ས་དཔྱད་ངན་པ་གནོན། གཟའ་སྐར་ངན་པའི་གནོད་པ་སྲུང་། ཁྱིམ་དུ་འཆང་ན་རྐྱེན་ངན་དང་བར་ཆད་བཟློག་ནས་དགེ་ཞིང་བཀྲ་ཤིས་པར་བྱེད་པར་གསུངས་སོ།།

\

རྒྱས་འགྲེལ།
དཔལ་ལྡན་དུས་ཀྱི་འཁོར་ལོའི་སྣོད་བཅུད་ཕྱི་ནང་གཞན་གསུམ་གྱི་སྙིང་པོ་གཅིག་ཏུ་བསྡུས་པའི་ལཉྫའི་ཡེ་གེ་ཧཀྵམལཝརཡཾབཅས་ཡི་གེ་བདུན་དང་ཡི་གེ་གཟུགས་འགྱུར་བ་ལས་སྣ་ལྡན་ནམ་ཟླ་ཚེས། ཐིག་ལེ། སྲོག་ཡིག་ཨ་མཚོན་པའི་ནཱ་ད་དང་བཅས་པའི་ཡི་གེ་བཅུ་བརྩེགས་མར་གནས་པ་སྣ་ཚོགས་པདྨའི་གདན་བཞི་དང་བཅས་པ་སྟེ། དེའི་རིམ་པ་སྣ་ཚོགས་པདྨའི་སྟེང་དུ་ཟླ་བ་དཀར་པོ། ཉི་མ་དམར་པོ། སྒྲ་གཅན་སྔོན་པོ། དུས་མེ་སེར་པོ་བཅས་ཀྱི་གདན་བཞིར་བྱུང་བ་རིམ་བརྩེགས་ཀྱི་རང་མདོག་སྟེ།

ཡ(sa)རླུང་གི་ས་བོན་ཡ་ནག་པོ།(འདི་ལ་ལྗངས་ཁུ་ཞེས་ཀྱང་གསུངས།)
ར(ra)མེའི་ས་བོན་ར་དམར་པོ།
ཝ(wa)ཆུ་ཡི་ས་བོན་ཝ་དཀར་པོ།
ལ(la)སའི་ས་བོན་ལ་སེར་པོ།
མ(ma) མ་འདོད་ཁམས་འདོད་ཡོན་ལྔ་མཚོན་བྱེད་ཁ་དོག་ལྔ་ལྡན་ནམ་བརྟན་པ་རི་རྒྱལ་གྱི་ས་བོན་ཕྱོགས་མདོག་སྟེ་ཤར་ནག ལྷོ་དམར། བྱང་དཀར། ནུབ་སེར། དབུས་ལྗངས་གུའོ།།
ཀྵ(ksh)གཡོ་བ་འདོད་གཟུགས་དང་སྣ་ཚོགས་པདྨའི་ས་བོན་ཀྵ་ལྗང་གུ།(དཀར་པོར་ཡང་གསུངས།)
ཧ(ha)གཟུགས་མེད་བཞི་ནི་ས་བོན་ཧ་མགོ་བོ་དང་བཅས་པ་སྔོན་པོ་ཟླ་ཚེས་ལྔ་ལྡན་སྲོག ཟླ་བའི་ས་བོན་དཀར་པོ། ཐིག་ལེ་རོ་ཉི་མའི་ས་བོན་དམར་པོ།
ནཱ་ད(na da)ནཱ་ད་ནམ་མཁའི་ས་བོན་སྔོན་པོས་མཚན་པའོ།།
ཡརལཝ(ya ra la wa)ཡང་རྟེན་གཞལ་ཡས་ཁང་གི་འོག་གཞི་རླུང་མེ་ཆུ་སའི་དཀྱིལ་འཁོར་བཞི་ཡ་ར་ལ་ཝ། རི་རབ་གཞལ་ཡས་ཁང་བཅས་པ་མ། བརྟེན་པ་སྐུ་གསུང་ཐུགས་ཀྱི་ལྷ་རྣམས་ཀྵ། ཐུགས་དཀྱིལ་གྱི་ལྷ་རྣམས་ཧ། བདེ་ཆེན་འཁོར་ལོའི་ལྷའི་སྐུ་གསུང་ཐུགས་ཟླ་ཚེས་ཐིག་ལེ་ནཱ་ད་སྟེ་བརྟེན་པའི་ལྷ་ཚོགས་མཚོན་པར་བྱེད་པ་སོགས་དཔག་མེད་འབྱུང་ཞིང་འདི་ནི་ཁམས་གསུམ་འཇིག་རྟེན་སྣོད་བཅུད་ཐམས་ཅད་བསྡུས་པའམ་མཚོན་བྱེད་ཡིན་པས། གཙུག་ལག་དང་ཁང་ཁྱིམ་གྱི་རྩེར་བཏགས་པས་ས་དཔྱད་ངན་པ་གནོན། གཟའ་སྐར་ངན་པའི་གནོད་པ་སྲུང་། ཁྱིམ་དུ་འཆང་ན་རྐྱེན་ངན་དང་བར་ཆད་བཟློག་ནས་དགེ་ཞིང་བཀྲ་ཤིས་པར་བྱེད་པར་གསུངས་སོ། །
\
གཞན་གྱིས་དགེ་བ་བྱེད་པ་ཐོས་པའི་ཚེ།།
དེ་ལ་ཕྲག་དོག་མི་དགེའི་སེམས་སྤངས་ནས།།
སྙིང་ནས་དགའ་བས་རྗེས་སུ་ཡི་རང་ན།།
དེ་ཡི་བསོད་ནམས་མཉམ་དུ་ཐོབ་པར་གསུངས།།
 རྩོམ་སྒྲིག་པ། རྡོ་རྗེ་བཀྲ་ཤིས།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།