中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རིག་གནས་སློབ་གསོ། > བོད་ཀྱི་རིག་གནས། >
༄༅།། འབྲོག་པའི་ཚེ་ཐར།
དུས་ཚོད།2016-08-12 09:09:04     རྩོམ་གྱི་ཡོང་ཁུངས།<<ནམ་མཁའི་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས>>    ཆུང་། | འབྲིང་། | ཆེ།
     
 
      འབྲོག་པའི་སྒོ་ཕྱུགས་ཀྱི་ནང་དུ“ཚེ་ཐར”ཞེས་བྱ་བའི་འབྲི་གཡག་དང་ལུག་སོགས་རྣ་ཚར་ལྡན་པ་མང་དུ་ཡོད་འདུག་ཅིང་། དེ་དག་ནི་སྲོག་འཕྲོག་པའི་འཇིགས་པ་ལས་ཐར་བའི་སྒོ་ནོར་དག་ཡིན། དེ་ཡང་འབྲོག་མི་ཚོས་ནམ་རྒྱུན་དུ་ཚེ་རིང་བོ་འབྱུང་བའི་ཆེད་དུ་སྒོ་ཕྱུགས་མང་བོ་ཚེ་ཐར་གཏོང་སྲོལ་ཡོད་་པ་དང་། ཁྱད་པར་ནང་མི་འགའ་ཞིག་གི་ཚེ་ལ་བར་ཆད་འབྱུང་ཉེན་ཆེ་བས་ན་ཚེ་སོགས་བྱུང་བའི་ཚེ་སྒོ་ཕྱུགས་དུ་མ་ཚེ་ཐར་གཏོང་སྲོལ་ཡོད། ཚེ་ཐར་གཏོང་ཚུལ་ནི། གཡག་དང་ལུག་སོགས་ཚེ་ཐར་གཏང་བ་གང་ཡིན་དེ་རང་རང་གི་བླ་མཆོད་ཀྱི་དྲུང་དུ་ཁྲིད་དེ་ཚེ་ཐར་གནང་རོགས་ཞེས་ཞུ་དགོས་ཞིང་། བླ་མཆོད་དེས་མགོན་པོ་ཚེ་དཔག་མེད་ཀྱི་མཚན་གཟུངས་དུད་འགྲོ་དེའི་རྣ་བར་བསྒྲགས་ཏེ། དུས་དེ་ནས་བཟུང་སེམས་ཅན་དེ་སྲོག་འཕྲོག་པའི་འཇིགས་པ་ལས་གྲོལ་བ་ཡིན་པ་དང་། དེའི་བདེན་མཐུ་ལ་བརྟེན་ཏེ་སྦྱིན་པའི་བདག་པོའི་ཚེ་གེགས་ཀྱི་བར་ཆད་མཐའ་དག་ཞི་ཞིང་། ཚེ་བསོད་རྒྱས་པ་དང་། སྦྱིན་བདག་དང་དུད་འགྲོ་བཅས་མཐར་ཐུག་མངོན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་འཐོབ་པའི་སྨོན་ལམ་དང་ཤིས་བརྗོད་མང་དུ་མཛད་མཐར“ཚེ་སྐུད”ཅེས་པ་རས་སྣའམ་བལ་སྐུད་གང་རུང་ཚོན་དམར་ཅན་གྱི་རྣ་ཚར་ཞིག་གནང་།
      སྦྱིན་བདག་དེས་རྣ་ཚར་དེ་དག་ཚེ་ཐར་ཀྱི་རྣ་བ་གཡས་གཡོན་དུ་འདོགས་ཀྱིན་ཡོད། སྒོ་ཕྱུགས་གང་ཞིག་ཚེ་ཐར་བཏང་ཟིན་པའི་རྗེས་སུ་སྦྱིན་བདག་དེ་ལ་འཚོ་བའི་ཐོག་གི་དཀའ་ངལ་ཅི་འདྲ་ཞིག་བྱུང་ནའང་གསོད་སྲོལ་མེད་པ་མ་ཟད་གཡག་ཡིན་ན་ལོ་ན་རྒན་པའི་དུས་སུ་དོས་མི་འགེལ་ཞིང་།“ཚེ་གཡོག”ཅེས་པ་ཚེ་ཐར་གྱི་རིགས་རྣམས་ལ་དམིགས་བསལ་གྱིས་རྒན་གཡོག་བྱེད་ཀྱི་ཡོད།།
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།