中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རིག་གནས་སློབ་གསོ། > བོད་ཀྱི་རིག་གནས། >
༄༅།། བོད་ཀྱི་འབྲོག་ཁྱིའི་ཡོང་ཁུངས་སྐོར་ངོ་སྤྲོད་རགས་བསྡུས་བྱེད་པ།
དུས་ཚོད།2016-09-09 15:54:52     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ།    ཆུང་། | འབྲིང་། | ཆེ།
     
 
      བོད་ཀྱི་འབྲོག་ཁྱི་ནི་གཙོ་ཆེར་མཚོ་བོད་མཐོ་སྒང་དུ་གནས་བཅས་པ་དང་། དེ་ནི་འཛམ་གླིང་དུ་ཆེས་སྔ་བའི་ཁྱིའི་རིགས་རྒྱུད་ཆེན་པོ་ཞིག་ཏུ་བརྩིས་ཤིང་། ཞིབ་འཇུག་པ་ཁ་ཤས་ཤིག་གིས་བོད་ཀྱི་འབྲོག་ཁྱི་ནི་ཡོ་རོབ་ས་ཁུལ་གྱི་ཁྱི་རྒྱུད་ཆེན་པོ་གང་མང་གི་མེས་པོ་ཡིན་པར་འདོད།
      དེ་ཡང་འབྲེལ་ཡོད་དཔྱད་ཡིག་གང་མང་ཡོད་ནའང་ཆེས་ཕྲ་ཞིང་ཞིབ་པ་དང་ཆ་ཚང་བའི་དཔྱད་ཡིག་ཅིག་ད་དུང་དཀོན་པར་སྣང་། སྤྱི་ལོ་སྔོན་གྱི1100ལོར་བཀོད་པའི་ཆེས་སྔ་བའི་ཁུངས་སྐྱེལ་དང་ཚན་རིག་གི་ཞིབ་འགོད་ལྟར་ན། ཧ་ལམ་རྡོ་ཆས་ཀྱི་དུས་དང་ལི་ཆས་ཀྱི་དུས་རབས་སུ་འབྲོག་ཁྱི་བྱུང་བར་གྲགས།
      ཐོག་དང་བོའི་འབྲེལ་ཡོད་ཁྱིའི་གཞུང་དཔེ་ནི1873ལོར་བརྩམས་པ་དང་དེར་རིགས4027འདུས་ཤིང་། དེའི་ནང་བཀོད་པ་ལྟར་ན། བོད་དུ་ཆེས་ཆེ་བའི་ཁྱིའི་རིགས་རྒྱུད་ལ་འབྲོག་ཁྱི་ཞེས་གསོལ་བ་དང་། དེ་ནས་བཟུང་འབྲོག་ཁྱི་ཁ་ཤས་ཤིག་དབྱིན་ཇི་དང་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་ཏུ་དྲངས་པ་རེད།
        འབྲོག་ཁྱིའི་སྐད་གདངས་ནི་སེང་གེ་ལྟར་མཐོ་ཞིང་དྲག་པ་དང་བོང་བུའི་གཟུགས་ཚད་དང་མཉམ་ཞེས་ཐོག་དང་བོར་འབྲོག་ཁྱི་ཡོ་རོབ་ལ་མཚམས་སྦྱོར་གནང་མཁན་མཱ་ཁུ་ཕོ་ལོས་དེ་ལྟར་གསུངས། གང་ལྟར། འབྲོག་ཁྱིའི་ཡོང་ཁུངས་ཐད་གཏམ་རྒྱུད་རིགས་གསུམ་ཡོད་ཅིང་། དེ་ལས་ཆེས་ཁྱབ་ཆེ་བའི་གཏམ་རྒྱུད་ནི་གནའ་སྔ་མོ་ཞིག་ནས་བྱུང་བ་ཡིན་ཏེ། སྐབས་དེར་བོད་མི་རྣམས་བདེ་སྐྱིད་འཚོ་བའི་དཔལ་ལ་རོལ་བའི་དུས་ཤིག་ཡིན་པ་དང་། ཉིན་ཞིག་གློ་བུར་དུ་ཆུ་ལོག་བྱུང་རྗེས་ས་གནས་ཡོངས་སུ་འཁྱགས་རོམ་དང་ཁ་བས་གཡོགས་ཤིང་། མི་རྣམས་ལྟོགས་སྐོམ་དང་རིམས་ནད། གྲང་ངར་ཆེ་བའི་གནམ་གཤིས་སོགས་ཀྱི་དཀའ་ངལ་མི་ཉུང་བར་འཕྲད་པའི་གནས་ཚུལ་འོག འབྲོག་ཁྱི་རྟ་བྱས་ནས་ལྷ་རྣམས་ཀྱིས་གནོད་འཚེ་ཐེབས་མཁན་དེ་དག་སྐྱབས་པར་བརྟེན། འབྲོག་ཁྱི་ནི་ལྷ་ཡུལ་ནས་བཏང་བའི་ཕོ་ཉ་ཡིན་པར་བསམ་ཏེ་བོད་པ་རྣམས་ཀྱིས་ཤིན་ཏུ་བརྩེ་ཞིང་བྱམས་པ་ཡིན།
       གཏམ་རྒྱུད་གཉིས་པ་ནི། གནའ་སྔ་མོའི་དུས་སུ། རྔོན་པ་ཞིག་ལམ་བར་དུ་གཅན་གཟན་གཟིག་ལ་འཕྲད་དེ་ཅི་བྱ་གཏོལ་མེད་དུ་གྱུར་པའི་སྐབས་སུ་ལྷ་ཡུལ་ལས་དྲངས་པའི་ཁྱི་ཆེན་པོ་ཞིག་གིས་ཁོ་སྐྱབས་པར་བརྟེན། རྔོན་པས་ཁྱི་དེ་ལ་འབྲོག་ཁྱི་ཞེས་གསོལ།
     གཏམ་རྒྱུད་གསུམ་པ་ནི། ཀན་སུའུ་ཞིང་ཆེན་ལུང་ཞི་རྫོང་ཁུངས་སུ་སྤྱང་ཀི་མང་བོ་ཡོད་ཅིང་། གཞོན་ནུ་ཞིག་གིས་རང་ཉིད་བློས་བཏང་སྟེ་སྤྱང་ཀི་རྣམས་རྩ་མེད་དུ་བཟོ་བར་ལྷ་རྣམས་ཀྱང་ཡིད་སེམས་བཀུག་སྟེ་མཐར་ཁོ་ལ་ཁྱི་ཕྲུག་མོ་ཁྱི་ཞིག་གནང་བ་དང་། དེས་ཀྱང་ཁྱི་ཕྲུག9སྐྱེ་ནས་མཐར་ཁྱི་ཕྲུག་གཅིག་ལས་གསོན་མ་ཐུབ་ནའང་ཁྱི་ཕྲུག་གཅིག་པུས་སྤྱང་ཀི་ཡོད་ཚད་ཕམ་པར་བརྒྱབ་སྟབས་བདག་པོས་དེ་ལ་འབྲོག་ཁྱི་ཞེས་གསོལ་བ་རེད།
        བོད་ཀྱི་འབྲོག་ཁྱི་ལ་སྤུ་མཐུག་པོ་ཡོད་ཅིང་དགུན་དུས་ཀྱི་གྲང་ངར་ལས་སྲུང་ནུས་པས་འཁྱགས་རོམ་དང་གངས་སོགས་ལས་གང་བདེར་གཉིད་ཐུབ་པ་དང་། མི་རྒྱུས་མེད་མཐོང་དུས་ནམ་ཡང་གདུག་རྩུབ་ཆེ་ཞིང་ཞེ་སྡང་དྲག་ཏུ་ལངས་ལ། རང་གི་བདག་པོར་ཤིན་ཏུ་བློ་དཀར་ཞིང་བརྩེ་སེམས་ཆགས་པ་ཡིན། འབྲོག་ཁྱི་གཅིག་གིས་ལུག་ཁྱུ་བརྒྱ་ཕྲག་ལ་ལྟ་རྟོག་དང་སྤྱང་ཀི་གསུམ་ལ་འཐབ་རེས་བྱེད་ཐུབ་པ་ཡིན།།
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།