中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རིག་གནས་སློབ་གསོ། > རང་སའི་རིག་གནས། >
༄༅།། ཀླུ་ཆུ་རྫོང་གི་ཚོ་བ་ཤོག་པ།
དུས་ཚོད།2015-11-10 11:42:29     རྩོམ་གྱི་ཡོང་ཁུངས།མདོ་ལྷོ་དྲ་བ།     ཆུང་། | འབྲིང་། | ཆེ།
                                              རྩོམ་སྒྲིག་པ། དངོས་སྦྱོང་སློབ་མ། བཀྲ་ཤིས་ཚེ་རིང་།
    དེ་ཡང་ཡུལ་ཁོངས་སུ་ལྷ་རི་མཐོན་པོ་ཀླུའི་ཆབ་བྲག་ནས་མཆེད་པའི་ཀླུ་ཆབ་སྔོན་པོ་འབབ་པས་ཀླུ་ཆུ་ཞེས་ཆུ་མིང་ཡུལ་མིང་དུ་ཐོགས་པ་ཡིན་ལ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལྷོ་ནུབ་ཕྱོགས་སུ་གནས་ཤིང་། ཤར་དུ་ཅོ་ནེ་དང་། བྱང་དུ་བསང་ཆུ། ལྷོ་ནུབ་དུ་རྨ་ཆུ། ནུབ་ཏུ་མཚོ་སྔོན་ཞིང་ཆེན་གྱི་རྨ་ལྷོ་སོག་རིགས་རང་སྐྱོང་ཁུལ། ལྷོར་སི་ཁྲོན་མཛོད་དགེ་བཅས་དང་ཡུལ་མཚམས་འདྲེས། རྫོང་འདིར་ཤང་ཁག་བདུན་དང་མི་གྲངས་སུམ་ཁྲིར་ཉེ་བ་མངའ་ཞིང་མི་གྲངས་ཡོངས་ཀྱི་བརྒྱ་ཆ་བརྒྱད་ཅུ་ཡན་བོད་རིགས་ཡིན། རྫོང་ཡོངས་ཀྱི་ཆ་སྙོམས་མཚོ་ངོས་མཐོ་ཚད་སྨི་སུམ་སྟོང་ནས་བཞི་སྟོང་བར་ཡིན་པས་ས་མཐོ་ཞིང་རྩྭ་ཆུ་ལེགས་པས་དགེ་བཅུ་ཚང་བ་དང་ཐོན་ཁུངས་ཕུན་སུམ་ཚོགས་པ་མངའ་བའི་ས་ཆ་ཞིག་ཡིན་ནོ།། 
\
     ཡུལ་དེའི་ལོ་རྒྱུས་བཤད་པ་ལ། གདོད་མའི་བོད་ཀྱི་ལོ་རྒྱུས་ཞེས་བྱ་བ་རུ། གནའ་དུས་སུ་བོད་ཀྱི་གདུང་རྒྱུད་ཆཱང་གི་རྒྱུད་པ་རྣམས་ཀླུ་ཆུའི་འབབ་ཡུལ་དུ་འཚོ་ཞིང་གནས། ། དེའི་རྗེས་སྤུ་རྒྱལ་གྱི་གདུང་རྒྱུད་ལས་མཆེད་པའི་ཇོ་སྲས་ཀྱིས་མཚོ་སྔོན་ནས་གཞི་བཟུང་སྟེ་ཙོང་ཁའི་ཡུལ་ཆེན་བཅོ་བརྒྱད་དང་མདོ་སྨད་ཀྱི་ཡུལ་ཕལ་མོ་ཆེ་དབང་བསྒྱུར། དེའི་རྗེས་ས་སྐྱ་གོང་མ་རིམ་པར་བྱོན་པའི་མངའ་ཞབས་སུ་གཏོགས་པར་གྱུར། བོད་ཀྱི་རུས་ཆེན་བཞིའི་ནང་ཚན་གདོང་གི་རུས་སུ་གཏོགས་པའི་ལྡོང་ཚ་ཆེན་བཅོ་བརྒྱད་ལས་ཟམ་ཚ་དང་།   ཨ་ལ། སྒྱིས་ཚང་སོགས་ཚོ་བ་ཤོག་པ་རྣམས་མཆེད་པར་གསུངས་སོ།།
   ད་ལྟ་ཀླུ་ཆུ་རྫོང་ཁོངས་སུ་ཤང་ཁག་བདུན་དང་། སྒྱིས་ཚང་ནགས་རིང་དང་། ཨ་ལ། ཟམ་ཚ། ཆོས་འཁོར་སོགས་ཚོ་ཕྲན་ཉེར་བཞི་མངའོ།།

 

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།