༄༅།། རྗེ་བཙུན་འཇམ་དབྱངས་རྒྱ་མཚོའི་བཀའ་སློབ་ཕྱོགས་བསྡུས། - གཞན་དག - མདོ་ལྷོ་དྲ་བ།-甘南香巴拉在线
  中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཆོས་ལུགས། > གཞན་དག >
༄༅།། རྗེ་བཙུན་འཇམ་དབྱངས་རྒྱ་མཚོའི་བཀའ་སློབ་ཕྱོགས་བསྡུས།
དུས་ཚོད།2019-02-15 11:40:38     རྩོམ་གྱི་ཡོང་ཁུངས། ཙོང་ཁའི་གཟི་འོད།     ཆུང་། | འབྲིང་། | ཆེ།
      ང་རང་ལོ་བརྒྱད་ཀྱི་སྟེང་གྲྭ་བ་བྱས་པ་ཡིན།  དེ་ནས་ད་ལོར་ལོ་བརྒྱད་ཅུ་ལོན་ཡང་ཤེས་ན་མི་ཤེས་ན་དཔེ་ཆ་ལ་མ་བལྟས་པའི་ཉིན་གཅིག་ཀྱང་མེད།

  འདི་ནི་༢༠༡༢ལོའི་ལོར་ཁོང་གི་འཁྲུངས་ཡུལ་ཁོ་ཚེ་ནས་དུས་འཁོར་དབང་མོ་ཆེ་གནང་སྐབས་སུ་གསུངས།
         ད་སྐབས་རྒྱུད་གྲྭ་བསྐྱུར་ནས་མཚན་ཉིད་འཛུགས་ཀོ་ས་ཡང་ཡོད་གི   སྤྱིར་ན་མཚན་ཉིད་བཙུགས་པ་དེ་བྱ་བ་ཡག་པ་རེད་མོད།འོན་ཀྱང་རྒྱུད་གྲྭ་བསྐྱུར་ནས་མཚན་ཉིད་བཙུགས་ན་དེ་ཡག་པ་ཞིག་ཡིན་མིན་མི་ཤེས།མཚན་ཉིད་འདི་དུས་ཡུན་ཐུང་ངུ་ཞིག་གི་ནང་ལ་མི་ཡོང་།ལྷག་པར་དགེ་བཤེས་ཉན་དགོས་ན་མི་ཚེ་གཅིག་ལ་དཔེ་ཆར་བལྟས་ཀྱང་དེ་ཁོ་ནས་མི་ཡོང་།དེ་ལ་བསོད་ནམས་ངེས་ཅན་ཞིག་དགོས།  དེའི་རྒྱུ་མཚན་གྱིས་རྒྱུད་གྲྭ་ཞིག་གི་ངོས་ནས་རྒྱུད་གྲྭའི་ཆོ་ག་ཕྱག་ལེན་འདི་མི་ཉམས་པར་གོང་འཕེལ་གཏོང་རྒྱུ་དེ་ཧ་ཅང་གལ་ཆེན་རེད། དེ་མ་གཏོགས་མཐའ་མར་རྒྱུད་གྲྭ་རྒྱུད་གྲྭ་ཉམས།མཚན་ཉིད་མཚན་ཉིད་ཅང་མ་རིག་ན་དོན་དག་མ་འཁྱོངས་ནི་རེད།

༢༠༡༧ལོའི་ཧོར་ཟླ་༦པ་ཕྱི་མའི་ཚེས་༢༨ཉིན་ཁ་གྱ་སྨད་དགོན་དུ་འཇིགས་བྱེད་དཔའ་བོ་གཅིག་པའི་དབང་གནང་སྐབས་སུ་གསུངས།

        ལམ་སྔགས་གཉིས་ཀ་པོ་ཏི་གཅིག་ལྟ་བུར་སྒོམ་ནས་དབུ་སྔས་སུ་བཞག་སྟེ་བསྟན་པ་ཡོངས་རྫོགས་ལ་མཇལ་ཐུབ་པའི་སྨོན་ལམ་རེ་འདེབས་པ་གལ་ཆེ།  མི་ཚེ་ཐུང་ཐུང་ཡིན་པས་འདང་རིང་བ་མ་རྒྱག   འདང་རིང་བ་བརྒྱབ་པས་ཕན་མི་ཐོགས།
       ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་དང་བསྟེན་ནས་བློ་ཇི་ལྟར་སྦྱོང་བའི་རིམ་པ་ནི་དཔེར་ན་ཁལ་ལྟ་བུའི་སྐབས་སུ་དོ་ཡ་འདྲ་བོ་ཡིན་པར་གསུངས།

        ལམ་རིམ་ལྟ་བུར་མཇལ་ཏེ་བློ་གང་ཐུབ་ཀྱིས་སྦྱོང་དགོས་ལ།ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་མཉམ་དུ་སྦྱོང་དགོས།དེ་མ་ཡིན་པར་ད་རུང་དྲག་གི་སྙམ་ནས་ཐོས་བསམ་ཉུང་ཙམ་གྱིས་ཆོག་ཤེས་བསྟེན་མི་རུང་སྟེ།འཆི་བདག་གིས་གནང་བ་གཏན་ནས་མི་སྟེར།

        སྐྱབས་འགྲོ་དང་ལས་འབྲས།  ཐེག་ཆེན་ཐེག་དམན་ཚང་མ་ཉན་པས་མི་ཆོག་པར་སྒོམ་དགོས། སྒོམ་པ་ཙམ་གྱིས་ཀྱང་མི་ཆོག  མཐར་ཕྱིན་པར་བྱ་དགོས།  ཐོས་བསམ་སྒོམ་གསུམ་བྱས་ནས་སངས་རྒྱས་དགོས་པ་རེད་མ་གཏོགས་ཁ་བཏོན་མུག་མུག་བྱས་པ་ཙམ་གྱིས་འཚང་རྒྱ་མི་ཐུབ། ཁ་བཏོན་བྱས་ན་དགེ་བ་ཆུང་ཆུང་ཞིག་ཡོད་སྲིད་ཀྱང་ཐོས་བསམ་སྒོམ་གསུམ་བྱས་པ་ལྟ་བུའི་ཕན་ཡོན་མེད།

        བཀའ་ཇི་ལྟ་བ་བཞིན་སྒྲུབ་པ་ལས་ལྷག་པའི་བླ་མ་མཉེས་པའི་མཆོད་པ་ཞིག་མེད།

  གོང་གི་གསུང་ཚན་དག་ཁོང་རིན་པོ་ཆེས་ལམ་རིམ་བསྡུས་དོན་གྱི་ཁྲིད་གནང་སྐབས་སུ་གསུངས།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།