中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > བཅའ་ཁྲིམས་ཁྲིམས་སྲོལ། > རྒྱལ་ཁབ་ཀྱི་བཅའ་ཁྲིམས། >
༄༅།།རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས།
དུས་ཚོད།2016-12-07 15:19:16     རྩོམ་གྱི་ཡོང་ཁུངས། ཐེམ་ཆེན་བོད་ཡིག་དྲ་བ།    ཆུང་། | འབྲིང་། | ཆེ།
 ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་ལག་བསྟར་ཞིབ་ཕྲའི་སྒྲིག་སྲོལ།
  ༼ལེ་ཚན་གདམ་བཀོད༽
 
  ༼1994ལོའི་ཟླ5པའི་ཚེས10ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཨང157པ་ཁྱབ་བསྒྲགས་བྱས་ཤིང་། ཁྱབ་བསྒྲགས་བྱས་པའི་ཉིན་ནས་བཟུང་ལག་བསྟར་བྱེད་དགོས། ༽
 
  ལེའུ་དང་པོ། སྤྱིའི་རྩ་དོན།
 
  དོན་ཚན་དང་པོ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས》༼འོག་ནས་《རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》ཞེས་མིང་དུ་བསྡུས་ཡོད༽ལྟར། ལག་བསྟར་ཞིབ་ཕྲའི་སྒྲིག་སྲོལ་འདི་གཏན་ལ་ཕབ་པ་ཡིན།
 
  དོན་ཚན་གསུམ་པ། 《རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》ལས་མངའ་ཁོངས་ཕྱིའི་ལས་ཁུངས་དང་རྩ་འཛུགས་ཞེས་བརྗོད་ཡོད་པ་དེའི་ནང་དུ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ནང་བཙུགས་པའི་མངའ་ཁོངས་ཕྱིའི་ལས་ཁུངས་དང་རྩ་འཛུགས་ཀྱི་ཡན་ལག་༼འཐུས་མི༽ལས་ཁུངས་དང་ཡན་ལག་རྩ་འཛུགས་བཅས་འདུས་ཡོད། མངའ་ཁོངས་ཕྱིའི་མི་སྒེར་ཟེར་བ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ནང་དུ་བསྡད་ཡོད་ཀྱང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་མི་མིན་པའི་མི་ལ་བསྟན་པ་ཡིན།
 
  དོན་ཚན་བཞི་བ། 《རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》ནང་དུ་བཀོད་པའི་གསང་མྱུལ་རྩ་འཛུགས་ཀྱི་ཚབ་བྱེད་པ་ཟེར་བ་ནི། གསང་མྱུལ་རྩ་འཛུགས་དང་ཡང་ན་དེའི་ཁོངས་མི་ངན་སྐུལ་དང་མངགས་བཅོལ། རྒྱུ་དངོས་ཀྱི་རོགས་བྱས་པ་དང་ཡང་ན་མི་གཞན་པར་ལྐོག་བཀོད་བཏང་བ་དང་ངན་སྐུལ་བྱས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་ལ་གནོད་སྐྱོན་བྱ་འགུལ་སྤེལ་མཁན་གྱི་མི་ལ་བསྟན་པ་ཡིན། གསང་མྱུལ་རྩ་འཛུགས་དང་གསང་མྱུལ་རྩ་འཛུགས་ཀྱི་ཚབ་བྱེད་མི་སྣ་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་པུའུ༼འོག་ནས་རྒྱལ་ཁབ་བདེ་འཇགས་པུའུ་ཞེས་བསྡུས་ཡོད༽ཡིས་ངོས་འཛིན་དགོས།
 
  དོན་ཚན་ལྔ་བ། 《རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》ནང་བཀོད་པའི་དགྲར་འཛིན་རྩ་འཛུགས་ནི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་སྲིད་དབང་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་དགྲར་འཛིན་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་གཏོང་བའི་རྩ་འཛུགས་ལ་བསྟན་པ་ཡིན། དགྲར་འཛིན་རྩ་འཛུགས་དེ་རྒྱལ་ཁབ་བདེ་འཇགས་པུའུ་དང་ཡང་ན་སྤྱི་བདེ་པུའུ་ཡིས་ངོས་མཐའ་འཛིན་དགོས།
 
  དོན་ཚན་དྲུག་པ། 《རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་བཞི་བའི་ནང་དུ་བཀོད་པའི་རྒྱུ་དངོས་རོགས་བྱས་པ་ཟེར་བ་ནི། རྒྱལ་ཁབ་བདེ་འཇགས་ལ་གནོད་སྐྱོན་གཏོང་བའི་བྱ་སྤྱོད་སྒྲུབ་པ་དང་། མངའ་ཁོངས་ཕྱིའི་ལས་ཁུངས་དང་རྩ་འཛུགས། མི་སྒེར་བཅས་ཀྱི་གཤམ་གསལ་བྱ་སྤྱོད་བསྟན་པ་ཡིན་ཏེ།
 
  ༼གཅིག༽ རྒྱལ་ཁབ་བདེ་འཇགས་ལ་གནོད་སྐྱོན་བྱ་སྤྱོད་ཡོད་པའི་མངའ་ཁོངས་ནང་གི་རྩ་འཛུགས་དང་མི་སྒེར་ལ་འགྲོ་གྲོན་དང་སྒྲུབ་གནས། རྒྱུ་ནོར་བཅས་འདོན་སྤྲོད་བྱེད་པ།
 
  ༼གཉིས༽ མངའ་ཁོངས་ནང་གི་རྩ་འཛུགས་དང་མི་སྒེར་ལ་རྒྱལ་ཁབ་བདེ་འཇགས་ལ་གནོད་སྐྱོན་གཏོང་བའི་བྱ་འགུལ་ཐད་སྤྱོད་པའི་འགྲོ་གྲོན་དང་སྒྲུབ་གནས། རྒྱུ་ནོར་བཅས་འདོན་སྤྲོད་བྱེད་པ།
 
  དོན་ཚན་བརྒྱད་པ། གཤམ་གསལ་གྱི་བྱ་སྤྱོད་ནི་《རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་བཞི་བའི་ནང་དུ་བཀོད་པའི་རྒྱལ་ཁབ་བདེ་འཇགས་ལ་གནོད་སྐྱོན་གཏོང་བའི་གཏོར་བརླག་བྱ་འགུལ་གཞན་པའི་གྲས་སུ་གཏོགས་ཡོད་པ་སྟེ། ༼གཅིག༽ རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་གཏོང་བའི་འཇིགས་སྐུལ་གྱི་བྱ་འགུལ་རྩ་འཛུགས་དང་ཇུས་འགོད་བྱེད་པ་དང་ཡང་ན་ལག་ལེན་བྱེད་པ།
 
  ༼གཉིས༽ དོན་དངོས་རྫུན་བཟོ་དང་འཁྱོག་བཤད་བྱེད་པ་དང་། ཡི་གེ་འགྲེམ་སྤེལ་དང་འཆལ་གཏམ་སྤེལ་བ། ཡང་ན་སྒྲ་ཕབ་བརྙན་འཕྲིན་བཟོ་བ་དང་སྒྲོག་སྤེལ་བྱས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་གཏོང་བ།
 
  ༼གསུམ༽ སྤྱི་ཚོགས་ཚོགས་པ་དང་ཡང་ན་ཁེ་དོན་ལས་རྩ་འཛུགས་འཛུགས་པའི་གོ་སྐབས་སྤྱད་དེ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་གཏོང་བའི་བྱ་འགུལ་སྒྲུབ་པ།
 
  ༼བཞི༽ ཆོས་ལུགས་བེད་སྤྱད་དེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ གནོད་སྐྱོན་གཏོང་བའི་བྱ་འགུལ་སྒྲུབ་པ།
 
  ༼ལྔ༽ མི་རིགས་བར་རྩོད་གླེང་བཟོ་བ་དང་མི་རིགས་ཁ་བྲལ་ངན་སྐུལ་བྱས་ཏེ། རྒྱལ་ཁབ་བདེ་འཇགས་ལ་གནོད་སྐྱོན་གཏོང་བ།༼དྲུག༽ མངའ་ཁོངས་ཕྱིའི་མི་སྒེར་གྱིས་འབྲེལ་ཡོད་ཀྱི་གཏན་འབེབ་དང་འགལ་ཏེ། ཁ་ཏ་ལ་མི་ཉན་པ་དང་། མངའ་ཁོངས་ནང་རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེའི་བྱ་སྤྱོད་ཡོད་པ་དང་ཡང་ན་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེའི་བྱ་སྤྱོད་ལྡན་ཞིང་དོགས་པ་ཆེན་པོ་ཡོད་པའི་མི་ལ་རང་དགར་གྱིས་ངོ་གཏུག་པ་བཅས་སོ། །
 
  ལེའུ་གསུམ་པ། སྤྱི་དམངས་དང་རྩ་འཛུགས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་འོས་འགན་དང་དབང་ཆ།
 
  དོན་ཚན་བཅོ་བརྒྱད་པ། གཤམ་གྱི་གནས་ཚུལ་རིགས་ཡོད་ཚེ་《རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བའི་ནང་བཀོད་པའི་བྱས་རྗེས་གལ་ཆེན་གྱི་གྲས་སུ་གཏོགས་པ་སྟེ།
 
  ༼གཅིག༽ རྒྱལ་ཁབ་བདེ་འཇགས་ལས་ཁུངས་ལ་ཁུངས་སྣེ་གལ་ཆེན་འདོན་སྤྲོད་བྱས་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་ཚབས་ཆེན་བཟོས་པའི་གཏོར་བརླག་གི་ཉེས་བསགས་གྱོད་གཞི་རྟོགས་པ།
 
  ༼གཉིས༽ རྒྱལ་ཁབ་བདེ་འཇགས་ལས་ཁུངས་ལ་གནས་ཚུལ་གལ་ཆེན་འདོན་སྤྲོད་བྱས་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་ཚབས་ཆེན་བཟོས་པའི་བྱ་སྤྱོད་འབྱུང་བར་དོགས་ཟོན་དང་བཀག་འགོག་བྱེད་པ།
 
  ༼གསུམ༽ རྒྱལ་ཁབ་བདེ་འཇགས་ལས་ཁུངས་ལ་གཞོགས་འདེགས་དམ་པོ་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་བྱ་བའི་ལས་འགན་ལག་ལེན་བྱེད་སྐབས། སྒྲུབ་སྟངས་ལྷང་ངེ་བ།
 
  ༼བཞི༽ རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་ཆེད། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་གཏོང་བའི་ཉེས་ཅན་ལ་འཐབ་རྩོད་བྱས་སྐབས་སྒྲུབ་སྟངས་ལྷང་ངེ་བ།༼ལྔ༽ ལས་ཁུངས་རང་ཉིད་ཀྱི་མི་སྣར་སློབ་གསོ་དང་སྐུལ་སློང་། རྩ་འཛུགས་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་གནོད་སྐྱོན་གཏོང་བའི་བྱ་སྤྱོད་ལ་སྔོན་ཟོན་དང་བཀག་འགོག་བྱེད་པའི་བྱ་བའི་ཁྲོད་དུ། བྱས་རྗེས་མངོན་གསལ་བཞག་ཡོད་པ་བཅས་སོ། །
 
  ལེའུ་བཞི་བ། བཅའ་ཁྲིམས་ཀྱི་འགན་འཁྲི།
 
  དོན་ཚན་ཉེར་གསུམ་པ། གཤམ་གྱི་གནས་ཚུལ་རིགས་ཡོད་ཚེ་《རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་ཉེར་བཞི་བའི་ནང་བཀོད་པའི་བྱས་རྗེས་འཇོག་པའི་རྟགས་མཚོན་དུ་གཏོགས་པ་ཡིན་ཏེ།
 
  ༼གཅིག༽ རྒྱལ་ཁབ་བདེ་འཇགས་ལ་གནོད་སྐྱོན་གཏོང་བའི་ཉེས་ཅན་གཞན་པ་མཚང་བརྟོལ་དང་ཐེར་འདོན་བྱས་ཐོག་གནས་ཚུལ་བདེན་པ་ཡིན་པ།
 
  ༼གཉིས༽ ཁུངས་སྣེ་དང་བདེན་དཔང་གལ་ཆེན་འདོན་སྤྲོད་བྱས་ཐོག རྒྱལ་ཁབ་བདེ་འཇགས་ལ་གནོད་སྐྱོན་གཏོང་བའི་བྱ་སྤྱོད་རྟོགས་པ་དང་བཀག་འགོག་བྱས་ཡོད་པ།
 
  ༼གསུམ༽ རྒྱལ་ཁབ་བདེ་འཇགས་ལ་ལས་ཁུངས་དང་ཁྲིམས་འཛིན་ལས་ཁུངས་ལ་རོགས་བྱས་ཏེ་རྒྱལ་ཁབ་བདེ་འཇགས་ལ་གནོད་སྐྱོན་གཏོང་བའི་ཉེས་ཅན་པ་གཞན་པ་འཛིན་བཟུང་བྱས་པ།
 
༼བཞི༽ རྒྱལ་ཁབ་བདེ་འཇགས་ལས་ཁུངས་ལ་རོགས་བྱས་ཏེ་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་བྱེད་པའི་ཐད་ལ་ནུས་པ་གལ་ཆེན་ལྡན་པའི་བྱ་སྤྱོད་གཞན་པ། བྱས་རྗེས་གལ་ཆེན་བཞག་པའི་རྟགས་མཚོན་ནི། གོང་གི་ཚན་པ་ནང་བཀོད་པའི་བྱས་རྗེས་འཇོག་པའི་རྟགས་མཚོན་གྱི་ཁྱབ་ཁོངས་ནང་ནས་རྒྱལ་ཁབ་ཀྱི་བདེ་འཇགས་བྱ་བར་ནུས་པ་ཧ་ཅང་གལ་ཆེན་བཏོན་ཡོད་པར་དེར་བསྟན་པ་ཡིན་ནོ། །
རྩོམ་སྒྲིག་པ། མཁའ་བྱམས་ཚེ་རིང་།
 
 
 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།