ཉེ་ཆར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་པ་ལྟར་ན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཉེ་ཆར《ཞིབ་དཔྱོད་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ“སྡེ་བའི་བཙན་བདག”དང་ཆོས་ལུགས་ཀྱི་སྟོབས་ཤུགས་ངན་པས་ཉེས་པ་བསགས་པར་ཁྲིམས་ལྟར་ཆད་པ་གཅོད་པ་དང་སྡེ་བ་འཆམ་མཐུན་བརྟན་བརླིང་ཡོང་བར་ཧུར་བརྩོན་གྱིས་སྲུང་སྐྱོབ་བྱེད་པའི་སྐོར་གྱི་བསམ་འཆར》ཞེས་པ་དཔར་འགྲེམ་བྱས་ཏེ་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཞིབ་དཔྱོད་ལས་ཁུངས་ཀྱིས་མཐའ་གཅིག་ཏུ“སྡེ་བའི་བཙན་བདག”དང་ཆོས་ལུགས་ཀྱི་སྟོབས་ཤུགས་ངན་པས་ཉེས་པ་བསགས་པར་ཁྲིམས་ལྟར་ཆད་པ་ནན་མོ་གཅོད་པ་དང་། “སྡེ་བའི་བཙན་བདག”དང་ཆོས་ལུགས་ཀྱི་སྟོབས་ཤུགས་ངན་པ“སྲུང་སྐྱོབ་མཁན”དུ་བརྫུས་པའི་ལས་གནས་ཉེས་བསགས་ལ་རྡུང་རྡེག་ནན་མོ་བྱེད་རྒྱུ་རེད།
《བསམ་འཆར》ལས་བླང་བྱ་བཏོན་རྒྱུར། རིམ་པ་སོ་སོའི་ཞིབ་དཔྱོད་ལས་ཁུངས་ཀྱིས་རྒྱུ་རྔན་སྤྲོད་པ་དང་དྲག་ཤུགས་སྤྱོད་པ། འཇིགས་སྣང་སྐུལ་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཞིང་སྡེའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་སྐབས་བརྗེ་འདེམ་བསྐོ་ལ་བཀོད་པ་གཏོང་བ་དང་། གཞན་ད་རུང“སྡེ་བའི་བཙན་བདག”དང་ཆོས་ལུགས་ཀྱི་སྟོབས་ཤུགས་ངན་པ་རྒྱ་ཡན་དུ་གཏོང་བ་དང་སྦ་གསང་བྱས་ཏེ། དེ་ལ་བྱ་བ་ངན་པ་བསྒྲུབ་ཏུ་འཇུག་པ་དང་། ཡང་ན་རྒྱུ་རྔན་ལེན་པ་དང་ཉེར་ཕྱོགས་གཡོ་ཟོལ་བྱེད་དུ་བཅུག་སྟེ། “སྡེ་བའི་བཙན་བདག”དང་ཆོས་ལུགས་ཀྱི་སྟོབས་ཤུགས་ངན་པ“སྲུང་སྐྱོབ་མཁན”དུ་བརྫུས་པའི་ལས་གནས་ཉེས་བསགས་ལ་རྡུང་རྡེག་ནན་མོ་གཏོང་རྒྱུ་དང་། ཞིང་པ་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་གཏོང་བ་དང་། ཞིང་པ་མང་ཚོགས་ཀྱི་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བར་གནོད་འཚེ་ཚབས་ཆེན་གཏོང་བ། རྩ་འཛུགས་ཡོད་པ་དང་འཆར་གཞི་ཡོད་པའི་སྒོ་ནས་ཁྲིམས་འགལ་ཉེས་བསགས་ཀྱི་བྱ་འགུལ་ནང་ཞུགས་པ། གནས་ཚུལ་ངོ་མ་མི་ཤེས་པའི་མང་ཚོགས་ལ་ངན་སྐུལ་བྱས་ཏེ་སྲིད་གཞུང་ལ་ངོ་རྒོལ་བྱེད་དུ་འཇུག་པ་སོགས་གནས་ཚུལ་ཚབས་ཆེན་ཡིན་པའི“སྡེ་བའི་བཙན་བདག”དང་ཆོས་ལུགས་ཀྱི་སྟོབས་ཤུགས་ངན་པའི་ཉེས་བསགས་གྱོད་དོན་ལ། མྱུར་དུ་འཛིན་བཟུང་དང་མྱུར་དུ་འདྲི་གཅོད་བྱས་ཏེ། ཁྲིམས་ལྟར་རྡུང་རྡེག་ནན་མོ་གཏོང་དགོས།
《བསམ་འཆར》ལས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཞིབ་དཔྱོད་ལས་ཁུངས་ཀྱིས་རྡུང་རྡེག་གི་མདའ་མོ་དེ་ཞིང་སྡེ་དང་གཞི་རིམ་གྱི་སྲིད་དབང་བརྟན་བརླིང་ལ་གནོད་འཚེ་ཚབས་ཆེན་གཏོང་བ་དང་། མང་ཚོགས་ཀྱི་བདེ་སྡོད་ལས་བརྩོན་ལ་གནོད་འཚེ་ཚབས་ཆེན་གཏོང་བའི“སྡེ་བའི་བཙན་བདག”དང་ཆོས་ལུགས་ཀྱི་སྟོབས་ཤུགས་ངན་པའི་ཉེས་བསགས་བྱ་བར་གཏད་དགོས། མི་མང་པོ་མཉམ་དུ་འདུས་ནས་དོན་རྐྱེན་སློང་བའི་ཁྲོད་དུ་རྩ་འཛུགས་དང་ཇུས་འགོད། བཀོད་འདོམས་བཅས་ཀྱི་ནུས་པ་འདོན་མཁན་དང་། དྲག་ཤུགས་དང་འཇིགས་སྐུལ། ཡང་ན་བྱེད་ཐབས་གཞན་པ་སྤྱད་དེ་མང་ཚོགས་ལ་གཉའ་གནོན་བྱེད་མཁན་གྱིས། ཁྲིམས་འགལ་ཉེས་བསགས་ཐེངས་མང་བཟོས་ཏེ་འབྲེལ་ཡོད་སྡེ་ཁག་གིས་སློབ་གསོ་བཏང་ཡང་བཅོས་བསྒྱུར་མི་བྱེད་ན། ཉེས་པ་བསགས་པའི་ཚོགས་པ་དང་ནང་སྒོས་སུ་ནག་ཚོགས་ཀྱི་རྣམ་པ་ལྡན་པར། ཁྲིམས་ལྟར་ཆད་པ་ལྕི་མོ་བཅད་དེ། དེའི་རྫིག་ཉམས་མེད་པར་བཟོ་དགོས། །
རྩོམ་སྒྲིག་པ། མཁའ་བྱམས་ཚེ་རིང་།
|