བཀག་སྡོམ་དངོས་རྫས་ཞེས་པ་ནི་རྒྱལ་ཁབ་ཀྱི་གཏན་འཁེལ་ལྟར་ན་སྤྱི་དམངས་ཀྱིས་རང་སྒེར་ནས་ཉར་ཚགས་དང་བཀོལ་སྤྱོད་བྱ་མི་ཆོག་པའི་དངོས་རྫས་ཡིན་ཏེ། དཔེར་ན། དུག་རྫས་དང་ཆགས་སྲེད་དངོས་རྫས། མེ་མདའ་དང་རྫས་མདེལ་སོགས་ཡིན། བདེ་འཇགས་གྱོད་དོན་རྩད་གཅོད་ཁྲོད་བྱུང་བའི་བཀག་སྡོམ་དངོས་རྫས་དག་ལ་རྩིས་ལེན་དགོས་པར་མ་ཟད་གཏན་ཁེལ་ལྟར་ཐག་གཅད་དགོས། ཁྲིམས་མཐུན་མིན་པའི་རྒྱུ་ནོར་ལ་དབྱེ་ན་ཁྲིམས་འགལ་བྱ་སྤྱོད་སྤེལ་མིའི་སྐུག་ཆས་དང་རྒྱལ་དངུལ། ཟ་འཐུང་དང་དུག་རྫས་རྒྱག་བྱེད་ཀྱི་ལག་ཆ་སོགས་ཡོད། བདེ་འཇགས་གྱོད་དོན་རྩད་གཅོད་ཁྲོད་བྱུང་བའི་བཀག་སྡོམ་དངོས་རྫས་དག་ལ་རྩིས་ལེན་དགོས་པར་མ་ཟད་གཏན་ཁེལ་ལྟར་ཐག་གཅད་དགོས། ཁྲིམས་འགལ་གྱི་སྒོ་ནས་ཐོབ་པའི་དངོས་པོ་ཞེས་པ་ནི་ཁྲིམས་འགལ་བྱ་སྤྱོད་སྤེལ་མིས་བདེ་འཇགས་དོ་དམ་དང་འགལ་བའི་བྱ་སྤྱོད་ལག་ཏུ་བསྟར་ནས་ཐོབ་པའི་རྒྱུ་ནོར་ལ་ཟེར། དེ་ལ་དབྱེ་ན་སྒོར་མོ་དང་དངོས་རྫས་གཉིས་ཡོད། བདེ་འཇགས་གྱོད་དོན་བདའ་འདེད་དང་རྩད་གཅོད་པའི་ཁྲིམས་མཐུན་མིན་པའི་སྒོ་ནས་ཐོབ་པའི་རྒྱུ་ནོར་ལ་ཐག་གཅོད་ལུགས་གཉིས་ཡོད་པ་ནི།
1.གནོད་འཚེ་ཐེབས་མཁན་ལ་ཕྱིར་སྤྲོད་པ།
2.གནོད་འཚེ་ཐེབས་མཁན་གྱི་མིང་ཐོ་ཐོ་འགོད་བྱས་མེད་ཚེ། དངོས་པོ་དག་ཧམ་འཚོང་ཁྱབ་བསྒྲགས་སམ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་ཁེལ་ལྟར་ཐག་གཅོད་དགོས་པ་དང་ཡོང་འབབ་ཡོད་ཚད་རྒྱལ་མཛོད་དུ་སྤྲོད་དགོས། ཐད་ཀར་ཁྲིམས་འགལ་བྱ་སྤྱོད་ལག་བསྟར་གྱི་ལག་ཆ་ཞེས་པ་ནི་ཁྲིམས་འགལ་བྱ་སྤྱོད་སྤེལ་མི་རང་ཉིད་ཀྱིས་ཐད་ཀར་བདེ་འཇགས་དོ་དམ་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་སྤེལ་སྐབས་བེད་སྤྱོད་བཏང་བའི་སྤྱིར་བཏང་ཐོན་སྐྱེད་ཀྱི་འཚོ་བའི་ལག་ཆ་ཞིག་ལ་ཟེར། དཔེར་ན། སིལ་ཏོག་གཙབ་གྲི་དང་སྐམ་པ་སོགས། བདེ་འཇགས་གྱོད་དོན་རྩད་གཅོད་ཁྲོད་བྱུང་བའི་ཐད་ཀར་ཁྲིམས་འགལ་བྱ་སྤྱོད་ལག་བསྟར་གྱི་ལག་ཆ་དག་ལ་རྩིས་ལེན་དགོས་པར་མ་ཟད་གཏན་ཁེལ་ལྟར་ཐག་གཅོད་བྱ་དགོས།།
རྩོམ་སྒྲིག་པ། མཁའ་བྱམས་ཚེ་རིང་།
|