中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > བཅའ་ཁྲིམས་ཁྲིམས་སྲོལ། > རྒྱལ་ཁབ་ཀྱི་བཅའ་ཁྲིམས། >
༄༅།། སློབ་གསོ་རོགས་སྐྱོར་སྐོར་གྱི་ཁྲིམས་ལུགས་ཤེས་བྱ།
དུས་ཚོད།2017-06-30 09:09:27     རྩོམ་གྱི་ཡོང་ཁུངས།བོད་ཡིག་ཁྲིམས་ལུགས་ཚགས་པར།    ཆུང་། | འབྲིང་། | ཆེ།
དང་པོ།  དྲི་བ།  སློབ་གསོའི་རོགས་སྐྱོར་ནི་མི་གང་དག་ལ་དམིགས་པ་ཡིན།
    ལན།  《སྤྱི་ཚོགས་རོགས་སྐྱོར་གྱི་གནས་སྐབས་ལག་བསྟར་བྱ་ཐབས》 ཀྱི་དོན་ཚན 33པའི་གཏན་འབེབས་ལྟར་ན།  རྒྱལ་ཁབ་ཀྱིས་འོས་འགན་སློབ་གསོའི་དུས་རིམ་དུ་སློབ་ཞུགས་བྱས་པའི་མ་མཐའི་སྤྱི་ཚོགས་འགན་ལེན་ཁྱིམ་ཚང་གི་ཁོངས་མི་དང་།  དམིགས་བསལ་དཀའ་ངལ་ཡོད་པའི་སློབ་མ་བཅས་ལ་སློབ་གསོའི་རོགས་སྐྱོར་སྤྲོད་དགོས།  མཐོ་རིམ་སློབ་འབྲིང་གི་སློབ་གསོ (འབྲིང་རིམ་ལས་རིགས་སློབ་གསོ་ཚུད) དང་།  མཐོ་རིམ་སློབ་གྲྭ་དཀྱུས་མར་སློབ་སྦྱོང་བྱེད་བཞིན་པའི་མ་མཐའི་སྤྱི་ཚོགས་འགན་ལེན་ཁྱིམ་ཚང་གི་ཁོངས་མི་དང་།  དམིགས་བསལ་དཀའ་ངལ་ཡོད་པའི་སློབ་མ།  དེ་བཞིན་སློབ་གྲྭར་ཞུགས་མི་ཐུབ་པ་དང་འོས་འགན་སློབ་གསོ་དང་ལེན་བྱེད་མི་ཐུབ་པའི་དབང་བོ་སྐྱོན་ཅན་གྱི་བྱིས་པ་རྣམས་སློབ་གསོའི་རོགས་སྐྱོར་གྱི་གནས་ཚུལ་དངོས་ལ་གཞིགས་ནས་འོས་འཚམ་གྱི་སློབ་གསོའི་རོགས་སྐྱོར་བྱ་རྒྱུ།  མ་མཐའི་སྤྱི་ཚོགས་འགན་ལེན་ཁྱིམ་ཚང་གི་ཁོངས་མི་ཁ་ཤས་དང་།  དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་སློབ་གསོ་འཐོབ་པའི་གནད་དོན་ཇེ་ལེགས་སུ་ཕྱིན་པ་དང་།  སློབ་གསོ་མྱོང་བའི་ཁེ་དབང་མངོན་འགྱུར་བྱུང་བར་འགན་སྲུང་དང་སློབ་གསོ་དྲང་སྙོམས་ཡོང་བར་ཡང་ཕན་པ་ངེས་ཅན་ལྡན་པ་རེད།
    གཉིས་པ།  དྲི་བ།  བྱེད་ཐབས་གང་དག་སྤྱད་ན་ད་གཟོད་སློབ་གསོའི་རོགས་སྐྱོར་མངོན་འགྱུར་བྱེད་ཐུབ།
    ལན།  སློབ་གསོའི་རོགས་སྐྱོར་གྱི་བྱེད་ཐབས་ཧ་ཅང་མང་པོ་ཡོད་དེ། 《སྤྱི་ཚོགས་རོགས་སྐྱོར་ཀྱི་གནས་སྐབས་ལག་བསྟར་བྱ་ཐབས》 ཀྱི་དོན་ཚན 34པའི་གཏན་འབེབས་ལྟར།“སློབ་གསོའི་རོགས་སྐྱོར་ནི་སློབ་གསོའི་དུས་རིམ་མི་འདྲ་བའི་དགོས་མཁོར་གཞིགས་ཏེ་འབྲེལ་ཡོད་ཀྱི་གྲོན་དངུལ་ཇེ་ཡང་དུ་གཏོང་བ་དང་སློབ་སྐྱོར་རོགས་དངུལ་སྤྲོད་པ།  འཚོ་བའི་ཁ་གསབ་རོགས་དངུལ་སྤྲོད་པ།  སློབ་ཞོར་ལས་ཀ་སོགས་བཀོད་སྒྲིག་གི་བྱེད་ཐབས་སྤྱད་ནས་ལག་བསྟར་བྱ་དགོས།”དེའི་རྐྱེན་གྱིས་སློབ་གསོའི་རོགས་སྐྱོར་བྱ་ཡུལ་ལ་མཚོན་ན། གྲོན་དངུལ་ཇེ་ཡང་དང་སློབ་གཉེར་རོགས་སྐྱོར།  སློབ་ཞུགས་རོགས་དངུལ་སོགས་རོགས་སྐྱོར་བྱ་ཐབས་སྣ་མང་སྤྱད་ཆོག་པ་དང་།  ཁོ་ཚོའི་གཞི་རྩའི་འཚོ་བ་དང་སློབ་སྦྱོང་ལ་འགན་ལེན་བྱ་དགོས་པ་དང་། འདི་ནི་མི་རེ་རེར་འདྲ་མཉམ་སྒོས་སློབ་གསོ་མྱོང་བའི་གོ་སྐབས་རིམ་བཞིན་མངོན་འགྱུར་བྱེད་པར་ཕན་ནོ།
    གསུམ་པ།  དྲི་བ།  ཡང་སྙིང་སུ་ལ་སློབ་གསོའི་རོགས་སྐྱོར་གྱི་རེ་འདུན་ཞུ་དགོས།
    ལན།  《སྤྱི་ཚོགས་རོགས་སྐྱོར་གྱི་གནས་སྐབས་ལག་བསྟར་བྱ་ཐབས》 ཀྱི་དོན་ཚན 36པའི་ནང་གཏན་འབེབས་བྱས་དོན།“སློབ་གསོའི་རོགས་སྐྱོར་བྱེད་པར་རེ་འདུན་ཞུ་དགོས་ཚེ།  རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་སློབ་སྦྱོང་བྱེད་སའི་སློབ་གྲྭར་རེ་བ་ཞུ་དགོས།  གཏན་འབེབས་བྱས་པའི་གོ་རིམ་ལ་ཞིབ་བཤེར་དང་ངོས་འཛིན་བྱུང་རྗེས།  སློབ་གྲྭས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ལག་བསྟར་བྱ་དགོས།”དེའི་རྐྱེན་གྱིས་སློབ་གསོའི་རོགས་སྐྱོར་ལ་རེ་འདུན་ཞུ་འདོད་ན།  སློབ་སྦྱོང་བྱེད་སའི་སློབ་གྲྭར་རེ་འདུན་ཞུ་དགོས།  དེ་ལྟར་བྱས་ན་ཕྱོགས་གཅིག་ནས་རེ་འདུན་ཞུ་མཁན་གྱིས་དུས་ཐོག་ཏུ་ནུས་ལྡན་སྒོས་རེ་འདུན་ཞུ་བར་སྟབས་བདེ་བཟོས་པ་དང་། ཕྱོགས་གཞན་ཞིག་ནས་གནས་ཚུལ་ཞིབ་དཔྱད་བྱེད་པར་ཕན་ཐོགས་ཤིང་།  སློབ་གསོའི་རོགས་སྐྱོར་གྱི་རོགས་སྐྱོར་དང་ལེན་བྱེད་མཁན་ལའང་དུས་ཐོག་ཏུ་རོགས་སྐྱོར་བྱེད་ཐུབ་བོ།།    (མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར་གྱི་འཕྲིན་སྟེགས་ལས་བཤུས།)

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།