ཉིན་10བཀག་ཉར་བྱས་ཐོག་དངུལ་ཆད་སྒོར་500བཅད་ནས་ར་དྭངས་པ་བྱས་པ།
སྐྱེས་པ་གསུམ་གྲོགས་པོའི་ཁྱིམ་དུ་ཨ་རག་བཏུངས་ནས་བཟི་རྗེས། བདལ་གཏོང་རླངས་འཁོར་དུ་བསྡད་ཅིང་། སྐྱེས་པ་དེ་དག་གིས་བདལ་གླ་མ་སྤྲད་པར་བརྟེན་རླངས་འཁོར་གཏོང་མཁན་དང་ཁ་རྩོད་ཤོར། དེས་ན་རླངས་འཁོར་གཏོང་མཁན་ག་བྱེད་འདི་བྱེད་མེད་པར་གྱུར་ནས་ཉེན་རྟོག་པར་རོགས་རམ་བྱེད་རོགས་ཞེས་ལབ། ཉེན་རྟོག་པས་ཁ་ཏ་བསླབ་བྱ་བྱས་ཀྱང་། ར་བཟི་བའི་སྐྱེས་པ་དེས་མ་ཉན་པ་མ་ཟད། དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་ཚིག་རྩུབ་སྨྲ་ཞིང་ཟིང་ཆེན་པོ་བསླངས་པས། མཐར་མངགས་གཏོང་ཁང་གི་ཉེན་རྟོག་པས་ཁྲིད།
མི་དམངས་ཉེན་རྟོག་པས་ཤེས་རྟོགས་བྱས་པ་བརྒྱུད་ཉིན་དེའི་དགོང་མོ་སྐྱེས་པ་དེ་གསུམ་པོས་གྲོགས་པོའི་ཁྱིམ་དུ་ཨ་རག་བཏུངས་ཤིང་། ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་ཟིང་ཆེན་པོ་སློང་མཁན་ཝང་ག་གེ་མོས་ཨ་རག་དཀར་པོ་སྲང་བདུན་ཙམ་བཏུངས་རྗེས་ར་བཟི་ནས་རང་ཚོད་མ་ཟིན་པའི་ཁར་མི་དམངས་ཉེན་རྟོག་པའི་ལས་དོན་ལ་གཞོགས་འདེགས་གཏན་ནས་མ་བྱས་པར་མི་དམངས་ཉེན་རྟོག་པས་ཁྲིམས་བསྟར་རྒྱུར་འགོག་རྐྱེན་བཟོས་པ་དང་དོན་མེད་དུ་ཟིང་བསླངས། དེ་རྗེས་ཀུན་བདེ་གླིང་མངགས་གཏོང་ཁང་གི་བདེ་སྲུང་རུ་འབྲིང་གིས་ཁྲིམས་འགལ་གྱི་བྱེད་སྤྱོད་སྤེལ་མཁན་ཝང་ག་གེ་མོར (མིང་ཚབ )ཁྲིམས་ལྟར་ཉིན་བཅུ་སྲིད་འཛིན་བཀག་ཉར་བྱས་པ་དང་འབྲེལ་དངུལ་ཆད་སྒོར་ལྔ་བརྒྱ་བཅད།
ར་བཟི་བའི་སྐྱེས་པས་བདལ་གླ་མ་སྤྲད་པར་རླངས་འཁོར་དུ་སྡོད་འདོད་བྱས།
ཚེས་1ཉིན་གྱི་ཐོ་རེངས་སུ་བདལ་གཏོང་རླངས་འཁོར་གཅིག་ལྷ་ཀླུ་ཟམ་པའི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་སྒོ་རྩར་བཀག་ཅིང་། ཁ་ལོ་བས་ར་བཟི་བའི་སྐྱེས་པ་གསུམ་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་ཁྲིད་དེ་རོགས་པ་བྱེད་རོགས་ཞེས་བཤད། གང་ཡིན་ཞེ་ན། བདལ་གླའི་སྐོར་ཁ་རྩོད་ཤོར་ནས་ར་བཟི་བའི་སྐྱེས་པ་གསུམ་གྱིས་བདལ་གླ་སྤྲད་མེད་པ་རེད།
སྐྱེས་པ་གསུམ་ཆུ་མིག་ལམ་གྱི་བོགས་གཏོང་ཁང་པ་ཞིག་གི་ཕྱི་རོལ་ནས་རླངས་འཁོར་དུ་བསྡད་དེ་གླིང་སྐོར་ལམ་གྱི་གསོལ་མགྲོན་ཁང་ཞིག་ལ་འགྲོ་ཟེར་ཞིང་། ལམ་བར་དུ་བདལ་གླའི་ཐད་ཁ་རྩོད་ཤོར་བྱུང་། “སྐྱེས་པ་དེ་གསུམ་པོ་རླངས་འཁོར་དུ་སྡོད་དུས་ཀྱི་རྣམ་འགྱུར་ལ་ལྟ་སྐབས་ཁོང་ཚོ་ཚང་མ་ར་བཟི་འདུག དེར་བརྟེན་ངས་སྔོན་ནས་ཁོང་ཚོ་དང་གོང་བསྒྲིགས་ནས་དམིགས་སར་སླེབས་རྗེས་ཁ་རྩོད་མ་ཤོར་བ་བྱས་པ་ཡིན་པ ”ཞེས་དང་། ངའི་སྐད་ཆ་ར་བཟི་བའི་ཝང་ག་གེ་མོས (མིང་ཚབ )ཐོས་རྗེས། ཝང་ག་གེ་མོ་ཁོང་ཁྲོ་ལངས་ཏེ་ང་དང་ཁ་རྩོད་ཤོར་བྱུང་ལ། ང་ལ་རྣམ་འགྱུར་ཡག་པོ་མི་འདུག་པས་བདལ་གླ་སྤྲོད་ཀྱི་མིན་ཞེས་ཤོད་ཀྱི་འདུག་ཅེས་ཁ་ལོ་བས་ཉེན་རྟོག་པར་བཤད།
ཕྱོགས་གཉིས་དབར་རྩོད་པ་རྒྱག་སྐབས་ལྷ་ཀླུ་ཟམ་པའི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་སླེབས་ཤིང་། ཁ་ལོ་བས་རླངས་འཁོར་ལམ་འགྲམ་དུ་ཁ་བཀག་ནས་མི་དམངས་ཉེན་རྟོག་པར་རོགས་པ་བྱེད་རོགས་ཞེས་ཞུས། ཁ་ལོ་བ་མང་པོ་ཞིག་གིས་ར་བཟི་བའི་འགྲུལ་པ་རླངས་འཁོར་ནང་བླུགས་འདོད་བྱེད་ཀྱི་མེད། འོན་ཀྱང་སྐབས་དེར་དེའི་ཁུལ་དུ་བདལ་གཏོང་རླངས་འཁོར་འགྲོ་མཁན་ཉུང་བར་བརྟེན་སེམས་བཟང་བྱས་ནས་ཁོང་ཚོ་བླུགས་པ་ཡིན་ཞེས་བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བས་བཤད།
སྐྱེས་པ་དེ་དག་གིས་རང་ཚོད་མ་ཟིན་ཁར་དོན་མེད་ངང་ཟིང་ཆ་བསླངས་པར་བརྟེན་ཉིན་བཅུ་བཀག་ཉར་བྱས།
ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ལས་རེས་ཡིན་པའི་མི་དམངས་ཉེན་རྟོག་པས་ཕྱོགས་གཉིས་དབར་འདུམ་འགྲིག་བྱས་ཀྱང་ར་བཟི་བའི་སྐྱེས་པ་ཝང་ག་གེ་མོས (མིང་ཚབ )ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་ཟིང་ཆེན་པོ་བསླངས་པ་རེད། “མི་དམངས་ཉེན་རྟོག་པས་ཁྲིམས་ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་སྐབས་དེའི་བརྒྱུད་རིམ་ཐོ་འགོད་བྱེད་དགོས་པར་བརྟེན་མི་དམངས་ཉེན་རྟོག་པས་ཁྲིམས་འཛིན་ཐོ་འགོད་བྱེད་སྐབས་ཝང་ག་གེ་མོས་མི་དམངས་ཉེན་རྟོག་པར་ཚིག་རྩུབ་སྨྲས་པ་དང་ཐ་ན་དམའ་འབེབས་ཀྱང་བཏང ”མི་དམངས་ཉེན་རྟོག་པས་གསར་འགོད་པར་ཁ་ཏ་བསླབ་བྱ་བྱས་པར་ཝང་ག་གེ་མོས་མ་ཉན་ཁར་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་ཟིང་ཆེན་པོ་བསླངས་ནས་མི་དམངས་ཉེན་རྟོག་པའི་ལག་ཁྱེར་ཁ་པར་འཕྲོག་སྟེ་ས་ལ་བརྡབས་པ་མ་ཟད། མི་དམངས་ཉེན་རྟོག་པར་ཞུ་གཏུག་རྒྱག་གི་ཡིན་ཞེས་བཤད། “སྐབས་དེར་ཝང་ག་གེ་མོས ‘ཁྱེད་ཀྱི་ཉེན་རྟོག་པའི་ཨང་གྲངས་ག་ཚོད་རེད་དམ། ངས་ཁྱེད་རང་ཐེར་འདོན་བྱེད་ཀྱི་ཡིན ’ཞེས་ཤོད་ཀྱི་འདུག ”ཅེས་བཤད། མི་དམངས་ཉེན་རྟོག་པས་ཉེན་རྟོག་པའི་ཨང་གྲངས་སྟོན་སྐབས་ཝང་ག་གེ་མོས་ཉེན་རྟོག་པའི་བྲང་ཁའི་མདུན་གྱི་ཉེན་རྟོག་པའི་ཨང་གྲངས་བཀོག
དེ་རྗེས་ཀུན་བདེ་གླིང་མངགས་གཏོང་ཁང་གི་བདེ་སྲུང་རུ་འབྲིང་གི་མི་དམངས་ཉེན་རྟོག་པ་ལྷ་ཀླུ་ཟམ་པའི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་ཡོང་ནས་ར་བཟི་བའི་སྐྱེས་པ་གསུམ་མངགས་གཏོང་ཁང་དུ་ཁྲིད་པ་རེད། འདྲི་རྩད་བྱས་པ་བརྒྱུད་མི་དམངས་ཉེན་རྟོག་པས་ཉིན་དེའི་དགོང་མོ་སྐྱེས་པ་གསུམ་པོས་གྲོཌ་པོའི་ཁྱིམ་དུ་ཨ་རག་བཏུངས་པ་དང་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་ཟིང་སློང་མཁན་ཝང་ག་གེ་མོས་ཨ་རག་དཀར་པོ་སྲང་བདུན་ཙམ་བཏུངས་ནས་ར་བཟི་རྗེས་རང་ཚོད་མ་ཟིན་པར་ཐོག་མར་ཁ་ལོ་བ་དང་ཁ་རྩོད་བརྒྱབ་པ་དང་དེ་རྗེས་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་ཟིང་ཆེན་པོ་བསླངས་པ་དང་མི་དམངས་ཉེན་རྟོག་པའི་ལས་དོན་ལ་གཞོཌ་འདེཌ་མི་བྱེད་ཁར་ཁོང་ཚོར་དམའ་འབེབས་གཏོང་བ་དང་མི་དམངས་ཉེན་རྟོག་པས་ཁྲིམས་ལག་བསྟར་བྱ་རྒྱུར་འགོག་རྐྱེན་བཟོས་ནས་དོན་མེད་ཟིང་བསླངས་པ་རེད།
མངཌ་གཏོང་ཁང་ནང་ཝང་ག་གེ་མོ་ད་དུང་ར་དྭངས་མེད་སྟབས་མི་དམངས་ཉེན་རྟོག་པས་ཁོ་པ་ར་དྭངས་རྗེས་སྐད་ཆ་དྲིས། གནས་ཚུལ་གྱི་འགོ་ནས་མཇུག་བར་གསལ་པོ་ཤེས་རྟོགས་བྱས་རྗེས་ཀུན་བདེ་གླིང་མངགས་གཏོང་ཁང་གི་བདེ་སྲུང་རུ་འབྲིང་གི་མི་དམངས་ཉེན་རྟོག་པས 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་སྲོལ་ཡིག 》གི་དོན་ཚན་ཉེར་དྲུག་པའི་གཏན་འབེབས་ལ་གཞིགས་པ་དང་ཁྲེང་ཀོན་ཆུས་སྤྱི་བདེ་ཅུས་ཁྲིམས་འཛིན་ལྟ་སྐུལ་རུ་ཆེན་ལ་ཞིབ་མཆན་འགོད་རྒྱུར་སྙན་སེང་ཞུས་པ་བརྒྱུད་ཁྲིམས་འགལ་བྱེད་སྤྱོད་སྤེལ་མཁན་ཝང་ག་གེ་མོར (མིང་ཚབ )ཉིན་བཅུ་སྲིད་འཛིན་བཀག་ཉར་བྱ་རྒྱུ་དང་འབྲེལ་དངུལ་ཆད་སྒོར་ལྔ་བརྒྱ་བཅད་པ་རེད།
རྩོམ་སྒྲིག་པ། ལྷ་ཁོ།
|