中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > བཅའ་ཁྲིམས་ཁྲིམས་སྲོལ། > རྒྱལ་ཁབ་ཀྱི་བཅའ་ཁྲིམས། >
༄༅།། དོན་དག་ཕྲན་ཚགས་ཀྱི་སྟེང་ནས་རྒན་པར་གཟིགས་སྐྱོང་བྱེད་དགོས།
དུས་ཚོད།2018-10-10 09:02:33     རྩོམ་གྱི་ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།     ཆུང་། | འབྲིང་། | ཆེ།
བགྲེས་སོང་ཅན་གྱི་མི་གྲངས་ཇེ་མང་དུ་སོང་བ་དང་བསྟུན་ནས་རྒན་པའི་མི་ཚོགས་རིམ་གྱིས་ཇེ་མང་དུ་འགྲོ་བཞིན་ཡོད།རྒན་པ་རྣམས་ཀྱི་ཁེ་དབང་འགན་སྲུང་ཇི་ལྟར་བྱེད་དགོས་པ་དང་།འགན་སྲུང་འདིའི་རིགས་ལ་དོན་དངོས་འཚོ་བའི་ཁྲོད་ཇི་ལྟར་ཡར་སྐུལ་བྱེད་ཅིང་།སྤྱི་ཚོགས་ལས་རིགས་ཁག་དེའི་ནང་དུ་ཇི་ལྟར་ཞུགས་དགོས་ཞེ་ན།
 
ཞིང་ཆེན་བགྲེས་སོང་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ལས་བྱེད་མི་སྣས་བཤད་རྒྱུར། 《རྒན་པའི་ཁེ་དབང་སྲུང་སྐྱོབ་བཅའ་ཁྲིམས》སྟེང་གི་གཏན་འཁེལ་ལྟར་ན། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་དང་རྒན་པ་རྣམས་ཀྱི་དམིགས་བསལ་དགོས་མཁོ་ལྟར།རྒན་པར་གཟིགས་སྐྱོང་བྱེད་པའི་ཐབས་ལམ་བཟོས་ནས།གཟིགས་སྐྱོང་ཆུ་ཚད་རིམ་གྱིས་ཇེ་མཐོར་གཏོང་དགོས་པ་དང་།རང་སྲིད་འཛིན་ཁྱབ་ཁོངས་ནང་དུ་རྒྱུན་སྡོད་བྱས་ཡོད་པའི་ཕྱི་ཡུལ་རྒན་པར་གཅིག་མཚུངས་ཀྱི་གཟིགས་སྐྱོང་བྱེད་དགོས།
 
རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་རྒན་པ་རྣམས་ལ་དུས་ལྟར་དང་སྟབས་བདེའི་སྒོ་ནས་རྒན་གསོ་དངུལ་ལེན་པ་དང་སྨན་བཅོས་གྲོན་དངུལ་རྩིས་རྒྱག་པ།དངོས་པོའི་རོགས་སྐྱོར་གཞན་པ་ལོངས་སྤྱོད་བྱེད་པ་བཅས་ཀྱི་ཕྱོགས་ལ་ཆ་རྐྱེན་འདོན་སྤྲོད་བྱེད་དགོས་ལ།སྡོད་ཁང་གི་གཏོགས་ཁོང་འབྲེལ་བ་བསྒྱུར་བཅོས་བྱེད་པ་དང་དུད་ཐོ་སྤོ་བ་སོགས་རྒན་པའི་ཁེ་དབང་དང་འབྲེལ་བའི་དོན་བྱ་གལ་ཆེན་སྒྲུབ་སྐབས།སྒྲུབ་ཀྱིན་པའི་དོན་བྱ་དེ་རྒན་པའི་འདོད་བློ་ངོ་མ་ཡིན་མིན་བརྟག་རྗེས།ཁྲིམས་ལྟར་དམིགས་བསལ་གྱིས་བསྒྲུབ་དགོས།
 
རྒན་པས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཐེབས་ནས་གཏུག་བཤེར་བྱེད་སྐབས།གཏུག་བཤེར་གྲོན་དངུལ་སྤྲོད་པའི་ཕྱོགས་ལ་དངོས་གནས་དཀའ་ཁག་ཡོད་ན།རྗེས་ནས་སྤྲོད་པའམ་ཇེ་ཉུང་དུ་བཏང་ནས་སྤྲོད་པ་དང་ཡང་ན་སྤྲོད་མི་དགོས་པར་བྱེད་དགོས།ཁྲིམས་རོགས་པའི་རོགས་རམ་མཁོ་མོད།འོན་ཀྱང་ཁྲིམས་རོགས་པའི་གྲོན་དངུལ་སྤྲོད་པའི་ནུས་པ་མེད་ན།བཅའ་ཁྲིམས་རོགས་སྐྱོར་བྱེད་དགོས་པའི་རེ་འདུན་བཏོན་ཆོག ཁྲིམས་རོགས་པའི་ལས་དོན་ཁང་དང་གཞུང་དཔང་ཁྲུའུ།གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཞུ་སའོ་བཅས་དང་གཞན་ད་རུང་བཅའ་ཁྲིམས་ཞབས་ཞུ་ལས་ཁུངས་གཞན་པ་བཅས་ཀྱིས་དཔལ་འབྱོར་ཐད་དཀའ་ཁག་ཡོད་པའི་རྒན་པར་རིན་མི་ལེན་པའམ་ཡང་ན་གཟིགས་སྐྱོང་ཞབས་ཞུ་འདོན་སྤྲོད་བྱེད་པར་སྐུལ་མ་གཏོང་དགོས།
 
སྨན་བཅོས་ལས་ཁུངས་ཀྱིས་རྒན་པས་སྨན་བཅོས་བྱེད་པར་སྟབས་བདེ་བཟོ་དགོས།རྒན་པས་སྨན་བཅོས་བྱེད་པར་དམིགས་བསལ་སྟེར་དགོས་པ་དང་།ཆ་རྐྱེན་འཛོམས་པའི་ས་ཁུལ་གྱིས་རྒན་པར་ཁྱིམ་ཚང་ནང་གི་ནད་ཁྲི་འཇོག་པ་དང་།སྐོར་ཞིབ་སྒོས་སྨན་བཅོས་དང་ནད་གཡོག ལུས་གསོ།རིན་མི་ལེན་པར་ལུས་བཤེར་བྱེད་པ་སོགས་ཀྱི་ཞབས་ཞུ་བྱེད་དགོས།
 
རྒྱལ་ཡོངས་ཀྱི་བགྲེས་སོང་བྱ་བའི་གཞུང་ལས་ཁང་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་སོགས་སྡེ་ཁག24ཡིས《རྒན་པར་གཟིགས་སྐྱོང་བྱེད་པའི་བྱ་བར་སྔར་ལས་ཤུགས་སྣོན་དགོས་པའི་སྐོར་གྱི་བསམ་འཆར》གྱི་དགོངས་དོན་ཁྱོན་ཡོངས་ནས་དངོས་འབེབས་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་།རང་ཞིང་གིས《རྒན་པར་གཟིགས་སྐྱོང་བྱེད་པའི་བྱ་བར་སྔར་ལས་ཤུགས་སྣོན་དགོས་པའི་སྐོར་གྱི་ལག་བསྟར་བསམ་འཆར》བཏོན་ནས།རང་སྲིད་འཛིན་ཁྱབ་ཁོངས་ནང་གི་ལོ་ངོ60ཡན་གྱི་དུད་ཐོ་ཡོད་པའི་རྒན་པ་དང་རྒྱུན་སྡོད་བྱས་ཡོད་པའི་རྒན་པར་སྲིད་དོན་ཞབས་ཞུ་དང་འཕྲོད་བསྟེན་བདེ་ཐང་།འགྲིམ་འགྲུལ་འགྲོ་འོང་།ཚོང་ལས་ཞབས་ཞུ།རིག་གནས་དང་ལུས་རྩལ་ངལ་གསོ།དབང་སྲུང་ཞབས་ཞུ་སོགས་ཀྱི་ཕྱོགས་ནས་གཅིག་མཚུངས་སྒོས་གཟིགས་སྐྱོང་བྱེད་དགོས་པར་མ་ཟད།དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་དངོས་དང་བསྟུན་ནས།རིམ་གྱིས་གཟིགས་སྐྱོང་ཁྱབ་ཁོངས་རྒྱ་སྐྱེད་དགོས་པ་དང་།གཟིགས་སྐྱོང་བྱ་བའི་སྒྲུབ་སྟངས་གསར་སྤེལ་བྱས་ཏེ།གཟིགས་སྐྱོང་ཆུ་ཚད་ཇེ་མཐོར་གཏོང་བ་དང་།རྒན་པའི་འཚོ་བའི་སྤུས་ཀ་བསྟུད་མར་ཇེ་མཐོར་གཏོང་དགོས། །
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།