中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > བཅའ་ཁྲིམས་ཁྲིམས་སྲོལ། > རྒྱལ་ཁབ་ཀྱི་བཅའ་ཁྲིམས། >
༄༅།། འགྲིམ་འགྲུལ་སྒྲིག་སྲོལ་སྐོར་གྱི་ཤེས་བྱ།
དུས་ཚོད།2020-04-22 11:26:20     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།     ཆུང་། | འབྲིང་། | ཆེ།
འཕྲུལ་སྒུལ་འཁོར་ལོར་འགྱུར་ལྡོག་ཐོ་འགོད་ཀྱི་རེ་བ་ཞུ་ན་དཔང་ཡིག་དང་བདེན་རྟགས་གང་དག་འདོན་སྤྲོད་བྱེད་དགོས།
    འཕྲུལ་སྒུལ་འཁོར་ལོར་འགྱུར་ལྡོག་ཐོ་འགོད་ཀྱི་རེ་བ་ཞུ་ན་དཔང་ཡིག་དང་བདེན་རྟགས་འདི་དག་འདོན་སྤྲོད་བྱེད་དགོས་ཏེ།
    1. འཕྲུལ་སྒུལ་འཁོར་ལོའི་བདག་པོའི་ཐོབ་ཐང་དཔང་ཡིག
    2. འཕྲུལ་སྒུལ་འཁོར་ལོ་ཐོ་བཀོད་དཔང་ཡིག
    3. འཕྲུལ་སྒུལ་འཁོར་ལོའི་འཁོར་བགྲོད་ཡིག་རྟགས། འཕྲུལ་སྒུལ་འཁོར་ལོའི་བདག་པོའི་སྡོད་གནས་དེ་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་དག་གི་དོ་དམ་མངའ་ཁུངས་ལས་ཕྱིར་བུད་པའམ་འཁོར་ལོའི་བདག་པོའི་མིང (ལས་ཁུངས་ཀྱི་མིང)དང་། ཡང་ན་སྡོད་གནས་ལ་འགྱུར་ལྡོག་བྱུང་ན། འཕྲུལ་སྒུལ་འཁོར་ལོ་ཐོ་འགོད་བྱས་པའི་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་ལ་ཐོ་འགོད་བྱེད་དུ་འཇུག་དགོས།
    འཕྲུལ་སྒུལ་འཁོར་ལོ་བརྗེ་སྤོར་གྱི་རེ་འདུན་ཇི་ལྟར་ཞུ་དགོས།
    འཕྲུལ་སྒུལ་འཁོར་ལོ་བརྗེ་སྤོར་གྱི་རེ་འདུན་ཞུ་ན། སྔོན་ཆད་ཡིག་ཚགས་ཐོ་འགོད་བྱེད་སའི་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་ལ་འཕྲུལ་སྒུལ་འཁོར་ལོར་ཞིབ་བཤེར་བྱེད་དུ་འཇུག་པ་དང་མཉམ་དུ་ད་དུང་གཤམ་གྱི་དཔང་ཡིག་དང་བདེན་རྟགས་འདི་དག་འདོན་སྤྲོད་བྱེད་དགོས་པ་སྟེ།
    1. རླངས་འཁོར་བདག་པོའི་ཐོབ་ཐང་དཔང་ཡིག
    2. འཕྲུལ་སྒུལ་འཁོར་ལོའི་བདག་དབང་བརྗེ་སྤོར་བྱེད་པའི་དཔང་ཡིག་དང་བདེན་རྟགས།
    3. འཕྲུལ་སྒུལ་འཁོར་ལོའི་ཐོ་འགོད་དཔང་ཡིག
    4. འཕྲུལ་སྒུལ་འཁོར་ལོའི་འཁོར་བགྲོད་ཡིག་རྟགས་བཅས་སོ།
    འཕྲུལ་སྒུལ་འཁོར་ལོའི་བདག་པོས་རང་ཉིད་ཀྱི་འཁོར་ལོ་གཏའ་མར་འཇོག་པའི་རེ་འདུན་ཇི་ལྟར་ཞུ་དགོས།
    འཕྲུལ་སྒུལ་འཁོར་ལོའི་བདག་པོས་རང་ཉིད་ཀྱི་འཁོར་ལོ་དེ་གཏའ་མར་འཇོག་འདོད་ཚེ། དེ་སྔ་ཐོ་འགོད་བྱེད་སའི་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་ལ་གཏའ་མར་འཇོག་རྒྱུའི་རེ་འདུན་ཞུ་དགོས།
    ཡིག་ཚགས་ཐོ་འགོད་བྱས་པའི་འཕྲུལ་སྒུལ་འཁོར་ལོ་དེ་རྒྱལ་ཁབ་ཀྱིས་བཙན་ཤེད་ཀྱིས་མེད་པར་གཏོང་རྒྱུའི་གཏན་འཁེལ་བྱས་པའི་ལོ་ཚད་དུ་ཐོན་ཚེ་ཇི་ལྟར་བྱེད་དགོས།
    ཡིག་ཚགས་ཐོ་འགོད་བྱས་ཟིན་པའི་འཕྲུལ་སྒུལ་འཁོར་ལོ་དེ་རྒྱལ་ཁབ་ཀྱིས་བཙན་ཤེད་ཀྱིས་མེད་པར་གཏོང་བའི་གཏན་འཁེལ་ལོ་ཚད་དུ་ཐོན་ཚེ། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་འཁོར་ལོ་མེད་པར་གཏོང་བའི་དུས་ཚོད་ལ་མ་ཐོན་པའི་སྔོན་གྱི་ཟླ་གཉིས་ཀྱི་ནང་དུ། འཕྲུལ་སྒུལ་འཁོར་ལོའི་བདག་པོར་འཁོར་ལོའི་ཐོ་འགོད་གསུབ་རྒྱུའི་བརྡ་གཏོང་དགོས། འཕྲུལ་སྒུལ་འཁོར་ལོའི་བདག་པོ་ཡིས་འཁོར་ལོའི་ལོ་ཚད་མ་ལོན་པའི་སྔོན་དུ་འཁོར་ལོ་དེ་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་ཀུང་ཟི་ལ་བཙོངས་ཏེ་ཁེ་ལས་དེ་ཡིས་འཁོར་བགྲོད་ལོ་ཚད་ལོན་པའི་འཕྲུལ་སྒུལ་འཁོར་ལོའི་ཐོ་འགོད་བདེན་དཔང་དང་ཨང་རྟགས། འཁོར་བགྲོད་ཡིག་རྟགས་བཅས་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་ལ་སྤྲད་དེ་ཐོ་འགོད་གསུབ་དགོས།། 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།