中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > བཅའ་ཁྲིམས་ཁྲིམས་སྲོལ། > རྒྱལ་ཁབ་ཀྱི་བཅའ་ཁྲིམས། >
༄༅།། ཕྲུ་གུའི་སྐྱེས་སྐར་གསལ་པོ་མ་ཤེས་ཚེ་གང་ཞིག་གཞིར་གཟུང་དགོས་སམ།
དུས་ཚོད།2020-04-24 09:46:24     རྩོམ་གྱི་ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ།    ཆུང་། | འབྲིང་། | ཆེ།
གྱོད་དཔེ།  
 
མཚོ་མོ་སྐྱེས་ནས་ལོ་གཅིག་ཕྱིན་པའི་སྐྱེས་སྐར་ཉིན་མོར།   ཨ་མས་རང་གི་ཤ་ལས་མཆེད་པའི་བུ་མོའི་སྐྱེས་སྐར་ནམ་ཡིན་ཆ་མ་འཚལ།   སྨན་ཁང་གི་སྐྱེས་སྐར་དཔང་ཡིག་ཏུ་ཟླ6ཚེས5ཉིན་ཡིན་པ་དང་།   ཁྱིམ་ཐོའི་ངོས་སུ་ཟླ6ཚེས4ཉིན་ཡིན།    དེ་ལྟར་མཚོ་མོའི་སྐྱེས་སྐར་གསལ་པོ་མ་ཤེས་ཚེ་གང་ཞིག་གཞིར་གཟུང་དགོས་སམ།
 
བཅའ་ཁྲིམས་དབྱེ་ཞིབ།
 
མཚོ་མོའི་སྐྱེས་སྐར་ཁྱིམ་ཐོའི་ངོས་ཀྱི་ཚེས་གྲངས་གཞིར་གཟུང་དགོས།    རང་རྒྱལ་གྱི་འབྲེལ་ཡོད་རྩ་ཁྲིམས་ལྟར་ན།    སྤྱི་དམངས་ཀྱི་དམངས་དོན་ཐོབ་ཐང་གི་བྱེད་ནུས་སྐྱེས་པའི་ཉིན་ནས་བཟུང་འགོ་བརྩམས་པ་བཀས་བཅད་ཡོད།   སྐྱེས་སྐར་གྱི་ཚེས་གྲངས་ཁྱིམ་ཐོ་དཔང་ཡིག་གཞིར་གཟུང་དགོས།    ཁྱིམ་ཐོ་དཔང་ཡིག་མེད་ན་སྨན་ཁང་གི་སྐྱེས་སྐར་དཔང་ཡིག་གཞིར་གཟུང་དགོས།   སྨན་ཁང་གི་སྐྱེས་སྐར་དཔང་ཡིག་མེད་ཚེ་འབྲེལ་ཡོད་ཀྱི་དཔང་ཡིག་གཞན་པ་གཞིར་གཟུང་དགོས།    དེ་ལྟ་བས་ན།   ཕྲུ་གུའི་སྐྱེས་སྐར་གྱི་ཚེས་གྲངས་ཁྱིམ་ཐོ་དཔང་ཡིག་རྩ་བ་གཟུང་དགོས།   གོང་གི་གྱོད་དཔེ་ལས་ཁྱིམ་ཐོ་དཔང་ཡིག་ཏུ་མཚོ་མོའི་སྐྱེས་སྐར་ཟླ6ཚེས4ཉིན་ཡིན་པས།   དེ་ནི་མཚོ་མོའི་སྐྱེས་སྐར་ཉིན་མོ་ཡིན། 
 
བཅའ་ཁྲིམས་ཀྱི་ཤེས་བྱ།
 
《དམངས་ཁྲིམས་ཀུན་ཁྱབ་ཀྱི་བསམ་འཆར》ལེའུ་དང་པོར།     སྤྱི་དམངས་ཀྱི་དམངས་དོན་ཐོབ་ཐང་གི་བྱེད་ནུས་སྐྱེས་པའི་ཉིན་ནས་བཟུང་འགོ་བརྩམས་པ་བཀས་བཅད་ཡོད། སྐྱེས་སྐར་གྱི་ཚེས་གྲངས་ཁྱིམ་ཐོ་དཔང་ཡིག་གཞིར་གཟུང་དགོས།    ཁྱིམ་ཐོ་དཔང་ཡིག་མེད་ན་སྨན་ཁང་གི་སྐྱེས་སྐར་དཔང་ཡིག་གཞིར་གཟུང་དགོས།   སྨན་ཁང་གི་སྐྱེས་སྐར་དཔང་ཡིག་མེད་ཚེ་འབྲེལ་ཡོད་ཀྱི་དཔང་ཡིག་གཞན་པ་གཞིར་གཟུང་དགོས། །
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།