中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > བཅའ་ཁྲིམས་ཁྲིམས་སྲོལ། > རྒྱལ་ཁབ་ཀྱི་བཅའ་ཁྲིམས། >
༄༅།། རང་རྒྱལ་གྱི་ཉེས་ཁྲིམས་ནི་གང་ཡིན་ནམ།
དུས་ཚོད།2016-07-07 10:01:14     རྩོམ་གྱི་ཡོང་ཁུངས། རྔ་བའི་གསར་འགྱུར་དྲ་བ།     ཆུང་། | འབྲིང་། | ཆེ།
 ཉེས་ཁྲིམས་ནི་ནག་ཉེས་བཟོ་བ་དང་ཉེས་འགན། ཉེས་ཆད་བཅས་གཏན་འཁེལ་བྱེད་པའི་བཅའ་ཁྲིམས་ཤིག་ཡིན། སྲིད་དབང་བཟུང་བའི་དབང་བསྒྱུར་གྲལ་རིམ་གྱིས་རང་ཉིད་གྲལ་རིམ་གྱི་ཆབ་སྲིད་དབང་བསྒྱུར་བ་དང་དཔལ་འབྱོར་གྱི་ཁེ་ཕན་སྲུང་སྐྱོང་བྱ་ཆེད།རང་ཉིད་ཀྱི་གྲལ་རིམ་འདུ་ཤེས་ལྟར།བྱ་སྤྱོད་གང་ཞིག་ནི་ནག་ཉེས་ཡིན་པ་གཏན་ལ་ཕབ་ཅིང་། མ་ཚད་ཉེས་འགན་འཁུར་དགོས་པ་དང་། ནག་ཉེས་བཟོ་མཁན་ལ་ཁྲིམས་ཆད་གང་ཞིག་གཅོད་དགོས་པའི་བཅའ་ཁྲིམས་ཤིག་ཡིན།
        རང་རྒྱལ་གྱི་ཉེས་ཁྲིམས་ནི་ཇི་ལྟར་བཀོད་པ་ཡིན་ནམ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་ནི་མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པ་བཅས་ཀྱིས་སློབ་སྟོན་བྱས་ཏེ། རྩ་ཁྲིསམ་ནི་གཞི་འཛིན་ས་དང་ཉེས་ཆད་བཅད་པ་དང་གུ་ཡངས་སུ་གཏོང་བ་དང་འབྲེལ་བའི་སྲིད་ཇུས་ལྟར། རང་རྒྱལ་གྱི་མི་རིགས་སོ་སོའི་མི་དམངས་ལ་འབྱོར་མེད་གྲལ་རིམ་གྱིས་དབུ་ཁྲིད་མཛད་པ་དང་བཟོ་ཞིང་མཉམ་འབྲེལ་ནི་རྨང་གཞི་ཡིན་པའི་མི་དམངས་དམངས་གཙོ་སྲིད་དབང་སྒེར་འཛིན་ཏེ་འབྱོར་མེད་གྲལ་རིམ་གྱི་སྲིད་དབང་སྒེར་འཛིན་བྱེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་བྱེད་པའི་ཉམས་མྱོང་ལྡན་པ་དང་དངོས་ཡོད་གནས་ཚུལ་ལྟར་བཀོད།
        རང་རྒྱལ་གྱི་ཉེས་ཁྲིམས་ལས་འགན་ནི་གང་ཡིན་ནམ།
ཁྲིམས་ཆད་ཀྱི་སྒོ་ནས་གསར་བརྗེ་ལོག་སྤྱོད་ཇི་སྙེད་དང་གཞན་པའི་ཉེས་དོན་གྱི་ཉེས་སྤྱོད་དང་འཐབ་རྩོད་བྱེད་པ་དང་། འབྱོར་མེད་གྲལ་རིམ་གྱི་སྲིད་དབང་སྒེར་འཛིན་གྱི་ལམ་ལུགས་སྲུང་སྐྱོང་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་ཡོངས་ལ་དབང་བའི་རྒྱུ་ནོར་དང་ངལ་རྩོལ་མང་ཚོགས་ཀྱི་ཐུན་མོང་ལ་དབང་བའི་རྒྱུ་ནོར་སྲུང་སྐྱོང་བྱེད་པ། སྤྱི་དམངས་སྒེར་ལ་དབང་བའི་ཁྲིམས་མཐུན་གྱི་རྒྱུ་ནོར་སྲུང་སྐྱོང་བྱེད་པ། སྤྱི་དམངས་ཀྱི་མིའི་ཐོབ་ཐང་དང་དམངས་གཙོ་དབང་ཆ་དང་གཞན་པའི་དབང་ཆ་བཅས་སྲུང་སྐྱོང་བྱེད་པ། སྤྱི་ཚོགས་ཀྱི་གོ་རིམ་དང་ཐོན་སྐྱེད་ཀྱི་གོ་རིམ། ལས་ཀའི་གོ་རིམ། སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་གི་གོ་རིམ། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་གོ་རིམ་བཅས་སྲུང་སྐྱོང་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་བྱ་གཞག་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱེད་པ་བཅས་ཡིན།
  རྩོམ་སྒྲིག་པ།   མཁའ་བྱམས་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།