中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > བཅའ་ཁྲིམས་ཁྲིམས་སྲོལ། > རྒྱལ་ཁབ་ཀྱི་བཅའ་ཁྲིམས། >
༄༅།།སྐད་གཉིས་ཁྲིམས་དཔོན་དཀོན་པའི་གནད་དོན་ཐག་གཅོད་འཆར་ཡོད་པ།
དུས་ཚོད།2016-07-20 17:31:33     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ།    ཆུང་། | འབྲིང་། | ཆེ།
མི་དམངས་ཉིན་རེའི་ཚགས་པར་ཐོག་སྤྱི་ཟླ་4པའི་ཚེས་14ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཉེ་ཆར་མཉམ་འབྲེལ་ཐོག《མི་རིགས་ས་ཁུལ་གྱི་སྐད་གཉིས་ཁྲིམས་དཔོན་གསོ་སྐྱོང་དང་སྦྱོང་བརྡར་བྱ་རྒྱུའི་ལས་དོན་ལ་སྔར་བས་ཤུགས་སྣོན་དང་ལེགས་བཅོས་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ཞེས་པ་འགྲེམ་སྤེལ་བྱས་ནས། མི་རིགས་ས་ཁུལ་གྱི་མི་རིགས་སྐད་ཡིག་དང་རྒྱ་སྐད་ཤེས་པའི་སྐད་གཉིས་ཁྲིམས་དཔོན་གསོ་སྐྱོང་དང་སྦྱོང་བརྡར་བྱ་རྒྱུའི་ལས་དོན་ལ་སྔར་བས་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ། སྤྱི་ལོ་2020ལོའི་སྔོན་ལ་གཞི་རྩའི་ཆ་ནས་མི་རིགས་ས་ཁུལ་གྱི་མི་དམངས་ཁྲིམས་ཁང་ནང་སྐད་གཉིས་ཁྲིམས་དཔོན་མི་འདང་བའི་གནད་དོན་ཐག་གཅོད་བྱ་རྒྱུའི་བླང་བྱ་བཏོན།
ཉེ་པའི་ཤས་རིང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་མི་རིགས་ས་ཁུལ་གྱི་འབྲེལ་ཡོད་ཁྲིམས་ཁང་ལ་སྒྲིག་འཛུགས་དང་མཛུབ་ཁྲིད་བྱས་ཏེ། ཆེད་དོན་གྲོན་དངུལ་བཏང་བ་དང་མངག་བཅོལ་སྦྱོང་བརྡར་བྱེད་པ། སྐད་གཉིས་ཁྲིམས་དཔོན་སྦྱོང་བརྡར་སློབ་གཞི་སྒྲིག་པ། སྐད་གཉིས་ཁྲིམས་དཔོན་སྦྱོང་བརྡར་རྟེན་གཞི་འཛུགས་པ་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་པ་བརྒྱུད་ཆུ་ཚད་མཐོ་བ་དང་རྒྱ་སྐད་དང་མི་རིགས་ཀྱི་སྐད་ཡིག་ལ་བྱང་ཆ་ཡོད་པའི་ངང་བེད་སྤྱོད་བྱས་ནས་གྱོད་གཞི་འདྲི་གཅོད་བྱེད་ཐུབ་པའི་སྐད་གཉིས་ཁྲིམས་དཔོན་ཁག་ཅིག་གསོ་སྐྱོང་བྱས་ཡོད་མོད། ཡིན་ནའང་མིག་སྔར་སྐད་གཉིས་ཁྲིམས་དཔོན་གྱི་དཔུང་ཁག་གིས་སྔར་བཞིན་མི་རིགས་ས་ཁུལ་གྱི་མང་ཚོགས་ཀྱི་གཏུག་བཤེར་དགོས་མཁོ་དང་སྐད་གཉིས་འདྲི་གཅོད་ལས་དོན་གྱི་དགོས་མཁོ་སྐོང་ཐུབ་ཀྱི་མེད།
བསམ་འཆར་ནང་། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ་དང་ལས་སྒོའི་བྱང་ཚད་མཐོ་བ། གྲངས་འབོར་ཅུང་འདང་ངེས་ཡིན་པ། མི་རིགས་ས་ཁུལ་གྱི་འདྲི་གཅོད་ལས་དོན་གྱི་དགོས་མཁོ་སྐོང་ཐུབ་པ་བཅས་ཀྱི་སྐད་གཉིས་ཁྲིམས་དཔོན་གྱི་དཔུང་ཁག་ཅིག་རིམ་བཞིན་འཛུགས་དགོས་པ་དང་། སྤྱི་ལོ་2020ལོའི་གོང་དུ། སྐད་གཉིས་ཁྲིམས་དཔོན1500གསོ་སྐྱོང་ཐུབ་པ་དང་། མི་རིགས་ས་ཁུལ་གྱི་ཁྲིམས་ཁང་ཁག་གིས་རིགས་གཅིག་མཁས་པའི་ཆུ་ཚད་ལྡན་པའི་སྐད་གཉིས་ཁྲིམས་དཔོན་བཞི་ཡས་མས་གསོ་སྐྱོང་ཐུབ་པ་བརྩོན་ལེན་བྱས་ཏེ། མི་རིགས་ས་ཁུལ་གྱི་མི་དམངས་ཁྲིམས་ཁང་ལ་སྐད་གཉིས་ཁྲིམས་དཔོན་མི་འདང་བའི་གནད་དོན་སྤྱིའི་ཆ་ནས་ཐག་གཅོད་ཐུབ་པ་བྱ་དགོས་ཞེས་བཏོན་ཡོད།།
རྩོམ་སྒྲིག་པ། མཁའ་བྱམས་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།