རང་རྒྱལ་གྱི་དེབ་དང་བོའི་རྩ་ཁྲིམས་དེ་ནམ་ཞིག་བཀོད་པ་དང་། ད་སྤྱོད་ཀྱི་རྩ་ཁྲིམས་ནི་ནམ་ཞིག་བསྒྲགས་པ་ཡིན་ནམ། རྩ་ཁྲིམས་ནི་རྒྱལ་ཁབ་བཅའ་ཁྲིམས་མ་ལག་ལས་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། རྒྱལ་ཁབ་ཀྱི་རྩ་བའི་ལམ་ལུགས་དང་སྤྱི་དམངས་ཀྱི་གཞི་རྩའི་ཁེ་དབང་། གཞི་རྩའི་འོས་འགན་ལ་སོགས་པའི་ནང་དོན་གཅིག་བསྡུས་ཀྱིས་གཏན་འཁེལ་བྱས། རྩ་ཁྲིམས་ནི་རྩ་བའི་ཁྲིམས་ཆེན་ཞིག་ཡིན་པས་ན་ཧ་ཅང་སྙན་གྲགས་ཆེ་བའི་བཅའ་ཁྲིམས་ཀྱི་ཕན་ནུས་ལྡན། རང་རྒྱལ་གྱི་དེབ་དང་བོའི་རྩ་ཁྲིམས་ནི1954ལོར་བཀོད་པ་དང་། ད་སྤྱོད་ཀྱི་རྩ་ཁྲིམས་ནི1982ལོར་བཀོད། རྗེས་སུ་སླར་ཡང་ཐེངས་བཞི་བཟོ་བཅོས་དང་ཁ་གསབ་གནང་།།
རྩོམ་སྒྲིག་པ། མཁའ་བྱམས་ཚེ་རིང་།
|