中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > བཅའ་ཁྲིམས་ཁྲིམས་སྲོལ། > རྒྱལ་ཁབ་ཀྱི་བཅའ་ཁྲིམས། >
༄༅།། དབང་ལོ་ལ་བདེ་འཇགས་དོ་དམ་གྱི་ཆད་པ་བཅད་ཆོག་གམ།
དུས་ཚོད།2016-10-31 13:11:02     རྩོམ་གྱི་ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།     ཆུང་། | འབྲིང་། | ཆེ།
གྱོད་དཔེ།
    རྫོང་ག་གེ་མོའི་སློབ་འབྲིང་དང་པོའི་ཉེ་འགྲམ་གྱི་བདེ་སྲུང་དོ་དམ་ཅུང་ཞན་པས། ནམ་རྒྱུན་སྤྱི་ཚོགས་སྟེང་གི་ན་གཞོན་དབང་ལོ་གཙོ་བྱས་པའི་འཁྱམ་པོ་འགས་སློབ་གྲྭར་འགྲོ་བའི་སློབ་མ་རྣམས་བདའ་འདེད་བྱེད་པའམ་ཡང་ན་ལམ་བར་དུ་བཀག་ནས་གང་འདོད་དུ་ཁོ་ཚོའི་སྒོར་མོ་ལེན་པ། སྐབས་འགར། དོན་མེད་དུ་སློབ་མའི་དཔེ་ཁུག་གཤགས་ནས་བརྙས་བཅོས་བྱས། འོ་ན། ན་གཞོན་འཁྱམ་པོ་འདིའི་རིགས་ཀྱི་སྤྱོད་སྟངས་ལ་བདེ་འཇགས་དོ་དམ་གྱི་ཆད་པ་བཅད་ཆོག་གམ།
ཁྲིམས་བཤད།
   ན་གཞོན་འཁྱམ་པོ་འདིའི་རིགས་ཀྱིས་མི་གཞན་པ་བདའ་འདེད་བྱེད་པ་དང་ལམ་བར་དུ་བཀག་སྟེ་འཕྲོག་བཅོམ་བྱེད་པའི་བྱ་སྤྱོད་འདི 《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས  》དང་འགལ་བས། མ་མཐའ་ཡང་ཉིན་ལྔ་ཡན་དང་ཉིན་བཅུ་མན་གྱི་བཀག་སྐྱིལ་བྱེད་པ་དང་སྒོར500མན་གྱི་ཆད་པ་བཅད་ཆོག གནས་ཚུལ་ཅུང་ཚབས་ཆེ་བ་ལ་ཉིན་བཅུ་ཡན་དང་ཉིན་བཅོ་ལྔ་མན་གྱི་བཀག་སྐྱོལ་དང་སྒོར1000མན་གྱི་ཆད་པ་བཅད་ཆོག
《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས   》ལས། སྐོར་ཚོགས་བྱས་ཏེ་འཛིང་རེས་བྱེད་པ་དང་། མི་གཞན་པ་བདའ་འདེད་དང་འཕྲོག་ཁྱེར་བྱེད་པ། ཡང་ན་སྤྱི་དང་སྒེར་གྱི་དངོས་རྫས་ལ་བདག་བཟུང་དང་གཏོར་བརླག་བྱེད་པ།  གཞན་ད་དུང་ཁྲིམས་འགལ་དུ་མི་བརྩི་བའི་ཟིང་ཆ་བསླངས་པའི་བྱ་སྤྱོད་དག་ལ་ཡང་ཆད་གཅོད་ཀྱི་བྱེད་ཐབས་གཏན་ཁེལ་བྱས་ཡོད།  “ སྐོར་ཚོགས ”ཞེས་པ་ནི་མི་གཉིས་དང་གཉིས་ཡན་ལ་གོ  བཙན་འཕྲོག་དང་གང་འདོད་དུ་སྤྱི་སྒེར་གྱི་དངོས་རྫས་ལ་གཏོར་བརླག་བྱེད་པ་ཞེས་པ་ནི་གནས་ལུགས་མི་བཤད་པར་ཁྲིམས་འགལ་གྱི་གཡོ་ཐབས་སྤྱད་ནས་ཚོང་ར་དང་ཁྲོམ་རའི་ཚོང་རྫས། མི་གཞན་གྱི་རྒྱུ་ནོར་བཙན་གྱིས་ལེན་པ། ཡང་ན་གང་འདོད་དུ་སྤྱི་སྒེར་གྱི་རྒྱུ་ནོར་ལ་གཏོར་བརླག་བྱེད་པ་ལ་ཟེར། “ ཟིང་ཆ་སློང་བ ”ཞེས་པ་ནི་མི་མང་ཚོགས་ས་རུ་དོན་མེད་དུ་ཟིང་ཆ་སློང་བ་དང་། དོན་རྐྱེན་བཟོ་བ། ཉེས་མེད་ལ་གཅར་རྡུང་བྱས་ཏེ་གནོད་སྐྱེལ་བ། བསམ་བཞིན་དུ་བསྙད་བརྐོ་བ། ཁྲིམས་མེད་ལུགས་མེད་ཀྱིས་ཐུན་མོང་གི་སྒྲིག་གཞི་ལ་གཏོར་བརླག་བྱེད་པ་ལ་ཟེར། གལ་ཏེ་བྱ་སྤྱོད་འདིའི་རིགས་ཅུང་ཚབས་ཆེ་ན།   《བདེ་འཇགས་དོ་དམ་ཆད་གཅོད་ཁྲིམས》ཀྱི་ཆད་པ་བཅད་ཆོག་པར་མ་ཟད། 《ཉེས་དོན་བཅའ་ཁྲིམས》ཀྱི་ཆད་གཅོད་ཀྱང་བྱས་ཆོག
གོང་གི་གྱོད་དོན་གཞིེར་བཟུང་ནས། ན་གཞོན་འཁྱམ་པོ་འགས་སློབ་མ་རྣམས་བདའ་འདེད་བྱེད་པའམ་ལམ་བར་དུ་འགོག་པ། བཙན་གྱིས་སློབ་མའི་སྒོར་མོ་ལེན་པ། དོན་མེད་དུ་སློབ་མའི་དཔེ་ཁུག་གཤག་པ། ཟིང་ཆ་སློང་བ་སོགས་ཁྲིམས་འགལ་གྱི་བྱ་སྤྱོད་བཀོད་ཏེ་མི་གཞན་གྱི་མི་ལུས་ཁེ་དབང་དང་རྒྱུ་ནོར་ཁེ་དབང་ལ་གནོད་པ་བསྐྱལ་ཡོད་ཅིང་། དེས་སྤྱི་ཚོགས་སྒྲིག་གཞི་དང་རྒྱལ་ཁྲིམས་སྣང་མེད་དུ་བཞག་པར་མ་ཟད། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཡང་འགལ་ཡོད་པས་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་ལྟར་ཆད་པ་གཅོད་དགོས།།
རྩོམ་སྒྲིག་པ། མཁའ་བྱམས་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།