༄༅།། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བུད་མེད་ཁེ་དབང་འགན་ལེན་བྱེད་པའི་བཅའ་ཁྲིམས། - རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག - མདོ་ལྷོ་དྲ་བ།-甘南香巴拉在线
  中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > བཅའ་ཁྲིམས་ཁྲིམས་སྲོལ། > རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག >
༄༅།། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བུད་མེད་ཁེ་དབང་འགན་ལེན་བྱེད་པའི་བཅའ་ཁྲིམས།
དུས་ཚོད།2015-11-12 16:55:18     རྩོམ་གྱི་ཡོང་ཁུངས།མཚོ་སྔོན་སྲིད་གཞུང་དྲ་བ།    ཆུང་། | འབྲིང་། | ཆེ།
                                                                 དངོས་སྦྱོང་སློབ་མ་ཚེ་རིང་འཚོ།
     ལེའུ་དང་པོ། སྤྱིའི་རྩ་དོན།   
     དོན་ཚན་དང་པོ། (ཁྲིམས་འཛུགས་དམིགས་ཡུལ)   བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་དང༌། ཕོ་མོ་འདྲ་མཉམ་ལ་སྐུལ་འདེད། བུད་མེད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ཁྲོད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཆེད། རྩ་ཁྲིམས་དང་རང་རྒྱལ་གྱི་དངོས་ཡོད་གནས་ཚུལ་གཞིར་བཟུང་ནས་བཅའ་ཁྲིམས་འདི་གཏན་ལ་ཕབ་པ་ཡིན།   
     དོན་ཚན་གཉིས་པ།(བུད་མེད་ཀྱི་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་ཐད)   ཆབ་སྲིད་དང་དཔལ་འབྱོར། རིག་གནས། སྤྱི་ཚོགས་ཡང་ན་ཁྱིམ་ཚང་འཚོ་བ་སོགས་ཕྱོགས་གང་ཐད་ནས་བུད་མེད་ཀྱིས་སྐྱེས་པ་དང་འདྲ་མཉམ་གྱི་ཁེ་དབང་ལོངས་སུ་སྤྱད་ཆོག རྒྱལ་ཁབ་ཀྱིས་བུད་མེད་ལ་ཁྲིམས་ལྟར་ལོངས་སུ་སྤྱོད་ཆོག་པའི་དམིགས་བསལ་ཁེ་དབང་དག་སྲུང་སྐྱོབ་བྱ་རྒྱུ་དང་རིམ་བཞིན་དུ། བུད་མེད་ཀྱི་སྤྱི་ཚོགས་འགན་ལེན་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ། བུད་མེད་ལ་འཕྱ་དམོད་དང་མནར་གཅོད། གདུག་རྩུབ་བྱེད་པའི་བྱི་ཐབས་བཅས་གཏན་འགོག་བྱེད་དགོས།  
 དོན་ཚན་གསུམ་པ། (སྲུང་སྐྱོང་འགན་འཁྲུ་དང་ལེན་བྱེད་པའི་ཐད)   བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་བྱེད་པ་ནི་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་ཁུར་ཡིན། རྒྱལ་ཁབ་ལས་ཁུངས། སྤྱི་ཚོགས་ཚོགས་ཁག ཁེ་ལས་ལས་དོན་སྡེ་ཁག གཞི་རིམ་ཞིང་གྲོང་གི་མང་ཚོགས་རང་བཞིན་རང་སྐྱོང་རྩ་འཛུགས་བཅས་ཀྱིས་བཅའ་ཁྲིམས་འདིའི་འབྲེལ་ཡོད་གཏན་ཁེལ་གཞིར་བཟུང་ནས་བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་དགོས། རྒྱལ་ཁབ་ཀྱིས་ནུས་ལྡན་བྱེད་ཐབས་སྤྱད་ནས། ཁྲིམས་སྟར་བུད་མེད་ཀྱི་དབང་ཆ་སྤྱོད་པར་དགོས་ངེས་ཀྱི་ཆ་རྐྱེན་འདོན་སྤྲོད་བྱེད་དགོས།        དོན་ཚན་བཞི་པ། (བུད་མེད་ཀྱི་ཁེ་དབང་ལ་འགན་ལེན་བྱེད་པའི་སྲིད་གཞུང་ལས་ཁུངས)   རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་བཅས་ཀྱིས་རྩ་འཛུགས་བྱེད་ཐབས་སྤྱད་ནས། འབྲེལ་ཡོད་སྡེ་ཁག་དང་འདུམ་འགྲིག་བྱས་ནས་བུད་མེད་ཀྱི་ཁེ་དབང་འགན་ལེན་བྱ་བ་ལེགས་པོར་སྒྲུབ་དགོས། དངོས་འཛུགས་ལས་ཁུངས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཏན་ཁེལ་བྱེད་དགོས།  
  དོན་ཚན་ལྔ་བ།(བུད་མེད་མཉམ་འབྲེལ་ལྷན་ཚོགས བཟོ་ཚོགས གུང་གཞོན་ཚོགས་པ་བཅས་ཀྱི་བུད་མེད་ཁེ་དབང་འགན་ལེན་བྱེད་པའི་འགན་འཁྲི་ཐད)   ཀྲུང་ཧྭ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རིགས་སོ་སོ་དང་ལས་རིགས་སོ་སོའི་བུད་མེད་ཀྱི་ཁེ་དབང་ལ་འཐུས་ཚབ་བྱེད་པ་དང་སྲུང་སྐྱོང་བྱེད་དགོས་ལ། བུད་མེད་ཁེ་དབང་འགན་ལེན་བྱེད་པའི་བྱ་བ་ལེགས་པར་སྒྲུབ་དགོས། བཟོ་ཚོགས། གུང་ཁྲན་རང་ལུགས་ཀྱི་ན་གཞོན་ཚོགས་པས་རང་ཉིད་ཀྱི་བྱ་བའི་མངའ་ཁོངས་སུ་བུད་མེད་ཀྱི་ཁེ་དབང་ལ་འགན་ལེན་བྱེད་པའི་བྱ་བ་ལེགས་པར་སྒྲུབ་དགོས།   
     དོན་ཚན་དྲུག་པ།(བུད་མེད་རང་གི་འགན་འཁུར་དང་འོས་འགན)   རྒྱལ་ཁབ་ཀྱིས་བུད་མེད་རྣམས་རང་བཀུར་གྱི་བསམ་པ་དང༌། རང་གཅེས། རང་འབད་ལ་སྐུལ་འདེབས་བྱས་ཏེ་ཁྲིམས་ལུགས་བེད་སྤྱད་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་དགོས། བུད་མེད་ཀྱིས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་བརྩི་སྲུང་དང༌། སྤྱི་ཚོགས་ཀྱི་སྤྱི་སྤྱོད་ལ་བརྩི་འཇོག་བྱེད་པ། བཅའ་ཁྲིམས་སུ་གཏན་ལ་ཕབ་པའི་འོས་འགན་ལག་ལེན་བྱེད་དགོས།   
     དོན་ཚན་བདུན་པ། (བྱ་དགའ་གནང་བའི་ཐད)   བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་བྱས་ཤིང་གྲུབ་འབྲས་མངོན་གསལ་བླངས་པའི་རྩ་འཛུགས་དང་མི་སྒེར་བཅས་ལ་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་གཟེངས་བསྟོད་དང་བྱ་དགའ་གནང་དགོས།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།