中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > བཅའ་ཁྲིམས་ཁྲིམས་སྲོལ། > ས་གནས་ཀྱི་ཁྲིམས་སྲོལ། >
༄༅།། བཅའ་ཁྲིམས་ཤེས་བྱ།
དུས་ཚོད།2017-09-08 15:13:02     རྩོམ་གྱི་ཡོང་ཁུངས། མཚོ་སྔོན་བོད་ཡིག་བཅའ་ཁྲིམས་ཚགས་པར།    ཆུང་། | འབྲིང་། | ཆེ།


བཅའ་ཁྲིམས་ཤེས་བྱ།

 
ཅི་ཞིག་ལ་ཁང་ས་དང་ཁང་སའི་
བཀོལ་དབང་ཟེར།

 
  མདོར་བསྡུས་ནས་བཤད་ན། ཁང་ས་ནི་ཞིང་པས་ཁྲིམས་ལྟར་བླངས་པའི་ཞིང་སྡེ་ཐུན་མོང་ལ་དབང་བའི་ཁང་བ་འཛུགས་སྐྲུན་ཐད་བཀོལ་བར་མ་ཟད། སྡོད་གནས་བཀོལ་སྤྱོད་བྱེད་དབང་ཡོད་པའི་ས་དེ་ལ་ཟེར། རང་རྒྱལ《རྩ་ཁྲིམས》ཀྱི་གཏན་ཁེལ་ལྟར་ན།ཁང་ས་ནི་ཞིང་པ་ཐུན་མོང་ལ་དབང་བ་ཡིན། ཐུན་མོང་གི་རྩ་འཛུགས་གྲས་ཀྱི་ཞིང་པ་གཅིག་ལ་མཚོན་ན་རིན་མེད་སྒོས་བླངས་ཆོག་པ་དང་རིན་མེད་སྒོས་ཁང་ས་བཀོལ་སྤྱོད་བྱས་ཆོག
  ཁང་ས་བཀོལ་སྤྱོད་བྱེད་པའི་དབང་ཆ་ནི་ཞིང་པའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མིའི་ཐོབ་ཐང་ལ་གཞིགས་ཏེ།ལོངས་སུ་སྤྱད་ཆོག་པའི་ཕན་བདེའི་འགན་ལེན་ཞིག་དང་།ཞིང་པས་ཁང་སའི་སྟེང་སྡོད་ཁང་འཛུགས་སྐྲུན་ནམ་ཡང་ན་ཁོངས་གཏོགས་སྒྲིག་ཆས་ཀྱིས་རྩ་བའི་སྡོད་གནས་གནད་དོན་ཐག་གཅོད་བྱས་ཆོག་པའི་ཁེ་དབང་ཞིག་ལ་ཟེར།
  ཞིང་སྡེའི་ཡུལ་མའི་སྡོད་གནས་འཛུགས་སྐྲུན་བྱེད་དུས་ཤང(གྲོང་རྡལ)གི་ས་ཆ་བེད་སྤྱོད་བྱེད་པའི་སྤྱིའི་འཆར་འགོད་དང་མཐུན་དགོས་པར་མ་ཟད། གང་ནུས་ཅི་ཐུབ་སྒོས་སྔོན་མ་ནས་ཡོད་པའི་ཁང་ས་དང་སྡེ་བའི་ནང་ཡོད་པའི་བེད་མེད་ས་ཞིང་བཀོལ་སྤྱོད་བྱ་དགོས། ཞིང་སྡེའི་ཡུལ་མའི་སྡོད་ཁང་ས་གནས་བཀོལ་སྤྱོད་བྱེད་དུས། ཤང(གྲོང་རྡལ)མི་དམངས་སྲིད་གཞུང་གི་ཞིང་བཤེར་གཏན་འབེབས་བྱས་ཏེ། རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་ཆོག་མཆན་འགོད་དགོས།
མི་ཚང་མས་ཞིང་སྡེའི་ཁང་ས་ལེན་པའི་
སྙན་ཞུ་དབུལ་ཆོག་གམ།

 
    རྒྱུན་ལྡན་གྱི་གནས་ཚུལ་འོག་ཏུ། ཞིང་སྡེའི་ཡུལ་མི་ཁོ་ནས་ཞིང་སྡེའི་ཁང་ས་ལེན་པའི་སྙན་ཞུ་དབུལ་ཆོག ཞིང་སྡེའི་ཡུལ་མི་རང་སྡེ་བའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མི་གཙོ་བོ་ཡིན་ཞིང་། གལ་ཏེ་རང་སྡེ་བའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མིའམ་ཡང་ན་གྲོང་རྡལ་སྡོད་དམངས་མིན་ཚེ། སྤྱིར་བཏང་དུ་ཁང་སའི་སྙན་ཞུ་དབུལ་མི་ཆོག དེར་ཕལ་ཆེར་དམིགས་བསལ་གྱི་གནས་ཚུལ་ཡང་ཡོད་པ་རེད། དཔེར་ན། ས་ཆ་ཁ་ཤས་སུ། གལ་ཏེ་སྡེ་དམངས་ཚོགས་ཆེན་བརྒྱུད་དེ་འཐད་པ་བྱུང་བའམ་ཡང་ན་འབྲེལ་ཡོད་ཀྱི་སྲིད་གཞུང་སྡེ་ཁག་བརྒྱུད་དེ་གཟབ་ནན་སྒོས་ཆོག་མཆན་བཀོད་རྗེས། དམིགས་བསལ་ཁ་ཤས་དང་རང་སྡེ་མ་ཡིན་པའི་མི་གཞན་པས་སྙན་ཞུ་དབུལ་ཏེ་ཁང་ས་བླངས་ཆོག

གྲོང་རྡལ་ཁྱིམ་ཐོ་སྡོད་དམངས་ཀྱིས་
ཁང་ས་ཉོས་ཆོག་གམ།

 
   གྲོང་རྡལ་ཁྱིམ་ཐོ་སྡོད་དམངས་ཀྱིས་ཁང་ས་ཉོས་མི་ཆོག རང་རྒྱལ་གྱིས་ད་ལྟ་སྤྱོད་བཞིན་པའི《ས་ཞིང་དོ་དམ་བཅའ་ཁྲིམས》དང་སྲོལ་ཡིག་ལག་བསྟར་བྱེད་པའི་གཏན་ཁེལ་གཞིར་བཟུང་ན། ཞིང་པས་སྡོད་ཁང་འཛུགས་སྐྲུན་ཀྱི་བཀོལ་སྤྱོད་བྱེད་པའི་ཁང་ས་ནི་ཞིང་པ་ཐུན་མོང་ལ་དབང་བ་དང་། ཁང་སའི་བཀོལ་སྤྱོད་བྱེད་དབང་ནི་སྤྱིར་བཏང་དུ་ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མིར་ཡོད་པ་ཡིན། དེ་བས་རང་རྒྱལ་གྱིས་ད་ལྟ་སྤྱོད་བཞིན་པའི་བཅའ་ཁྲིམས་དང་སྲིད་ཇུས་བཅས་སུ། གྲོང་རྡལ་ཁྱིམ་ཐོ་སྡོད་དམངས་ཀྱིས་ཞིང་སྡེའི་ཁང་ས་ཉོ་བར་བཀག་འགོག་བྱས་ཡོད། གལ་ཏེ་སྔོན་མའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱིས་ཁོངས་མི་གྲོང་རྡལ་ཁྱིམ་ཐོ་རུ་བསྒྱུར་ཚེ། སྔོན་དུ་བླངས་ཡོད་པའི་ཁང་ས་སྤྱིར་བཏང་དུ་ཐུན་མོང་དཔལ་འབྱོར་རྩ་འཛུགས་ལ་ཕྱིར་སྤྲོད་འོས།
                                                                               
                                                                                  རྩོམ་སྒྲིག་པ། ལྷ་ཁོ།

 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།