中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > བཅའ་ཁྲིམས་ཁྲིམས་སྲོལ། > ས་གནས་ཀྱི་ཁྲིམས་སྲོལ། >
༄༅།། ཁྱིམ་དུ་འཛུལ་བའི་རྐུན་མ་བསད་ཚེ་ཁྲིམས་འགན་འཁུར་དགོས་སམ།
དུས་ཚོད།2017-09-13 10:35:40     རྩོམ་གྱི་ཡོང་ཁུངས། མཚོ་སྔོན་ཁྲིམས་ལུགས་ཚགས་པར།    ཆུང་། | འབྲིང་། | ཆེ།
ཁྱིམ་དུ་འཛུལ་བའི་རྐུན་མ་བསད་ཚེ་ཁྲིམས་འགན་འཁུར་དགོས་སམ།
 
  འགོག་སྲུང་བྱ་སྤྱོད་ཡོད་ཚད་ནི་ལུགས་མཐུན་འགོག་སྲུང་དུ་གྲུབ་མི་སྲིད། གལ་ཏེ་ཚད་བརྒལ་གྱི་འགོག་སྲུང་ངོ་བོ་རུ་གྲུབ་ཡོད་ཚེ་ཉེས་དོན་འགན་འཁྲི་འཁུར་དགོས། རང་རྒྱལ《ཉེས་ཁྲིམས》ཀྱི་དོན་ཚན20པའི་ཚན་པ2པའི་གཏན་ཁེལ་ལྟར་ན།“ལུགས་མཐུན་འགོག་སྲུང་བྱ་སྤྱོད་མངོན་གསལ་སྒོས་དགོས་ངེས་ཀྱི་ཚད་ལས་བརྒལ་ཏེ་ཕ་རོལ་པོར་གནོད་འཚེ་ཚབས་ཆེན་བཟོས་ཚེ། ཉེས་དོན་འགན་འཁྲི་འཁུར་དགོས། ཡིན་ནའང་དེར་ཆད་པ་ཡང་མོའམ་ཡང་ན་ཆད་པ་མེད་པར་གཏོང་འོས ”ཞེས་བཀོད་ཡོད།
\

  དགོས་ངེས་ཀྱི་ཚད་ཐིག་ཅེས་པ་ནི་འགོག་སྲུང་གི་བྱེད་ཐབས་དང་ངོ་བོ་སོགས་སྤྱད་དེ་ནག་ཉེས་བཟོ་བའི་བྱ་སྤྱོད་བཀག་འགོག་བྱས་པ་ལ་ཟེར། ཚད་བརྒལ་གྱི་འགོག་སྲུང་ལ་རང་རྒྱལ་གྱི་ཉེས་ཁྲིམས་སུ་གཏན་ཁེལ་བྱས་ཡོད་པ་ལྟར་ན་ཉེས་དོན་འགན་འཁྲི་འཁུར་དགོས། ཡིན་ཡང་དུས་མཚུངས་སུ་ཆད་པ་ཡང་མོའམ་ཡང་ན་ཆད་པ་མེད་པར་གཏོང་འོས། དེ་ལས་གཞན་མཉམ་འཇོག་དགོས་པ་ཞིག་ནི་ཚད་བརྒལ་འགོག་སྲུང་དེ་དགོས་ངེས་ཀྱི་ཚད་ལས་བརྒལ་ཏེ་གནོད་འཚེ་ཚབས་ཆེན་བཟོས་ཚེ། ད་གཟོད་ཉེས་དོན་འགན་འཁྲི་འཁུར་དགོས། གལ་ཏེ་ཚད་ལས་མ་བརྒལ་བ་དང་གནོད་འཚེ་ཚབས་ཆེན་བཟོས་མེད་ཚེ། ཉེས་དོན་འགན་འཁྲི་འཁུར་མི་དགོས།
\

   དེ་བས། ཁྱིམ་དུ་འཛུལ་བའི་རྐུན་མ་བསད་པ་དེ་ཚད་བརྒལ་འགོག་སྲུང་དུ་གྲུབ་ཡོད་ཚེ། བཅའ་ཁྲིམས་འགན་འཁྲི་འཁུར་དགོས་སོ།།


                                                                                      རྩོམ་པ་པོ། ལྷ་ཁོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།