中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > བཅའ་ཁྲིམས་ཁྲིམས་སྲོལ། > ས་གནས་ཀྱི་ཁྲིམས་སྲོལ། >
༄༅།། གཡོ་འོག་ཏུ་ཚུད་པའི་སློབ་ཆེན་པ།
དུས་ཚོད།2017-09-15 11:26:03     རྩོམ་གྱི་ཡོང་ཁུངས། མཚོ་སྔོན་ཁྲིམས་ལུགས་ཚགས་པར་ཁང་།    ཆུང་། | འབྲིང་། | ཆེ།

གཡོ་འོག་ཏུ་ཚུད་པའི་སློབ་ཆེན་པ།
 
  “རིན་མེད”ཀྱི་མཐོ་རིམ་སློབ་གྲྭའི་འཆད་ཁྲིད་སྟེགས་བུའི་སྟེང་དུ་འཆད་རྩོད་རྩོམ་གསུམ་ལ་མཁས་པའི་སློབ་དཔོན་མང་དུ་མཆིས་ཀྱང་། དེའི་རྒྱབ་ཏུ་ལྐོག་གྱུར་གྱི་གསང་བ་མི་ཉུང་བ་ཞིག་ཡོད་པ་སུའི་ཡིད་ལའང་ཤར་མྱོང་མེད། ཟླ5པའི་ཚེས4ཉིན། ཀོང་ཀྲིག་ཉེན་རྟོག་ཕྱོགས་ཀྱིས་བརྡ་ཁྱབ་སྤེལ་ཏེ། ཉེ་ལམ་དངུལ་རྩའི་ཁྱབ་ཁོངས་ཀྱི་ཉེས་ཅན་འཛིན་བཟུང་ཆེད་དོན་འགུལ་སྐྱོད་ཁྲོད་དུ། ཀུང་ཀྲིག་གི་མཐོ་རིམ་སློབ་ཆེན་སློབ་མ400ལྷག་ལ་མགོ་སྐོར་ཐེབས་པའི་གྱོད་གཞི་ཞིག་རྩད་ཆོད་ཅིང་། དོགས་ཡོད་ཉེས་ཅན4ལ་མགོ་སྐོར་བཏང་སྟེ་གན་རྒྱ་གཡོ་ལེན་བྱས་པའི་ནག་ཉེས་བསགས་ཡོད་པར་བརྟེན་ཉེན་རྟོག་ཕྱོགས་ཀྱིས་ཁྲིམས་ལྟར་ཉེས་དོན་བཀག་སྐྱིལ་བྱས།

 
\


མགོ་སྐོར་གཡོ་ལེན།
 
  2016ལོའི་ཟླ2པར། ཀུང་ཀྲིག་གི་སློབ་ཆེན་ག་གེ་མོ་ཞིག་གི་སློབ་རིམ་གཉིས་པའི་སློབ་མ་ཞའོ་ལེན་གྱིས་སློབ་གྲྭས་རྩ་འཛུགས་བྱས་པའི་ལས་ཞུགས་མཛུབ་སྟོན་འཆད་ཁྲིད་སྟེང་། ཀུང་ཀྲིག་གི་སློབ་གསོ་ཚན་རྩལ་ཚད་ཡོད་ཀུང་སི་ཞིག་ལ་རྒྱུས་ལོན་བྱས་ཤིང་། ཀུང་སི་དེ་ནི་ལས་ཞུགས་གོ་སྐབས་བསྐྲུན་པ་དང་ལས་ཞུགས་ཟབ་སྦྱོང་ཞབས་ཞུ་མཁོ་སྤྲོད་བྱེད་པ་ལས་སྒྲུབ་ཀྱི་དམིགས་ཡུལ་ཡིན་པའི་ཟབ་སྦྱོང་སྒྲིག་གཞི་ཞིག་ཡིན་པ་དང་། ཟབ་སྦྱོང་གྲོས་མཐུན་ཡི་གེའི་སྟེང་མིང་ཐོ་བཀོད་རྗེས། ཟབ་སྦྱོང་གྲོན་དངུལ་སྔོན་ལ་བསྐྱིས་དངུལ་གྱི་ཚུལ་དུ་བླངས་ཏེ་རྗེས་སུ་དུས་བགོས་ལྟར་ཕྱིར་སྤྲད་ཀྱང་ཆོག ལས་སྒྲུབ་བསམ་བློ་དེའི་འགུག་ཤུགས་འོག་ཏུ་སློབ་མ་ཞའོ་ལེན་གྱིས་ཀུང་སི་དེ་ལ་གན་རྒྱ་རབ་དང་རིམ་པ་བཞག་ཅིང་། ཡུན་གྱིས་ཟབ་སྦྱོང་སློབ་ཁྲིད་དེ་ལ་ནན་གྱིས་ཉན་པ་དང་བསྟུན་ནས་ཞའོ་ལེན་གྱི་སེམས་སུ་སློབ་ཁྲིད་དེས་ལས་ཞུགས་ལ་མཛུབ་སྟོན་བྱེད་མི་ཐུབ་པ་ཤེས་ཤིང་། ཁོ་རང་ཟབ་སྦྱོང་དེ་ལས་ཕྱིར་འབུད་པར་སྙན་ཞུ་ཕུལ།
  2017ལོའི་ཟླ3པའི་ཚེས30ཉིན་གྱི་སྔ་དྲོར། ཞའོ་ལེན་ཐེན་ཧི་ཁུལ་ཀྲའོ་ཅང་གྲོང་གསར་གྱི་ཐོག་ཁང་ག་གེ་མོར་ཐོན་དུས།ཀུང་སི་དེའི་སྒོ་ཆེན་གཏན་འདུག་ལ་ནང་དུ་མི་གཅིག་ཀྱང་མེད། ཀུང་སིའི་ལས་བཟོ་པར་ཡང་ཁ་པར་མ་འཕྲོད། དེའི་རྗེས་སུ་ཞའོ་ལེན་གཅིག་རྗེས་གཉིས་མཐུད་ཀྱིས་ཕྱིར་འབུད་སྙན་ཞུ་འབུལ་བཞིན་པའི་སློབ་མ་མང་པོར་འཕྲད་ཅིང་། ཁོས་རྩད་གཅོད་ཡང་ཡང་བྱས་རྗེས་ད་ལོའི་ལོ་སྟོད་དུ་ཕྱིར་འབུད་སྙན་ཞུ་བྱས་ཡོད་པའི་སློབ་མ་མང་པོ་ཡོད་པ་ད་གཟོད་ཤེས་རྟོགས་བྱུང་། དེ་ནས་ཁོ་རང་འུ་ཐུག་ཐབས་ཟད་དུ་གྱུར་ནས་ཐེན་ཧི་ཉེན་རྟོག་ཕྱོགས་ལ་གྱོད་དོན་སྙན་ཞུ་ཕུལ།
  གྱོད་དོན་སྙན་ཞུ་འབྱོར་རྗེས་ཐེན་ཧི་ཉེན་རྟོག་ཕྱོགས་ཀྱིས་གྱོད་དོན་ཆེད་སྒྲུབ་ཚོ་ཆུང་རྩ་འཛུགས་བྱས་ཤིང་། མྱུལ་ཞིབ་བྱས་པ་བརྒྱུད་གྱོད་དོན་ཆེད་སྒྲུབ་ཉེན་རྟོག་པས་ཀུང་སི་དེས་མགོ་སྐོར་བཏང་བ་མང་ཆེ་ཤོས་སློབ་ཆེན་སློབ་མ་ཡིན་ཞིང་ཁྱབ་ཁོངས་ཤིན་ཏུ་ཆེ་བ་དང་། མི400ལྷག་ལ་མགོ་སྐོར་བཏང་འདུག་པ་རྩད་ཆོད།
  ཉིན་མཚན་གསུམ་རིང་ལ་སྲུང་སྒུག་བྱས་པ་བརྒྱུད། ཟླ4པའི་ཚེས21ཉིན་གྱི་ཆུ་ཚོད2ཡས་མས་སུ་གྱོད་དོན་ཆེད་སྒྲུབ་ཉེན་རྟོག་པས་ཀུང་སིའི་འགན་འཛིན་པ་ཞཱང་ཆེ་གེ་མོ༼ཕོ། ལོ41 ཧི་པེ་ཡེ་ཁྲང་གི་མི༽འཛིན་བཟུང་བྱས་པ་དང་། ཟླ4པའི་ཚེས22ཉིན་གྱི་ཕྱི་དྲོའི་ཆུ་ཚོད2ཡས་མས་སུ་གྱོད་དོན་ཆེད་སྒྲུབ་ཉེན་རྟོག་ཚོ་ཆུང་གཞན་ཞིག་གིས་ཡེ་ཞུག་ཁུལ་གྱི་ས་འོག་ལྕགས་ལམ་ཞིག་གི་སྒོ་འགྲམ་དུ་ཀུང་སིའི་ནོར་སྲིད་འགན་ཁུར་བ་བཱང་ཆེ་གེ་མོའང་འཛིན་བཟུང་བྱས་ཤིང་། ཟླ5པའི་ཚེས3ཉིན་གྱི་ཆུ་ཚོད11ཡས་མས་སུ་ཀུང་སིའི་བདག་གཉེར་སྤྱི་ཁྱབ་ལྟ་ཞིབ་པ་དང་འཆད་ཁྲིད་དགེ་རྒན་གྱི་འགན་གཅིག་ལྕོགས་སུ་འཁུར་ཡོད་པའི་ཐན་ཆེ་གེ་མོ་དང་སློབ་མ་བསྡུ་བའི་སྤྱི་ཁྱབ་ལྟ་སྐུལ་བ་ཚའོ་ཆེ་གེ་མོ་གཉིས་ཀྱིས་ཐེན་ཧི་ཉེན་རྟོག་ཕྱོགས་ལ་རང་ཉེས་ངོས་ལེན་བྱས།


 
\
 

 
འཆད་ཁྲིད་དགེ་རྒན།
 
  ཞིབ་བཤེར་བྱས་པ་བརྒྱུད་རྒྱུས་ལོན་པ་ལྟར་ན། ཀུང་སི་དེས2015ལོ་ནས་བཟུང་མཐོ་རིམ་སློབ་གྲྭའི་ཚོགས་པ་སྣ་ཚོགས་ཀྱི་འགན་འཛིན་པ་དང་འབྲེལ་བ་བྱས་ནས་སློབ་གྲྭའི་ནང་དུ་རིན་མེད་སྒོས་ལས་རིགས་མཛུབ་སྟོན་འཆད་ཁྲིད་བྱེད་བཞིན་ཡོད་པ་དང་། ཡང་ན་སློབ་གྲྭའི་ཉེ་འཁོར་དུ་མི་བཙལ་ནས་གནས་ཚུལ་རྒྱུས་ལོན་བྱེད་དུ་འཇུག་པ། སྐད་འཕྲིན་གྱི་ཚོགས་པ་སྣ་ཚོགས་བཙུགས་ནས་སློབ་གྲྭའི་ནང་གི་སློབ་མ་རྣམས་ཀྱི་འབྲེལ་གཏུག་བྱེད་ཐབས་འཚོལ་བ། དེ་ནས་ཁ་པར་གཏོང་བ་དང་འཕྲིན་ཡིག་བསྐུར་བ་སོགས་ཀྱི་ཐབས་སྤྱད་ནས་སློབ་མར་འབྲེལ་བ་བྱས་ཏེ། ཀྲུའུ་ཅང་གྲོང་གསར་དུ་ཡོད་པའི་ཀུང་སིས་རིན་མེད་སྒོས་ལས་ཞུགས་བྱ་བཞག་གསར་སྤེལ་གྱི་ནུས་པར་ཞིབ་བཤེར་དང་གསལ་འགྲེལ་བྱེད་བཞིན་ཡོད་ཅིང་། ཀུང་སི་དེའི“མཛུབ་ཁྲིད་དགེ་རྒན”གྱིས་ཀུང་སིའི་ནང་དུ་ཡོང་བའི་སློབ་མར་ཞིབ་བཤེར་བྱས་པ་གཞིར་བཟུང་སྟེ། བསམ་གཟས་ནས་སློབ་མའི་བྱ་བ་འཚོལ་བའི་ནུས་པར་དབྱེ་ཞིབ་དང་། ཕྱོགས་བསྡུས་སྤུས་ཚད་སོགས་ཧ་ཅང་ཞན་པའི་སྡོམ་ཚིག་བཀོད་ནས་སློབ་མའི་ལས་ཞུགས་ཡིད་ཆེས་རེ་རེ་བཞིན་འཇོམས་བཞིན་ཡོད་ཅིང་། དེ་ནས་ཀུང་སིའི“ལྷུན་གྲུབ་འཆར་འགོད”དེ་བཟང་ཚུལ་སོགས་བཤད་བཞིན་ཡོད།
  འཆར་འགོད་དེའི་ནང་དུ་མཐོ་རིམ་སློབ་མའི་ལས་ཞུགས་ནུས་པ་མཐོར་འདེགས་སུ་གཏང་བའི་སློབ་ཁྲིད་མང་པོ་འདུས་ཡོད་ལ།ཞོར་དུ་འཆར་འགོད་དེ་གཞུང་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་བཞིན་ཡོད་པའི་ལས་གཞི་ཞིག་ཡིན་པ་དྲིལ་སྒྲོག་བྱེད་བཞིན་ཡོད། གཞན་སྔོན་གྱི་ཟླ6རིང་སློབ་ཡོན་སྟེར་མི་དགོས་པ་དང་། རྗེས་སུ་ཟླ་རེར་སྒོར700སྟེར་དགོས་ཤིང་། ཟླ18ནང་དུ་སྒོར9920ཡི་ཟབ་སྦྱོང་གྲོན་དངུལ་ལས་གཞན་སྒོར3000ལྷག་གི་བསྐྱིས་སྒོར་གྱི་སྐྱེད་ཀ་བཅས་སྤྲོད་དགོས། ཀུང་སིས་ད་དུང་ལས་ཞུགས་ཀྱི་ལས་གནས་མཚམས་སྦྱོར་བྱེད་རྒྱུ་དང་གུང་གསེང་བེད་སྤྱད་ནས་བསྐྱིས་པའི་གྲོན་དངུལ་ཕྱིར་སྤྲོད་པར་ལས་ཀ་འཚོལ་བ། ཟབ་སྦྱོང་བྱེད་པར་འཐད་པ་མིན་ཚེ་ཕྱིར་འབུད་སྙན་ཞུ་ཞུས་ཆོག་པ་སོགས་ངག་ཐོག་ནས་གན་རྒྱ་འཇོག་བཞིན་ཡོད། སློབ་མར་བསླུ་བྲིད་བཏང་སྟེ་ཀུང་སིའི་ནང་དུ“ལྷུན་གྲུབ་འཆར་འགོད”ཀྱི་རེ་འདུན་སྙན་ཞུ་ཡི་གེ་དང་། སློབ་གསོའི་དུས་བགོས་བསྐྱིས་དངུལ་གྱི་ཕྱོགས་གཉིས་ཀའི་གྲོས་འཆམ་ཡི་གེ སློབ་གསོའི་དུས་བགོས་བསྐྱིས་དངུལ་ཕྱིར་སྤྲོད་པའི་འཆར་གཞི་སོགས་ཀྱི་གན་རྒྱར་མིང་རྟགས་འགོད་དུ་འཇུག་པ་དང་། ད་དུང《རྩིས་སྤྲོད་མཛུབ་སྟོན་གཏན་ཁེལ་ཡི་གེའི》སྟེང་དུ་མིང་རྟགས་འགོད་པའི་རྣམ་པ་བརྒྱུད་ནས་ཀུང་སི་འདིས་བསྐྱིས་དངུལ་ཀུང་སིའི་དངུན་བུན་གཏོང་བ་ཐད་ཀར་བསྡུ་ལེན་བྱེད་བཞིན་མཆིས།
  གྱོད་སྒྲུབ་ཉེན་རྟོག་པས་མཚམས་སྦྱོར་བྱས་པ་ལྟར་ན། ཀུང་སི་འདིས་སློབ་གསོ་པུའུ་ཡི་ཆོག་མཆན་ཡི་གེ་བླངས་མེད་ལ། འཆད་ཁྲིད་དགེ་རྒན་ལའང་ཡོན་ཚད་ཅི་ཡང་མེད་པ་དང་། རང་ཉིད་ཀྱི་ཉམས་མྱོང་བསྡུ་ལེན་བྱས་ཏེ་སློབ་ཁྲིད་ལ་སྒྲིག་གཞི་ཞིག་བཟོས་ནས་ཟབ་སྦྱོང་སྤེལ་བ་རེད་ཟེར།


 
\


 
བདེ་འཇགས་གསལ་བརྡ།
 
  ཐེན་ཧི་ཉེན་རྟོག་ཕྱོགས་ཀྱིས་རྒྱ་ཆེའི་ཀུང་ཀྲིག་མང་ཚོགས་ལ་གསལ་འདེབས་བྱེད་རྒྱུར། བྱ་བ་འཚོལ་བཞིན་པ་དང་སློབ་གྲྭར་ཡོད་པའི་སློབ་མས་རང་ཉིད་ཀྱི་བདེ་འཇགས་སྔོན་འགོག་འདུ་ཤེས་མཐོར་འདེགས་སུ་བཏང་སྟེ། གང་འདོད་དུ་རིན་མེད་ཟབ་སྦྱོང་རིགས་ལ་ཡིད་ཆེས་མི་རུང་ཟེར།
  མཐོ་རིམ་སློབ་གྲྭའི་དོ་དམ་པས་སློབ་རའི་བདེ་འཇགས་དོ་དམ་མཐོར་འདེགས་བཏང་ནས་ཁྲིམས་འགལ་མི་སྣས་སློབ་མར་མགོ་སྐོར་གཏོང་བར་དོགས་ཟོན་བྱེད་དགོས་པ། གན་རྒྱར་མིང་རྟགས་འགོད་དུས་ནན་ཏན་སྒོས་དོན་ཚན་རེ་རེ་བཀླག་སྟེ་རང་ཉིད་ཀྱི་ཁེ་དབང་ལ་འགན་སྲུང་བྱ་དགོས་པ་དང་། མི་སྒེར་གྱི་ཆ་འཕྲིན་བདེ་འཇགས་ལ་སྲུང་སྐྱོང་ནན་མོ་བྱ་དགོས། བྱ་བ་འཚོལ་བཞིན་པའི་ཤེས་ལྡན་མི་སྣའི་ཁྲོམ་དང་དུས་བཅད་ཀྱིས་སྤེལ་བཞིན་པའི་ལས་ཞུགས་བསྡུ་ལེན་ཚོགས་འདུ་སོགས་སུ་ཚད་ལྡན་གྱི་བྱ་བ་འཚོལ་དགོས།

                                                                                   རྩོམ་སྒྲིག་པ།  ལྷ་ཁོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།