中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > བཅའ་ཁྲིམས་ཁྲིམས་སྲོལ། > ས་གནས་ཀྱི་ཁྲིམས་སྲོལ། >
༄༅།། ཚེ་ཐར་རིགས་ཤིག་གཏན་འགོག་བྱས་པ།
དུས་ཚོད།2019-02-15 11:33:01     རྩོམ་གྱི་ཡོང་ཁུངས། མཚོ་སྔོན་ཁྲིམས་ལུགས་ཚགས་པར།    ཆུང་། | འབྲིང་། | ཆེ།
རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་ཕྱི་ནས་ཁྱེར་ཡོང་བའི་ཉ་རིགས་ཚེ་ཐར་གཏོང་བ་གཏན་འགོག་བྱས་པ།
   ཚ་ཤོས།
    རྨ་འབྲི་རྫ་གསུམ་འབྱུང་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་ནུས་ལྡན་སྲུང་སྐྱོང་དང་། ཆུ་སྐྱེས་སྐྱེ་དངོས་སྣ་མང་རང་བཞིན་དང་ཐོན་ཁུངས་ཀྱི་སྐྱེས་ཐོབ་རང་བཞིན་རྒྱུན་འཁྱོངས་བྱ་ཆེད། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས་བརྡ་སྦྱོར་བཏང་ནས། 2019ལོའི་ཟླ་དང་པོའི་ཚེས1ཉིན་ནས་བཟུང་ཡུལ་ཤུལ་ཁུལ་ཁོངས་ཀྱི་རྨ་འབྲི་རྫ་གསུམ་དང་། མཚེའུ། ཆུ་མཛོད་སོགས་སྤྱི་པའི་ཆུ་ཁོངས་སུ་ཕྱི་ནས་ཁྱེར་ཡོང་བའི་ཉ་རིགས་གང་བྱུང་དུ་ཚེ་ཐར་གཏོང་བར་གཏན་འགོག་བྱེད་པ་དང་ཁྲིམས་འགལ་ཚབས་ཆེན་ལ་ཉེས་ཆད་གཅད་རྒྱུ་རེད།
   ཡུལ་ཤུལ་ཁུལ་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཁུངས་ཡིན་པ་དང་། འཛམ་གླིང་གི་རྒྱ་མཚོའི་ངོས་ལས་ཆེས་མཐོ་བའི་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་འདུས་ཆེ་ཤོས་ཀྱི་ས་ཁུལ་ཡིན། སྔ་ཕྱི་བར་གསུམ་དུ་འབྲོག་དམངས་དང་ས་ཆ་གཞན་གྱི་ཡུལ་སྐོར་བ་རེ་ཟུང་གིས་གྲོང་ཁྱེར་ཉེ་འགྲམ་གྱི་ཆུ་བོའི་ནང་རང་དགར་ཕྱི་ནས་ཁྱེར་ཡོང་བའི་ཉ་ཚེ་ཐར་བཏང་སྟེ། ས་གནས་དེ་གའི་ཆུ་གཙང་མ་དང་ཐ་ན་སྐྱེ་ཁམས་བདེ་འཇགས་ལ་མི་མངོན་པའི་འཇིགས་སྣང་སྐུལ་བཞིན་ཡོད། འབྲེལ་ཡོད་སྐྱེ་ཁམས་སྲུང་སྐྱོང་ལས་དོན་དོན་འཁྱོལ་ནུས་ལྡན་ཡོང་ཆེད།ཡུལ་ཤུལ་ཁུལ་ཉ་ལས་སྲིད་འཛིན་དང་། ཆུ་སྲིད་སོགས་སྡེ་ཚན་གྱིས་མཉམ་འབྲེལ་ཁྲིམས་བསྟར་བྱས་ཏེ། " ཁྱབ་ཁོངས་ཁ་གསལ་དང་། འགན་འཁྲི་དམིགས་སར་འཁེལ་བ། བྱེད་ཐབས་དམིགས་སར་འཁེལ་བ།" "ལས་གནས་གཅིག་ལ་འགན་འཁྲི་གཉིས། ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས"ཀྱི་རྩ་དོན་ལྟར་ཁུལ་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་བཞི་ཡི་ཆུ་བོ 1138ལ་དོ་དམ་དང་ཆུ་བོ་དང་མཚེའུ་ལ་སྐོར་ཞིབ་བྱེད་འགན་དོན་འཁྱོལ་ནན་ཏན་བྱ་དགོས་ལ། ཆུ་ཐོན་དངོས་རིགས་གསོ་སྤེལ་དོ་དམ་བྱེད་ཤུགས་ཆེ་རུ་གཏང་དགོས་པར་མ་ཟད་ཕྱི་ཕྱོགས་ནས་ཉོ་འདྲེན་བྱས་པའི་ཉ་རིགས་ཕྱིར་འཚོང་གི་གནས་ཚུལ་ཁོང་དུ་ཆུད་པར་བྱས་ནས་ས་གནས་དེ་གའི་ཉ་རིགས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་མི་ཡོང་བར་བྱ་དགོས་པ་བསྟན།
     ཡུལ་ཤུལ་ཁུལ་སྲིད་གཞུང་གིས་བརྡ་སྦྱོར་བཏང་བ་ལྟར་ན། བརྟན་འཇགས་རང་བཞིན་གྱི་ཚུལ་གྱིས་ཕྱི་ནས་ཡོང་བའི་ཉ་རིགས་ཚེ་ཐར་གཏན་འགོག་གི་ལས་ཀའི་རྒྱུན་ཕན་གྱི་ལམ་སྲོལ་འཛུགས་པ་དང་། རིམ་པ་ཁག་གི་དྲིལ་སྒྲོག་སྡེ་ཁག་གིས་མི་རིགས་ཆོས་ལུགས་དང་། སློབ་གསོ། ཤང་གྲོང་། དགོན་སྡེ་དོ་དམ་ལས་བྱེད་པ་སོགས་དང་མཉམ་འབྲེལ་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་ཚེ་ཐར་གཏང་རྒྱུའི་གལ་ཆེའི་རང་བཞིན་དང་དགོས་ངེས་ཀྱི་རང་བཞིན་དུས་ཡུན་རིང་པོར་དྲིལ་སྒྲོག་ཤུགས་ཆེར་བཏང་ནས། འབྲེལ་ཡོད་གཏན་འབེབས་དང་འགལ་བའི་མི་སྒེར་རམ་ཚོགས་པར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉ་ལས་སྐོར་གྱི་བཅའ་ཁྲིམས 》 དང《 ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཆད་པ་གཅོད་རྒྱུ་ཡིན་ཞིང་། ངན་འབྲས་ཚབས་ཆེན་བཟོ་མཁན་ལ་ཉེས་འགན་བདའ་འདེད་གཏང་རྒྱུ་རེད།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།