中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > བཅའ་ཁྲིམས་ཁྲིམས་སྲོལ། > ས་གནས་ཀྱི་ཁྲིམས་སྲོལ། >
༄༅།། ཉེས་དོན་གྱི་སྐོར།
དུས་ཚོད།2019-03-04 09:28:13     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    1.ཉེས་དོན་གྱི་གྱོད་གཞིའི་ཁྲོད་དུ། ཉེ་དུ་སུ་ཞིག་གིས་ཉེས་དོན་གྱི་མངགས་བཅོལ་གན་རྒྱ་འབྲི་ཆོག་གམ། ཉེ་དུའི་ཁྱབ་ཁོངས་གང་དག་ཡིན།
    ཕ་མ་དང་། བཟའ་ཟླ། བུ་དང་བུ་མོ། ཕ་མ་གཅིག་པའི་སྤུན་ཟླ་མིང་སྲིང་།
    2 ཉེས་དོན་གྱི་གྱོད་གཞིའི་ཁྲོད་དུ། རང་ལོ་འཁོར་མོ་གང་གི་ཚད་དུ་ཉེས་དོན་གྱི་འགན་འཁྲི་ཁུར་དགོས་པ་ཁྱོད་ཀྱིས་ཤེས་སམ།
    རང་ལོ་འཁོར་མོ་བཅུ་བཞི་མན་ཆད་ཀྱིས་ཉེས་ཁྲིམས་ཀྱི་འགན་འཁྲི་ཅི་ཡང་འཁུར་མི་དགོས་པ་དང་། རང་ལོ་འཁོར་མོ་བཅུ་བཞི་ནས་བཅུ་དྲུག་ཅན་གྱིས་ནག་ཉེས་རིགས་བརྒྱད་བསགས་ན(བསམ་བཞིན་དུ་མི་བསད་པ་དང་། བསམ་བཞིན་དུ་གནོད་འཚེ་བཏང་ནས་མི་ལ་རྨས་སྐྱོན་ཚབས་ཆེན་དང་ཤི་རྐྱེན་བཟོས་པ། བཙན་གཡེམ་དང་འཕྲོག་བཅོམ། དུག་རྫས་ཀྱི་ཚོང་ལོག་རྒྱག་པ་། མེ་གཏོང་བ། འགད་གཏོར་དང་། དངོས་རྫས་ཉེན་ཁ་ཅན་ཉེར་འཇོག་གི་ནག་ཉེས་བསགས་ན)སྔར་བཞིན་ཉེས་དོན་གྱི་འགན་འཁུར་དགོས། རང་ལོ་འཁོར་མོ་བཅུ་དྲུག་ཡན་ཆད་ནི་ཉེས་དོན་འགན་འཁྲི་མཐའ་དག་འཁུར་དགོས་པའི་ལོ་ཚད་ཡིན།
    3 ཆང་བཟི་ཅན་གྱི་མིས་འདུ་ཤེས་མི་གསལ་བའི་གནས་ཚུལ་འོག་ཏུ་ནག་ཉེས་བསགས་ན་ཉེས་དོན་གྱི་འགན་འཁྲིའི་ནུས་པ་ལ་ཤུགས་རྐྱེན་ཐེབས་སམ།
    བཟི་ཡོད་པའི་མིས་འདུ་ཤེས་མེད་པའི(ཅི་ཡང་མི་ཤེས་པར)གནས་ཚུལ་འོག་ཏུ་ནག་ཉེས་བསགས་ན་དེའི་ཉེས་དོན་གྱི་འགན་འཁྲིའི་ནུས་པ་ལ་ཤུགས་རྐྱེན་མི་ཐེབས་རུང་རང་གི་བྱ་སྤྱོད་ལ་འགན་འཁྲི་འཁུར་འོས་པ་རེད།
    4 བར་མཚམས་རང་བཞིན་གྱི་སྨྱོ་ནད་ཅན་གྱིས་ཉེས་དོན་གྱི་གྱོད་གཞིའི་ཁྲོད་དུ་ནག་ཉེས་བྱ་སྤྱོད་ལ་ཉེས་དོན་གྱི་འགན་འཁྲི་འཁུར་དགོས་སམ།
    གནད་འགག་གཙོ་བོ་ནི་ཁོས་ནག་ཉེས་ཀྱི་བྱ་སྤྱོད་ལག་ལེན་བྱེད་སྐབས་ཁོ་ལ་སྨྱོ་ནད་བྱུང་ཡོད་མེད་ལ་བལྟ་དགོས། གལ་ཏེ་སྨྱོ་ནད་བྱུང་ཡོད་དུས་ཉེས་དོན་གྱི་འགན་འཁྲི་འཁུར་མི་དགོས་པ་དང་། དེ་མིན་དབང་བོ་རྒྱུན་ལྡན་གྱི་གནས་ཚུལ་འོག་ཏུ་ནག་ཉེས་བསགས་ན་ཉེས་དོན་གྱི་འགན་འཁྲི་འཁུར་དགོས།
    5 དབྱེ་འབྱེད་ཀྱི་ནུས་པ་ཡོངས་སུ་ཤོར་མེད་པའམ་རང་ཉིད་ཀྱི་བྱ་སྤྱོད་ལ་ཚོད་འཛིན་ནུས་པ་ཡོད་པའི་སྨྱོ་ནད་ཅན་གྱིས་ནག་ཉེས་བསགས་ན་ཉེས་དོན་གྱི་འགན་འཁྲི་འཁུར་དགོས་སམ།
    ཉེས་དོན་གྱི་འགན་འཁྲི་འཁུར་འོས་མོད། འོན་ཀྱང་ཆད་པ་ཡང་མོའམ་ཇེ་ཡང་དུ་གཅོད་ཆོག
    6 གནས་ཚུལ་འདི་འདྲའི་འོག་ཕོ་མོ་ཕྱོགས་གཉིས་ཕན་ཚུན་ཆགས་ཞེན་དང་ཁྱོས་འདོད་ང་འཐད་ངང་ལུས་འབྲེལ་བྱུང་ན་བཙན་གཡེམ་དུ་བརྩི་མིན་ཁྱོད་ཀྱིས་ཤེས་སམ།
    གལ་ཏེ་བུ་མོའི་ལོ་ཚད་བཅུ་བཞི་མ་ལོན་ཀྱང་ཁོ་མོ་རང་འཐད་ཡིན་ནའང་། བཅའ་ཁྲིམས་སྟེང་དུ་སྔར་བཞིན་བཙན་གཡེམ་གྱི་ནག་ཉེས་ལྟར་དུ་ཆད་པ་གཅོད་དོ།
    7 ཁྱོད་ཀྱིས་ཆང་འཐུངས་ནས་རླངས་འཁོར་སྐོར་བ་དང་བཟི་ནས་རླངས་འཁོར་སྐོར་བའི་ཁྱད་པར་ཤེས་སམ།
    ཆང་འཐུངས་ནས་རླངས་འཁོར་སྐོར་བ་ནི་རླངས་འཁོར་རིགས་ཀྱི་ཁ་ལོ་བའི་ཁྲག་རྒྱུན་ཁྲོད་དུ་ཆང་བཅུད་ཀྱི་ཚད་ཧའོ་ཁེ 20ནས་ཧའོ་ཧྲང 100རྟགས་ལས་ཆེ་བ་དང་ཡང་ན་ཧའོ་ཁེ 80ནས་ཧའོ་ཧྲང 100རྟགས་ལས་ཆུང་བ། བཟི་ནས་རླངས་འཁོར་སྐོར་བ་ནི་རླངས་འཁོར་ཁ་ལོ་བའི་ཁྲག་རྒྱུན་ཁྲོད་དུ་ཆང་བཅུད་ཀྱི་ཚད་ཧའོ་ཁེ 80ནས་ཧའོ་ཧྲང 100རྟགས་ལས་ཆེ་བའམ་དེ་དང་མཉམ་ན་བཟི་ནས་རླངས་འཁོར་སྐོར་བའི་བྱ་སྤྱོད་ཡིན། ཆང་འཐུངས་ནས་རླངས་འཁོར་སྐོར་མིའི་བྱ་སྤྱོད་ལ་ཁ་ལོ་བའི་དཔང་ཡིག་གནས་སྐབས་བཙན་ཉེར་རམ་མེད་པར་བྱེད་པ་དང་། དངུལ་ཆད་དམ་བདེ་སྐྱོང་བཀག་སྐྱིལ་གྱི་ཆད་པ་གཅོད་པ། བཟི་ནས་རླངས་འཁོར་སྐོར་མིའི་བྱ་སྤྱོད་ལ“རླངས་འཁོར་སྐོར་བ་ཉེན་ཁ་ཅན་གྱི་ནག་ཉེས”ཀྱི་ཉེས་དོན་ཞུ་གཏུག་དང་། དེ་དང་བསྟུན་པའི་ཉེས་དོན་ཆད་པའི་འགན་འཁྲི་འཁུར་དགོས། དེར་བརྟེན། གྲོགས་པོ་རྣམ་པས“རླངས་འཁོར་བསྐོར་དུས་ཆང་མི་འཐུང་། ཆང་འཐུངས་རྗེས་རླངས་འཁོར་མི་བསྐོར”བ་ཡིད་ལ་རྟག་ཏུ་འཛིན་དགོས།
    གཏུག་བཤེར་ནུས་ལྡན་གྱི་དུས་ཚོད་ལ་མཉམ་འཇོག་བྱ་དགོས་པའི་གསལ་འདེབས་འདིའོ། གཏུག་བཤེར་ནུས་ལྡན་གྱི་དུས་ཚོད་ནི་དམངས་དོན་ཁེ་དབང་ལ་གནོད་འཚེ་ཐེབས་ཀྱང་ཁེ་དབང་ཡོད་མིས་ཁྲིམས་བཀོད་ཀྱི་ནུས་ལྡན་དུས་ཚོད་ཀྱི་ནང་དུ་ཁེ་དབང་མ་སྤྱད་པར་ནུས་ལྡན་དུས་ཚོད་རྫོགས་ཚེ། མི་དམངས་ཁྲིམས་ཁང་གིས་ཁེ་དབང་འཛིན་མཁན་གྱི་ཁེ་དབང་ལ་ཡང་བསྐྱར་སྲུང་སྐྱོང་མི་བྱེད་པའི་ལམ་ལུགས་ཡིན།
    བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་གཏུག་བཤེར་གྱི་ནུས་ལྡན་དུས་ཚོད་ཀྱི་ནང་རོལ་དུ་ཁེ་དབང་འཛིན་མཁན་གྱིས་རེ་འདུན་ཞུས་ཚེ་མི་དམངས་ཁྲིམས་ཁང་གིས་འོས་འགན་པ་ལ་བཙན་ཤུགས་ཀྱིས་དེས་འཁུར་བའི་འོས་འགན་ལག་ལེན་བྱེད་པར་འཇུག དེ་མིན་ཁྲིམས་བཀོད་གཏུག་བཤེར་གྱི་ནུས་ལྡན་དུས་ཚོད་རྫོགས་རྗེས་ཁེ་དབང་འཛིན་མཁན་གྱིས་ཁེ་དབང་སྤྱོད་པའི་རེ་འདུན་བཏོན་ཀྱང་མི་དམངས་ཁྲིམས་ཁང་གིས་ཡང་བསྐྱར་སྲུང་སྐྱོབ་མི་བྱ། མཉམ་འཇོག་བྱ་དགོས་པ་ནི་གཏུག་བཤེར་གྱི་ནུས་ལྡན་དུས་ཚོད་རྫོགས་རྗེས་འོས་འགན་འཁུར་མིས་རང་གི་འོས་འགན་ལག་བསྟར་དང་ལེན་མ་བྱེད་ན་ཆོག་ཀྱང་། ཁེ་དབང་འཛིན་མཁན་གྱི་རེ་འདུན་ཁེ་དབང་ལག་ལེན་བྱས་པར་འགལ་རྐྱེན་བྱུང་ཡང་ཁེ་དབང་རང་ཉིད་དང་རེ་འདུན་ཁེ་དབང་མེད་པར་བཟོས་མེད།
    དོ་བདག་པས་གཏུག་བཤེར་གྱི་ནུས་ལྡན་དུས་ཚོད་བརྒལ་ནས་གཏུག་བཤེར་བྱས་པ་ལ་མི་དམངས་ཁྲིམས་ཁང་གིས་བདག་སྤྲོད་བྱེད་འོས་པ་དང་། བདག་སྤྲོད་བྱས་རྗེས་བར་མཚམས་མ་བཞག་པ་དང་མཚམས་མ་ཆད་པ། དོན་རྩ་ཡུན་སྲིང་བྱེད་པར་བརྟག་དཔྱད་གསལ་བོ་བྱས་ཏེ་དེའི་གཏུག་བཤེར་རེ་འདུན་ཕྱིར་སློག་རྒྱུ༎
(ཀན་ལྷོ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཚེ་རིང་དོན་འགྲུབ)
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།