中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > བཅའ་ཁྲིམས་ཁྲིམས་སྲོལ། > ས་གནས་ཀྱི་ཁྲིམས་སྲོལ། >
༄༅།།རྐང་ཚ་རྫོང་སྤྱི་བདེ་ཅུས་དཔལ་དགེ་མངག་གཏོང་ཁང་གིས་འགན་སྲུང་རྫུན་མ་བཟོས་པའི་གྱོད་དོན་ཞིག་རྩད་ཆོད་པ།
དུས་ཚོད།2019-04-03 14:44:11     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
2018ལོའི་ཟླ9པའི་ཟླ་སྟོད་དུ། རྫོང་མངའ་ཁོངས་ཀྱི་འགན་སྲུང་ལས་བཟོ་བ་ཞིག་མངག་གཏོང་ཁང་དུ་ཡོང་ནས་ཞུ་གཏུག་བྱེད་དོན། འགན་སྲུང་ཀུང་སིས་འབྲོག་པ་མང་ཚོགས་ཀྱིས་ཡར་ཞུ་བྱས་པའི་ཤི་ཟོག་གུན་གསབ་ཀྱི་གྱོད་དོན་ཞུ་ཡིག་དག་སྒྲིག་བྱེད་དུས། འབྲོག་ཁྱིམ་གཉིས་ཀྱིས་ཡར་ཞུ་བྱས་པའི་ཤི་ཟོག་ནི་ཟོག་གཅིག་ཡིན་པའི་གནད་དོན་བྱུང་འདུག་པས། ཁྱིམ་ཚང་ལ་ལས་འགན་སྲུང་རྫུན་མ་བཟོ་བཞིན་པར་དོགས་པ་འདུག་ཅེས་བཤད། གྱོད་དོན་སྙན་སེང་འབྱོར་རྗེས། དཔལ་དགེ་མངག་གཏོང་ཁང་གིས་ཉེན་རྟོག་པ་རྩ་འཛུགས་བྱས་ཏེ་འགན་སྲུང་ཀུང་སིའི་ཤི་ཟོག་གི་ཡིག་ཚགས་ཞིབ་བསྡུར་དང་། ཡུལ་དངོས་སུ་སོང་ནས་རྟོག་ཞིབ་བྱེད་པའམ་མང་ཚོགས་དང་ཉེ་བར་བཅར་ནས་འདྲི་རྩད་བྱས་པ་བརྒྱུད། གྲོང་རྡལ་མངའ་ཁོངས་ཀྱི་སྡེ་དམངས་ཚེ་ཆེ་གེ་མོར་འགན་སྲུང་རྫུན་མ་བཟོས་པའི་དོགས་པ་ཡོད་པས། ཉེན་རྟོག་པས་འཕྲལ་དུ་ཚེ་ཆེ་གེ་མོ་མངག་གཏོང་ཁང་དུ་ཁྲིད་དེ་གཏིང་འདྲི་བྱས་མཐར། ཚེ་ཆེ་གེ་མོས་ཀྱང་རང་གིས་ཤི་ཟོག་ལ་བརྟེན་ནས་འགན་སྲུང་རྫུན་མ་བཟོས་པའི་ཉེས་པ་སྦ་གསང་མེད་པར་ཁས་བླངས། མངག་གཏོང་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི《དངུལ་རྩའི་སྒྲིག་གཞི་ལ་གཏོར་བརླག་བྱེད་པར་ཆད་པ་གཅོད་ཕྱོགས་ཀྱི་གཏན་ཁེལ》ཅེས་པའི་ཡིག་ཆ་གཞིར་བཟུང་ནས། ཁྲིམས་ལྟར་ཚེ་ཆེ་གེ་མོར་སྲིད་འཛིན་བཀག་ཉར་བྱས།  འགན་སྲུང་རྫུན་བཟོའི་གྱོད་དོན་འདི་རྟོག་ཞིབ་དང་སྲིད་འཛིན་ཐག་བཅད་བྱས་པ་འདིས་རྫོང་ཡོངས་ཀྱི་སྤྱི་ཚོགས་བདེ་སྐྱོང་རྙོག་འཛིང་ཡིན་པའི་རྣམ་པ་ལ་ཉེན་བརྡ་བཏང་བ་དང་། འགན་སྲུང་རྫུན་མ་བཟོ་བར་སྟོང་སེམས་བཅངས་པའི་ཁྲིམས་འགལ་མི་སྣ་ལ་ཉེན་སྟོན་གྱི་ནུས་པ་ཐོན་པར་མ་ཟད། དཔལ་དགེ་མངག་གཏོང་ཁང་གིས་ནག་རྡུང་ངན་སེལ་གྱི་ཆེད་དམིགས་འཐབ་རྩོད་མུ་ནས་མུ་རུ་སྤེལ་བ་དང་། སྤྱི་ཚོགས་བདེ་འཇགས་ཡུན་ནས་ཡུན་དུ་སྐྱོང་བའི་ཆོད་སེམས་ཀྱང་མཚོན་པ་རེད།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།