中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > བཅའ་ཁྲིམས་ཁྲིམས་སྲོལ། > ས་གནས་ཀྱི་ཁྲིམས་སྲོལ། >
༄༅།།གཉེན་སྒྲིག་རང་མོས་ཀྱི་དབང་ཆ།
དུས་ཚོད།2019-04-03 14:54:08     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
   རང་རྒྱལ་གྱི《དམངས་ཁྲིམས་སྤྱི་སྲོལ》གྱི་དོན་ཚན103པ་རུ། “སྤྱི་དམངས་ལ་གཉེན་སྒྲིག་རང་མོས་ཀྱི་དབང་ཆ་ཡོངས་སུ་སྤྱོད་དབང་ཡོད་པས། ཉོ་འཚོང་དང་བཙན་ཤེད་གཉེན་སྒྲིག  གཉེན་སྒྲིག་ལ་ཐེ་གཏོགས་བྱེད་པའི་བྱ་སྤྱོད་གཞན་དག་སྤེལ་མི་ཆོག”ཅེས་གཏན་ལ་ཕབ་ཡོད།

      རང་རྒྱལ་གྱི《གཉེན་སྒྲིག་བཅའ་ཁྲིམས》ཀྱི་དོན་ཚན3པ་རུ། “བཙན་ཤེད་དང་ཉོ་འཚོང་གཉེན་སྒྲིག  གཉེན་སྒྲིག་ལ་ཐེ་གཏོགས་བྱེད་པའི་བྱ་སྤྱོད་གཞན་དག་སྤེལ་མི་ཆོག”ཅེས་བཀོད་ཡོད་པ་དང་དོན་ཚན5པ་རུ།  “གཉེན་སྒྲིག་ནི་ཕོ་མོ་ཕྱོགས་གཉིས་ཀ་ངེས་པར་རང་འཐད་ཡིན་དགོས་ཏེ།  ཕྱོགས་གང་གིས་ཀྱང་ཕ་རོལ་པོར་བཙན་ཤེད་དམ་གཞན་ལ་ཐེ་གཏོགས་བྱེད་དུ་བཅུག་མི་ཆོག”ཅེས་གཏན་ལ་ཕབ་ཡོད།
   
    རང་རྒྱལ་གྱི《སྐྱེས་མའི་ཁེ་དབང་འགན་སྲུང་བཅའ་ཁྲིམས》ཀྱི་དོན་ཚན41པ་རུ། “རྒྱལ་ཁབ་ཀྱིས་བུད་མེད་ཀྱི་གཉེན་སྒྲིག་རང་དབང་ལ་སྲུང་སྐྱོང་བྱེད་པས། བུད་མེད་ཀྱི་གཉེན་སྒྲིག་དང་གཉེན་འཐོར་རང་དབང་ལ་ཐེ་གཏོགས་བྱ་མི་ཆོག”ཅེས་གཏན་ལ་ཕབ་ཡོད།

                                                                                                                                                                   གདུགས་དཀར་འཚོས་བསྒྱུར།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།