中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > བཅའ་ཁྲིམས་ཁྲིམས་སྲོལ། > ས་གནས་ཀྱི་ཁྲིམས་སྲོལ། >
༄༅།།རང་ཞིང་གི་ནག་ཚོགས་དང་འབྲེལ་བའི་གྱོད་དོན་ཐོག་མ་མངོན་གསལ་སྒོས་ཞིབ་གཅོད་བྱས་པ།
དུས་ཚོད།2019-04-03 15:00:19     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
ནང་དོན་གནད་བསྡུས།
    ཟླ3པའི་ཚེས18ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུའུ་མི་དམངས་ཁྲིམས་ཁང་གིས་མངོན་གསལ་སྒོས་ཁྲིམས་ར་འཚོགས་ཏེ་ཞའེ་མའོ་ཡུག་དང་ཁུང་མའོ་ལིང་རྩ་འཛུགས་ཀྱི་མགོ་ཁྲིད་ཡིན་པའི་ནག་ཚོགས་ཀྱི་ངོ་བོ་དང་ལྡན་པའི་ཉེས་བསགས་གྱོད་དོན་ལ་ཞིབ་གཅོད་བྱས།

རྒྱུས་ལོན་པ་ལྟར་ན། གྱོད་དོན་འདི་ནི2018ལོར་ནག་རྡུང་ངན་སེལ་ཆེད་དོན་འཐབ་འཛིང་མགོ་བརྩམས་པ་ནས་བཟུང་། རང་ཞིང་གི་ཁྲིམས་ཁང་གིས་བདག་སྤྲོད་བྱས་པའི་ནག་ཚོགས་ཀྱི་ངོ་བོ་ལྡན་ཞིང་རྩ་འཛུགས་ཡོད་པའི་གྱོད་དོན་ཐོག་མ་ཡིན་ཞིང་། གྱོད་དོན་དང་འབྲེལ་བའི་མི་སྣ་མང་ལ་སྤྱི་ཚོགས་ཀྱི་དོ་ཁུར་བྱེད་ཚད་མཐོ་བ་དང་ཤུགས་རྐྱེན་ཐེབས་ཚད་ཀྱི་ཁྱབ་རྒྱ་ཡང་ཆེ། གཏུག་ཡུལ་བསྡོམས་པས་མི29ཡོད་ཅིང་། ནག་ཚོགས་རང་བཞིན་གྱི་རྩ་འཛུགས་ལ་ཞུགས་པ་དང་མགོ་ཁྲིད་པ། རྩ་འཛུགས་བྱས་ཏེ་བསྙད་འདོགས་འཕྲོག་ལེན་དང་ཤོ་ཁང་ཕྱེས་པ། ཁྲིམས་འགལ་སྒོས་བཀག་ཉར་བྱས་པ། བསྙད་རྐོ་ཟིང་སློང་། བསམ་བཞིན་དུ་གནོད་འཚེ་བཏང་བ། མི་མང་མཉམ་སྡེབ་ཀྱིས་རྒྱག་རེས་བྱས་པ། ཁྲིམས་འགལ་སྒོས་གཏེར་ཁ་བཏོན་པ། ལྐོག་འབྲེལ་སྒོས་ལས་གཞིའི་སྒྲུབ་འགན་བླངས་པ། ཁྲལ་དངུལ་འཛིན་ཡིག་རྫུན་བཟོ་བྱས་པ། དངུལ་བུན་བསླུ་ལེན་བྱས་པ། བཙན་གྱིས་འཆལ་སྤྱོད་བྱས་པ། ནག་ཚོགས་རང་བཞིན་གྱི་རྩ་འཛུགས་གསང་འགེབས་དང་རྒྱ་ཡན་དུ་བཏང་བ། ལྐོག་རྔན་སྤྲད་པའི་ནག་ཉེས་སོགས་ཉེས་མིང14བསགས་ཡོད་ཅིང་། ཉེས་གསོག་དོན་དངོས66དང་ཁྲིམས་འགལ་དོན་དངོས5ཡོད་པ་ལ་ཁྲིམས་ར་ནས་བསྟུད་མར་ཉིན་གསུམ་རིང་དུ་འདྲི་གཅོད་བྱས་ཤིང་། ཟླ3པའི་ཚེས20ཉིན་གྱི་དུས་ཚོད15ཡི་སྟེང་དུ་ཁྲིམས་བཅད་ཁྱབ་བསྒྲགས་བྱས། གཏུག་ཡུལ་ཞའེ་མའོ་ཡུག་གིས་ནག་ཚོགས་རང་བཞིན་གྱི་རྩ་འཛུགས་ལ་སྣེ་ཁྲིད་དང་རྩ་འཛུགས་བྱས་པའི་ཉེས་པ་དང་། ཤོ་ཁང་ཕྱེས་པ་དང་བསྙད་རྐོ་ཟིང་སློང་གི་ཉེས་པ། བསྙད་འདོགས་འཕྲོག་ལེན་གྱི་ཉེས་པ། ཁྲིམས་འགལ་སྒོས་གཏེར་ཁ་བཏོན་པའི་ཉེས་པ། ཁྲིམས་འགལ་སྒོས་བཀག་ཉར་བྱས་པའི་ཉེས་པ་སོགས་ཉེས་མིང11བསགས་ཡོད་པས། ཉེས་པ་མང་པོར་མཉམ་གཅིག་ཏུ་ཁྲིམས་ཆད་བཅད་པ་སྟེ། དུས་བཀག་བཙོན་འཇུག་ལོ25དང་མི་སྒེར་གྱི་རྒྱུ་ནོར་ཐམས་ཅད་གཞུང་བཞེས་བྱས་པ། ཆབ་སྲིད་ཀྱི་ཁེ་དབང་ལོ3ལ་ལེན་པར་ཐག་གཅོད་བྱས།
གཏུག་ཡུལ་ཁུང་མའོ་ལིང་གིས་ནག་ཚོགས་རང་བཞིན་གྱི་རྩ་འཛུགས་ལ་སྣེ་ཁྲིད་དང་རྩ་འཛུགས་བྱས་པའི་ཉེས་པ་དང་། ཤོ་ཁང་ཕྱེས་པ་དང་བསྙད་རྐོ་ཟིང་སློང་གི་ཉེས་པ། བསྙད་འདོགས་འཕྲོག་ལེན་གྱི་ཉེས་པ། ཁྲིམས་འགལ་སྒོས་གཏེར་ཁ་བཏོན་པའི་ཉེས་པ། ཁྲིམས་འགལ་སྒོས་བཀག་ཉར་བྱས་པའི་ཉེས་པ། ལྐོག་རྔན་སྤྲད་པའི་ཉེས་པ་སོགས་ཉེས་མིང12བསགས་ཡོད་པས། ཉེས་པ་མང་པོར་མཉམ་གཅིག་ཏུ་ཁྲིམས་ཆད་བཅད་པ་སྟེ། དུས་བཀག་བཙོན་འཇུག་ལོ25དང་མི་སྒེར་གྱི་རྒྱུ་ནོར་ཐམས་ཅད་གཞུང་བཞེས་བྱེད་པ། ཆབ་སྲིད་ཀྱི་ཁེ་དབང་ལོ3ལ་ལེན་པར་ཐག་གཅོད་བྱས།

ཁྲིམས་རའི་འདྲི་གཅོད་ཁྲོད། དག་འབུད་ཕྱོགས་གཉིས་ཀས་ཁྲིམས་རའི་མགོ་ཁྲིད་འོག་ཏུ་ཞུ་གཏུག་དོན་དངོས་ལ་དམིགས་ཏེ་བདེན་དཔང་འདོན་པ་དང་དག་འབུད་བྱས་པར་མ་ཟད། གྱོད་དོན་གྱི་དོན་དངོས་དང་བདེན་དཔང་། བཅའ་ཁྲིམས་བེད་སྤྱོད་ཐད་དུ་བསམ་འཆར་གང་ཡོད་བཏོན་ཞིང་། གཏུག་ཡུལ29ཡིས་ཆེས་མཐའ་མཇུག་གི་བསམ་ཚུལ་བརྗོད་ལ། གཏུག་ཡུལ་གྱི་ཁྱིམ་མི་དང་སྤྱི་ཚོགས་ཕྱོགས་སོ་སོའི་མང་ཚོགས། གསར་འགྱུར་སྡེ་ཁག་གི་གསར་འགོད་པ་བཅས་མི200ལྷག་ཁྲིམས་རར་ཞུགས་ཏེ་ཟུར་ཉན་བྱས།


                                                                                                                                                    གུ་རུ་སྒྲོལ་མ་དང་གདུགས་དཀར་འཚོས་བསྒྱུར།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།