中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > བཅའ་ཁྲིམས་ཁྲིམས་སྲོལ། > ས་གནས་ཀྱི་ཁྲིམས་སྲོལ། >
༄༅།།ཁྲིམས་ལུགས་ཚགས་པར་གྱི་ལོ་འཁོར35འཁྲུངས་སྐར།
དུས་ཚོད།2019-04-04 15:16:01     རྩོམ་གྱི་ཡོང་ཁུངས།མཚོ་སྔོན་བོད་ཀྱི་དྲྭ་བ།    ཆུང་། | འབྲིང་། | ཆེ།
   གསར་འགོད་པ། འབྲོང་སངས། ནམ་མཁའ་ཚེ་རིང་།
《མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར》སྤེལ་ནས་ལོ་འཁོར35ལོན་པ་དང་། བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར40ལོན་པའི་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་གྱི་དེབ་ཕྲེང་འགྲེམ་སྤེལ་མཛད་སྒོ་ཟི་ལིང་དུ་བསྡུས་ཤིང་། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པའམ་ཞིང་ཆེན་ཏང་ཨུའི་བོད་ཁུལ་གཞུང་ལས་ཁང་གི་ཀྲུའུ་རིན་དཔའ་ཕྱུག་དང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཧྲེ་ཀྲང་ཧུའུ་ཝེ་ཀྲུང་རྣམ་གཉིས་ཚོགས་འདུར་ཞུགས་ཏེ་གསུང་བཤད་གནང་།
  ཟླ12པའི་ཚེས29ཉིན། 《མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར》སྤེལ་ནས་ལོ་འཁོར35ལོན་པ་དང་། བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར40ལོན་པའི་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་གྱི་དེབ་ཕྲེང་འགྲེམ་སྤེལ་མཛད་སྒོ་ཟི་ལིང་གྲོང་ཁྱེར་ཧྲིན་ལིས་མགྲོན་ཁང་དུ་འཚོགས་པ་དང་། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་། ཞིང་ཆེན་སྤྱི་བདེ་ཐིང་། ཞིང་ཆེན་ཁྲིམས་འཛིན་ཐིང་སོགས་ལས་ཁུངས་ཀྱི་འགོ་ཁྲིད་རྣམས་ཚོགས་འདུ་ལ་རྟེན་འབྲེལ་ཞུ་བར་ཕེབས་པ་རེད། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པའམ་ཞིང་ཆེན་ཏང་ཨུའི་བོད་ཁུལ་གཞུང་ལས་ཁང་གི་ཀྲུའུ་རིན་དཔའ་ཕྱུག་དང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཧྲེ་ཀྲང་ཧུའུ་ཝེ་ཀྲུང་རྣམ་གཉིས་ཚོགས་འདུར་ཞུགས་ཏེ་གསུང་བཤད་གནང་བར་མ་ཟད། མཚོ་སྔོན་ཁྲིམས་ལུགས་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཁྲིན་ཆི་ཡུས་ཀྱིས་ཤིས་ཚིག་ཕུལ་ཞིང་། མཚོ་སྔོན་ཁྲིམས་ལུགས་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་ཀའོ་ཅན་ཆིང་གིས་འགོ་འཛིན་མཛད།
  ཁྲིན་ཆི་ཡུས་ཀྱི་ཤིས་ཚིག་ཁྲོད། 《མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར》གྱིས་ལོ་འཁོར35ཡི་རིང་དུ་བླངས་པའི་གྲུབ་འབྲས་ལ་ཕྱིར་དྲན་བྱས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་འོག་ཕྱིན་ཆད་ཚགས་པར་སྤེལ་བའི་ལག་ལེན་དངོས་ཀྱི་ཁྲོད་དུ། “འདུ་ཤེས་བཞི”ཤུགས་ཆེར་གཏོང་བ་དང་། “གདེང་ཚོད་བཞི”བརྟན་པོར་འཛུགས་པ། “འགེབས་སྲུང་གཉིས”ལག་བསྟར་བྱེད་པ། “གཅིག་ལེགས་གཉིས་མཐོ”ཡི་འཐབ་ཇུས་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བློ་བརྟན་འགྱུར་མེད་ཀྱིས་སྐུལ་འདེད་གཏང་དགོས་ཞེས་བསྟན།
ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པའམ་ཞིང་ཆེན་ཏང་ཨུའི་བོད་ཁུལ་གཞུང་ལས་ཁང་གི་ཀྲུའུ་རིན་དཔའ་ཕྱུག་གིས་བསྟན་དོན། 《མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར》གྱི་པར་ངོས་ཇུས་འགོད་ཀྱི་ཁྱད་ཆོས་མངོན་གསལ་དོད་ཅིང་། བོད་རིགས་མང་ཚོགས་ལ་རྒྱུས་མངའ་ཆེ་བའི་སྐད་ཆའི་རྣམ་པས་རྒྱ་ཆེའི་མང་ཚོགས་ལ་ཁྲིམས་སློབ་པ་དང་ཁྲིམས་ཤེས་པ། ཁྲིམས་སྲུང་པའི་ཐད་ཀྱི་བཅའ་ཁྲིམས་བསླབ་དེབ་ལྟ་བུར་གྱུར་ཡོད་ལ། “བཅའ་ཁྲིམས་བདུན་སྤེལ”བྱེད་སྒོའི་ཁྲོད་དུ་ཁྲིམས་སྐྱོང་དྲིལ་སྒྲོག་དང་སློབ་གསོའི་སྐོར་གྱི་ཀློག་དེབ་ལེགས་གྲས་སུ་གྱུར་ཡོད། མཐར་ཚགས་པར་འདི་ཉིད་ཀྱིས་མུ་མཐུད་དུ་བོད་རིགས་ས་ཁུལ་ལ་རྐང་བཙུགས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་སྒྲོག་་བྱེད་པར་སྨོན་ཞེས་བཤད།
  མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཧྲེ་ཀྲང་ཧུའུ་ཝེ་ཀྲུང་གིས《མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར》གྱིས་གནས་བབ་གསར་པའི་འོག ལས་དོན་ཅི་ལྟར་ལེགས་པར་བསྒྲུབ་དགོས་པའི་སྐོར་ལ་ཕྱོགས་གསུམ་ནས་བསྟན་དོན། གཅིག་ནི་ཉམས་མྱོང་དང་བྱེད་སྟངས་ལེགས་པོར་བརྟེན་ནས་དུས་རབས་གསར་པའི《མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར》གྱི་གནས་བབ་གཏན་འཁེལ་བྱ་དགོས་ལ། “སྨྱན་བྱད་འགན་འཁྲི་དང་ལས་འགན། ཞིང་ཆེན་ཏང་ཨུས་མཚོ་སྔོན་ཉིན་རེའི་ཚགས་པར་ལ་བཏོན་པའི་གཏན་གནས། ཚགས་པར་གྱི་གནས་ངེས་ཡང་དག་འཚོལ་བ་དཔྱད་གཞིར་འཛིན་པ”བཅས་ཕྱོགས་གསུམ་གྱི་ཐད་ནས་བསམ་གཞིག་བཏང་སྟེ་ཚགས་པར་སྤེལ་དགོས། གཉིས་ནི་ཆབ་སྲིད་ཀྱི་ཡང་དག་པའི་ཁ་ཕྱོགས་དང་གསར་འགྱུར་གྱི་ཁྲིད་ཕྱོགས། རིན་ཐང་གི་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། 《མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར》གྱིས “འདུ་ཤེས་བཞི”ཤུགས་ཆེར་གཏོང་བ་དང་། “གདེང་ཚོད་བཞི”བརྟན་པོར་འཛུགས་པ། “འགེབས་སྲུང་གཉིས”ལག་བསྟར་བྱས་ཏེ་ཏང་གི་གསར་འགྱུར་མཚམས་སྦྱོར་དོ་དམ་འདུ་ཤེས་འཛིན་སྟངས་དང་ཆབ་སྲིད་པའི་ཚགས་པར་གཉེར་སྐྱོང་རྩ་དོན་མཐའ་འཁྱོངས་ཡག་པོ་བྱས་ཏེ། ཆབ་སྲིད་འདུ་ཤེས་དང་དྲིལ་སྒྲོག་འདུ་ཤེས་སོགས་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས། གསུམ་ནི་ནང་དོན་སྤུས་ལེགས་ཐོན་སྐྱེད་རྒྱ་ཆེ་རུ་བཏང་སྟེ། “ཁྲིད་ཕྱོགས་སྔོན་ལ་འཇོག་པ་དང་། ནང་དོན་གཙོ་བོར་འཛིན་པ། ལག་རྩལ་གྱིས་སྣེ་ཁྲིད་པ། ཤེས་ལྡན་པ་གཞི་རྩར་འཛིན་པ”ལ་བརྟེན་ནས་དབང་གྲགས་དང་སྤུས་ལེགས་ཀྱི་ནང་དོན་དག་གིས་སྨྱན་བྱད་འགྲན་རྩོད་ཀྱི་ནུས་པ་ཆེ་རུ་གཏང་དགོས་ཞེས་བཤད།
  ཚོགས་འདུའི་སྟེང་ཆའོ་མགོན་པོ་དང་ལོ་རྒྱ་ཚེ་རིང་སོགས《མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར》གྱི་བློ་འདོན་པ་དྲུག་གདན་འདྲེན་བྱས་པ་དང་། ཚེ་ལོ་དང་ཉི་མ་སོགས་ཕུལ་བྱུང་འཕྲིན་གཏོང་པ23ལ་གཟེངས་བསྟོད་བྱས་ཤིང་དཔང་ཡིག་གནང་རྗེས་ཚོགས་འདུ་རྒྱལ་ཁའི་ངང་གྲོལ་བ་རེད།



                                                                                                                               


Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།