中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > བཅའ་ཁྲིམས་ཁྲིམས་སྲོལ། > ས་གནས་ཀྱི་ཁྲིམས་སྲོལ། >
༄༅།།ཞིང་ཆེན་ཡོངས་ཀྱི་གཞི་རིམ་བཅའ་ཁྲིམས་ཞབས་ཕྱི་ཐད་ཀྱི་ཚོགས་འདུ།
དུས་ཚོད།2019-04-04 15:22:44     རྩོམ་གྱི་ཡོང་ཁུངས།མཚོ་སྔོན་བོད་ཀྱི་དྲྭ་བ།    ཆུང་། | འབྲིང་། | ཆེ།
ཞིང་ཆེན་ཡོངས་ཀྱི་གཞི་རིམ་བཅའ་ཁྲིམས་ཞབས་ཕྱི་ལས་བྱེད་པའི་མཐུན་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་གསུམ་པ་ཟི་ལིང་དུ་ཚོགས་པ།
གསར་འགོད་པ།  སྐལ་བཟང་རྒྱལ།
      ཟླ12པའི་ཚེས6ཉིན་གྱི་སྔ་དྲོའི་དུས་ཚོད9ཡི་སྟེང་དུ། ཞིང་ཆེན་ཡོངས་ཀྱི་གཞི་རིམ་བཅའ་ཁྲིམས་ཞབས་ཕྱི་ལས་བྱེད་པའི་མཐུན་ཚོགས་ཀྱི་འཐུས་མའི་ཚོགས་ཆེན་ཐེངས་གསུམ་པ་གནའ་མཁར་ཟི་ལིང་དུ་ཚོགས།
     ཚོགས་སྟེང་དུ། 《མཚོ་སྔོན་ཞིང་ཆེན་གཞི་རིམ་བཅའ་ཁྲིམས་ཞབས་ཕྱི་ལས་བྱེད་པའི་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་གནས་ཚུལ་སྙན་ཞུ》དང《མཚོ་སྔོན་ཞིང་ཆེན་གཞི་རིམ་བཅའ་ཁྲིམས་ཞབས་ཕྱི་ལས་བྱེད་པའི་མཐུན་ཚོགས་ཀྱི་སྒྲིག་ཡིག་བཟོ་བཅོས་སྙན་ཞུ》སྒྲོག་འདོན་བྱས་ཤིང་། 《མཚོ་སྔོན་ཞིང་ཆེན་གཞི་རིམ་བཅའ་ཁྲིམས་ཞབས་ཕྱི་ལས་བྱེད་པའི་མཐུན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་སྐབས་གཉིས་པའི་བྱ་བའི་སྙན་ཞུ》དང《མཚོ་སྔོན་ཞིང་ཆེན་གཞི་རིམ་བཅའ་ཁྲིམས་ཞབས་ཕྱི་ལས་བྱེད་པའི་མཐུན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་སྐབས་གཉིས་པའི་ཚོགས་དངུལ་བསྡུ་གཏོང་གི་གནས་ཚུལ་སྙན་ཞུ》《མཚོ་སྔོན་ཞིང་ཆེན་གཞི་རིམ་བཅའ་ཁྲིམས་ཞབས་ཕྱི་ལས་བྱེད་པའི་མཐུན་ཚོགས་ཀྱི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན》《མཚོ་སྔོན་ཞིང་ཆེན་གཞི་རིམ་བཅའ་ཁྲིམས་ཞབས་ཕྱི་ལས་བྱེད་པའི་མཐུན་ཚོགས་ཀྱི་ཚོགས་དངུལ་དོ་དམ་བྱེད་ཐབས》ལ་གྲོས་ཞིབ་བྱས། ཚོགས་འདུ་རུ་འཐུས་མིའི་ཚོགས་ཆེན་ཐེངས་གསུམ་པའི་རྒྱུན་ལས་ལས་འཛིན་མི13བདམས་ཐོན་བྱུང་ཞིང་། ཁྲུན་ཁྲང་ཆིན་ཚོགས་གཙོ་རུ་བསྐོས་པ་དང་། ཧྲིས་ཧེ་དྲུང་ཡིག་ཆེན་མོར་བསྐོས་ལ། ཧྥིན་ཧྲའོ་ཡོན་དང་ལའོ་ལིན་ཅོན། ལིག་ཡུན་བཅས་ཚོགས་གཙོ་གཞོན་པར་བསྐོས།

    ལས་འཛིན་ལྷན་ཚོགས་སྐབས་གཉིས་པས2014ལོའི་ཟླ11པར་འགན་འཁུར་བ་ནས་བཟུང་། ཞིང་ཆེན་ཁྲིམས་འཛིན་ཐིན་ཏང་ཙུའུ་ཡི་ཡང་དག་པའི་མགོ་ཁྲིད་དང་ཚོགས་སྤྱིའི་དོ་དམ་སྡེ་ཁག་གི་མཛུབ་སྟོན་ལྟ་རྟོག་འོག  རྒྱ་ཆེའི་གཞི་རིམ་བཅའ་ཁྲིམས་ཞབས་ཕྱི་ལས་བྱེད་པས་གཞི་རིམ་དང་ཉེ་བར་བཅར་བའི་ལས་འགན་ཕྲག་ཏུ་བླངས་པས། གཞི་རིམ་གྱི་རྒྱ་ཆེའི་མང་ཚོགས་ལ་དུས་ཐོག་ནུས་ཡོད་ཀྱི་བཅའ་ཁྲིམས་ཞབས་ཕྱི་མཁོ་འདོན་བྱས།
   དུས་རིམ་རྗེས་མར། རང་ཞིང་གི་གཞི་རིམ་བཅའ་ཁྲིམས་ཞབས་ཕྱི་ལས་བྱེད་པའི་མཐུན་ཚོགས་ཀྱིས་ཆབ་སྲིད་སྣེ་ཁྲིད་ལ་ཤུགས་སྣོན་དང་། ཆབ་སྲིད་འགྲེང་གནས་མཐོར་འདེགས། ལས་རིགས་ཀུན་སྤྱོད་གཏན་སྲུང་བྱས་ཏེ། མུ་མཐུད་དུ་རང་སྟེང་གི་ཞབས་ཕྱིའི་ནུས་པ་དང་ཞབས་ཕྱིའི་ཆུ་ཚད་གོང་འཕེལ་དུ་བཏང་སྟེ། རང་ཞིང་གི་དཔལ་འབྱོར་སྤྱི་ཚོགས་དང་དམངས་ཚིས་ལ་ཞབས་ཕྱི་བསྒྲུབ་ནས། སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ལ་འགེབས་སྲུང་བྱ་བར་རང་ནུས་གང་ཡོད་འདོན་རྒྱུ་ཡིན་པར་བསྟན། ཚོགས་འདུ་གྲོལ་རྗེས་ཚོགས་མི119རྩ་འཛུགས་བྱས་ཏེ་གཞི་རིམ་བཅའ་ཁྲིམས་ཞབས་ཕྱིའི་ལས་བྱེད་པའི་ལས་སྒོ་གསོ་སྦྱོང་འཛིན་གྲྭར་ཞུགས་སུ་བཅུག་སྟེ། གོམ་གང་མདུན་སྤོས་ཀྱིས་བཅའ་ཁྲིམས་ཞབས་ཕྱིའི་དཔུང་སྡེའི་ལས་སྒོའི་ནུས་པ་གོང་འཕེལ་དུ་གཏང་རྒྱུ་རེད།

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།