中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > བཅའ་ཁྲིམས་ཁྲིམས་སྲོལ། > ས་གནས་ཀྱི་ཁྲིམས་སྲོལ། >
༄༅།།བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་རིག་པའི་ཞིབ་འཇུག་ཚོགས་པ་ཐོག་མ།
དུས་ཚོད།2019-06-20 14:53:58     རྩོམ་གྱི་ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ    ཆུང་། | འབྲིང་། | ཆེ།
    ཟླ6པའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག(བོད་རྒྱ་སྐད་གཉིས)ཁྲིམས་རིག་པའི་སློབ་གསོ་ཞིབ་འཇུག་ཚོགས་པའི་སྒོ་བྱང་འགེལ་བའི་མཛད་སྒོ་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ཁྲིམས་རིག་པ་དང་སྤྱི་ཚོགས་རིག་པའི་སློབ་གླིང་དུ་སྤེལ།

   མཛད་སྒོའི་སྟེང་དུ། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་གཞོན་པའམ་ཞིང་ཆེན་ཁྲིམས་རིག་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཧི་ཀྲན་ལུའུ་ཡིས་ཞིང་ཆེན་ཁྲིམས་རིག་པའི་མཐུན་ཚོགས་ཀྱི་ཚབ་བྱས་ཏེ《མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག(བོད་རྒྱ་སྐད་གཉིས)ཁྲིམས་རིག་པའི་སློབ་གསོ་ཞིབ་འཇུག་ཚོགས་པ་འཛུགས་པའི་སྐོར་གྱི་ཆོག་མཆན》སྒྲོག་འདོན་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་ཞིང་ཆེན་ཁྲིམས་རིག་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཝང་ཞའོ་ཡུང་དང་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ཁྲིམས་རིག་པ་དང་སྤྱི་ཚོགས་རིག་པའི་སློབ་གླིང་གི་མཚན་འཛིན་གླིང་གཙོ་ཝང་ཙོ་ཆོན་གཉིས་ཀྱིས་མཉམ་དུ་མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག(བོད་རྒྱ་སྐད་གཉིས)ཁྲིམས་རིག་པའི་སློབ་གསོ་ཞིབ་འཇུག་ཚོགས་པའི་སྒོ་བྱང་གི་ཡོལ་རས་ཕྱེས།

   ཝང་ཞའོ་ཡུང་གིས་བསྟན་དོན། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག(བོད་རྒྱ་སྐད་གཉིས)ཁྲིམས་རིག་པའི་སློབ་གསོ་ཞིབ་འཇུག་ཚོགས་པ་ནི་རང་ཞིང་གི་མི་རིགས་སྐད་ཡིག་ཁྲིམས་རིག་པའི་སློབ་གསོ་ཞིབ་འཇུག་མངའ་ཁོངས་ཀྱི་ཞིང་ཆེན་རིམ་པའི་ཆེད་ལས་ཞིབ་འཇུག་ཚོགས་པ་ཐོག་མ་ཡིན་པས། རང་ཞིང་གི་ཁྲིམས་རིག་པའི་ཞིབ་འཇུག་ཆེད་ལས་ཅན་གྱི་ཕྱོགས་ལ་འཕེལ་རྒྱས་བྱུང་བར་གོམ་པ་བརྟན་པོ་ཞིག་སྤོས་པ་མཚོན་ཡོད། གོམ་གང་མདུན་སྤོས་ཀྱིས་རང་ཞིང་གི་ཁྲིམས་རིག་པའི་ཞིབ་འཇུག་དར་རྒྱས་དང་གཏིང་ཟབ་ཏུ་བཏང་སྟེ། མཚོ་སྔོན་མི་རིགས་ས་ཁུལ་གྱི་བཅའ་ཁྲིམས་འཇོན་མི་སྐྱེད་སྲིང་དང་ཁྲིམས་ལྟར་ཞིང་ཆེན་སྐྱོང་བར་སྐུལ་འདེད་ལ་གཞོགས་འདེགས་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཟེར།

   རྗེས་ཕྱོགས་ཀྱི་ཞིབ་འཇུག་ཚོགས་པའི་བྱ་བ་དང་འཕེལ་རྒྱས་ཐད་ཝང་ཞའོ་ཡུང་གིས་བསྟན་དོན། ཆབ་སྲིད་ཀྱིས་ཚོགས་པ་སྐྱོང་བ་རྒྱུན་འཁྱོངས་བྱས་ཏེ། ཞིབ་འཇུག་ཚོགས་པའི་ཡང་དག་གི་ཆབ་སྲིད་ཁ་ཕྱོགས་ཁག་ཐེག་བྱ་དགོས་པ་དང་། བྱ་བའི་སྒྲིག་གཞི་འཐུས་ཚང་དུ་བཏང་སྟེ། ཞིབ་འཇུག་ཚོགས་པ་རང་སྟེང་གི་འཛུགས་སྐྲུན་ལ་དོ་སྣང་ཆེན་པོ་བྱེད་པ་དང་། མགྱོགས་མྱུར་གྱིས་མི་རིགས་སྐད་ཡིག(བོད་རྒྱ་སྐད་གཉིས)གི་རིམ་པ་མཐོ་བའི་བཅའ་ཁྲིམས་འཇོན་མི་སྐྱེད་སྲིང་བྱེད་པའི་དཀྱིལ་སྙིང་འགན་འཁྲི་དང་དམ་དུ་འབྲེལ་ནས། རྨང་གཞི་སྲ་བརྟན་དང་མིག་རྒྱང་རིང་བའི་བྱ་བ་མང་དུ་བསྒྲུབ་དགོས་ལ། ནུས་ཤུགས་དང་གོ་སྐབས་དམ་འཛིན་བྱས་ཏེ། ཤུགས་ཆེན་པོས་ཞིབ་འཇུག་ཚོགས་པའི་གསར་གཏོད་འཕེལ་རྒྱས་སྐུལ་སྤེལ་དང་། ཁྲིམས་རིག་པའི་སློབ་གསོ་བྱ་བ་སོ་སོ་གཏིང་ཟབ་སྒོས་སྤེལ་བར་སྐུལ་འདེད་བྱས་ནས། བདེ་འཇགས་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་ཐད་རང་ནུས་ཀྱི་བྱས་རྗེས་འཇོག་དགོས་ཟེར།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།