༄༅།།སྤུ་གྲི་ཨང་རྟགས་དང་པོའི”འཛིན་བཟུང་འགུལ་སྐྱོད། - ས་གནས་ཀྱི་ཁྲིམས་སྲོལ། - མདོ་ལྷོ་དྲ་བ།-甘南香巴拉在线
  中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > བཅའ་ཁྲིམས་ཁྲིམས་སྲོལ། > ས་གནས་ཀྱི་ཁྲིམས་སྲོལ། >
༄༅།།སྤུ་གྲི་ཨང་རྟགས་དང་པོའི”འཛིན་བཟུང་འགུལ་སྐྱོད།
དུས་ཚོད།2019-06-20 15:02:24     རྩོམ་གྱི་ཡོང་ཁུངས།མཚོ་སྔོན་བོད་ཀྱི་དྲྭ་བ།    ཆུང་། | འབྲིང་། | ཆེ།
མཚོ་སྔོན་ཉེན་རྟོག་ཕྱོགས་ཀྱིས་ནག་འཇོམས་ངན་སེལ“སྤུ་གྲི་ཨང་རྟགས་དང་པོའི”འཛིན་བཟུང་འགུལ་སྐྱོད་སྤེལ་བ།
   
   སྔར་ལས་གཏིང་ཟབ་སྒོས་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་སྤེལ་བ་དང་། ཕྱོགས་ཡོངས་ནས་ཀྲུང་དབྱང་ནག་འཇོམས་ངན་སེལ་ཐེངས18པའི་ལྟ་སྐུལ་མཛུབ་སྟོན་ཚན་ཁག་དང་། ཞིང་ཆེན་ཏང་ཨུ་གཉིས་ཀྱི་ཐེངས་དང་པོར་མཉམ་དུ་འཚོགས་པའི་ཚོགས་འདུའི་དགོངས་དོན་ལག་བསྟར་བྱ་ཆེད། ཞིང་ཆེན་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་མགོ་ཁྲིད་ཚན་ཆུང་གི་གཅིག་གྱུར་བཀོད་འདོམས་འོག  ཟླ6པའི་ཚེས10ཉིན། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ནག་འཇོམས་ངན་སེལ“སྤུ་གྲི་ཨང་རྟགས་དང་པོའི”འཛིན་བཟུང་འགུལ་སྐྱོད་སྤེལ།
 
  ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་ཞིང་ཆེན་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་ཡཱན་པའོ་ཞིང་ཆེན་སྤྱི་བདེ་ཐིང་དུ་སོང་ནས་ལྟ་སྐུལ་མཛུབ་སྟོན་དང་འགུལ་སྐྱོད་ཀྱི་བཀའ་བབས། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་ཡུལ་དངོས་སུ་སོང་སྟེ་མཛུབ་སྟོན་བྱས།

  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ནག་འཇོམས་ངན་སེལ་གཞུང་ལས་ཁང་གིས་གཙིགས་འཛིན་བྱས་ནས་ཐེངས་མང་པོར“སྤུ་གྲི་ཨང་རྟགས་དང་པོའི”འཛིན་བཟུང་འགུལ་སྐྱོད་ཀྱི་གནས་ཚུལ་ཡར་ཞུ་ལ་ཉན། ཞིང་ཆེན་སྤྱི་བདེ་ཐིང་གིས་བཀོད་འདོམས་པུའུ་བཙུགས་ཏེ་ཚན་རིག་དང་མཐུན་པའི་ཞིབ་གཅོད་དང་གཅིག་གྱུར་གྱིས་བཀོད་འདོམས། མཉམ་འབྲེལ་གྱིས་དམག་འཐབ་བྱས། ས་གནས་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་ནག་ཕྱོགས་གཏེ་བོ་འབུར་དུ་ཐོན་སའི་མངའ་ཁོངས་གཙོ་བོ་དང་ལས་རིགས་གཙོ་བོ། ས་ཁོངས་གཙོ་བོ་དག་ནས་སྔོན་ལ་མྱུལ་ཞིབ་དང་རྩད་བཅད་ནས་མགྱོགས་མྱུར་དང་གློ་བུར་བའི་སྒོ་ནས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་ཐེངས་དང་པོའི་འཛིན་བཟུང་འགུལ་སྐྱོད་སྤེལ།

  འཛིན་བཟུང་འགུལ་སྐྱོད་དེ་ཚེས11ཉིན་གྱི་ཐོ་རེངས་དུས་སུ་མཇུག་སྒྲིལ་པ་དང་། ནག་འབྲེལ་གྱི་དོགས་ཡོད་ཉེས་ཅན་སྐོར་ཞིག་འཛིན་བཟུང་བྱས།  དེ་དང་ཆབས་ཅིག་ཏུ་ལས་རིགས4492ལྷག་ལ་ཞིབ་བཤེར་དང་འགྲིམ་འགྲུལ་སྒྲིག་ལམ་ལ་འགལ་བའི་ཉེས་གསོག་བྱ་སྤྱོད954ལ་ཞིབ་གཅོད་བྱས་པ་རེད།



                                                                                                                                        རྡོ་འདའ་འདར་གྱིས་བསྒྱུར་སྒྲིག་བྱས།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།