中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག >
༄༅།། རླུང་ནང་གི་ཁ་པར།
དུས་ཚོད།2016-12-16 17:03:39     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ། རྩོམ་པ་པོ། རླུང་བུ། [གཙོས]    ཆུང་། | འབྲིང་། | ཆེ།
འཁྱཊ་རོམ་གྱི་སྦུབས་རྒྱ་ལས་གྲོལ་མ་ནུས་པའི་བརྡ་རྟགས་འདིའི།
མཚན་ཕྱེད་ཀྱི་བྱེའུ་སྐད་ལ་ཉན་དུ་བཅུག་སྟེ།
ང་རང  ཁོ་མོའི་མཁུར་མགོ་ན་ཉུལ་བའི་མིག་ཆུ་བྱི་བའི།
མུན་པ་སྲབ་མོ་ཞིག་ཏུ་བསྒྱུར།
སང་ཉིན  སྤྲིན་པའི་ཟེའུ་འབྲུ་སྦྲུམ་སྟེ།
བྱེའུ་ལ་ཁམས་བདེ་ཞུ་དུས།
ངས་ནི་ཁྱེད་རང་བྱེའུ་ལ་འཁྲུལ་ཏེ་རང་ལ་གཤོག་པ་སྐྱེ་རུ་བཅུག
དོ་ནུབ  རྡོ་བ་དགུ་བརྩེགས་ཀྱི་དོང་ཞབས་སུ།
རང་ལུས་གཅེར་བུ་འདི་འོད་སྣང་ལ་བསྟེན་ནས་གྲིབ་གཟུཊ་རྙེད་དུ་བཅུག
 
ལྷིང་འཇགས་སམ་ཁ་རོག་གེར་གྱི་དབུས་སུ།
ལམ་སྣེ་གཅིག་ཀྱང་མི་མཐོང་།
རང་གི་སྙིང་རྩ་བཤིགས་ཏེ་ཁྲག་གི་མེ་ཏོག་གིས་བྲིས་པའི་འཕྲིན་པ།
དྲག་རླུང་ནང་དུ་བསྐུར།
ཆར་བས་མ་འཇིགས་ཤིང་དྲག་རླུང་གིས་མ་ཐུལ་བའི་ཕྱི་རོལ་གྱི་རྡོ་བ།
ཁྲག་གི་མེ་ཏོག་གི་འདབ་མས་གས་པར་བྱས་ཤིང་ཟད་པར་བྱས།
གཙང་བོ་སྔར་བཞིན་གཉིད་དུ་ཡུར་ཡོད།
ནམ་གུང་འདིར  ངས་ནི་ལུས་དྲོད་ཀྱིས་བསྐྱེད་པའི་ཚེ་སྲོག་ལྟ་བུའི་སྙན་ངག་འདི།
འུ་གཉིས་ཀྱི་བརྡ་རྟགས་མཚོན་བྱེད་དུ་ཕུལ་ཞིང་།
ཁ་མི་གྲག་པའི་རྡོ་བའི་གསེབ་ཏུ་སྐྱ་རེངས་ཐོན་རག་བར་དུ།
འཕུར་ཐུབ་པའི་གཤོག་པ་ཆ་གཅིག་བཟོས་པའང་ཀུན་ནས་མཚུངས།
འུ་གཉིས་མ་འཕྲད་པའི་ཡར་སྔོན་གྱི  སྐད་ཆ་འདི་དག་གིས།
བརྡ་རྟགས་མ་ཆད་པའི་ཡར་སྔོན་གྱི  སྐད་ཆ་འདི་དག་གིས།
གང་ལ་བགྲོད་དགོས་པ་འཕྱི་མེད་པ་དྲན་པར་བསླངས་སོང་།།
 རྩོམ་སྒྲིག་པ། ཡུམ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།