༄༅།། འོད་ ཀྱི་ ཕུང་ བོ། - སྙན་ངག དཔྱད་རྩོམ། - མདོ་ལྷོ་དྲ་བ།-甘南香巴拉在线
  中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག དཔྱད་རྩོམ། >
༄༅།། འོད་ ཀྱི་ ཕུང་ བོ།
དུས་ཚོད།2015-11-16 16:09:22     རྩོམ་གྱི་ཡོང་ཁུངས།མདོ་ལྷོ་དྲ་བ།    ཆུང་། | འབྲིང་། | ཆེ།
-- རྗེ་བློ་བཟང་དགེ་འདུན་མཆོག་སྐུ་འདས་ནས་མི་ལོ་བདུན་འཁོར་བར་རྗེས་དྲན་ཞུ།
དཀར་སྲས། [ལྷ་ས]
རྩོམ་སྒྲིག་པ། དངོས་སྦྱོང་སློབ་མ་ཚེ་རིང་འཚོ།

གནམ་སའི་བར་མཚམས་ཀྱི་ཧྲག་བར་ཞིག་ནས།
བདེན་མེད་ཀྱི་ཐིག་ལེ་གསལ་བའི་འོད་སྣང་ཞིག་སྟོབས་ཀྱིས་མངོན་བྱུང་།
གསེར་ནག་གི་ཡིག་འབྲུ་སྦྲུམ་པའི་སེམས་དཔའ་ཞིག་ཐོལ་གྱིས་མངོན་བྱུང་།
ཡིག་འབྲུ་ལས་འཕྲོས་པའི་འོད་ཟེར་གྱི་ཟེགས་མ་རེ་རེ།
མིའི་རིགས་ཀྱི་སྤྱི་གཙུག་དང་སྙིང་ཁ་སོགས་སུ་འཐིམས་སོང་།
ཆོས་ཉིད་ཀྱིས་ཁྱེད་རང་བཞུད་སོང་ན་ཡང་།
མུན་ནག་གི་བྲང་གཞུང་ནས་བསམ་གཞིག་གི་བདེན་པ་བདར་དུས།
རྟེན་འབྱུང་གིས་དེད་པའི་གསེར་གྱི་ཡིག་འབྲུ་དག
སེམས་ཀྱི་མངའ་ཐང་གཞན་ཞིག་ན།
སྐར་ཚོགས་བཞིན་ཁྲ་ལམ་མེར་གསལ་ལྷིང་ངེར།
འདས་ཟིན་པའི་ཁོ་བ་ཚོའི་ཁ་སང་ནི་ཁྱེད་ཡིན་ལ།
ཡབ་མེས་ཀྱི་རྩྭ་ཐང་ནས་གཏོར་བའི་ཤེས་རབ་ཀྱི་ས་བོན་དེ།
ཁྱེད་ཀྱིས་ཕྱི་རབས་པ་རྣམས་ལ་གནང་བའི་སྒྲོན་མེ་དེ་ཡིན་པས།
ཟོལ་བཅོས་ཀྱི་འཇིག་རྟེན་འདིར།
ཁྱེད་ཉིད་འོད་ཀྱི་ཕུང་བོ་ཞིག     གངས་ཀྱི་རི་བོ་ཞིག།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།