中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག དཔྱད་རྩོམ། >
༄༅།། མགུར་དབྱངས།
དུས་ཚོད།2015-12-01 10:41:29     རྩོམ་གྱི་ཡོང་ཁུངས།མདོ་ལྷོ་དྲ་བ།    ཆུང་། | འབྲིང་། | ཆེ།
ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་སློབ་མ་ཐེ་གེ།
རྩོམ་སྒྲིག་པ། དངོས་སྦྱོང་སློབ་མ་ཚེ་རིང་འཚོ།

ཇ་ཆུ་འཁྱག་པའི་ནང་ལ།།
སྙིང་གཏམ་མར་ལོ་འདྲ་ཞིག།
བཞག་དང་མ་བཞག་མི་འདུག།

དཀར་ཡོལ་གས་ཆག་ཅིག་ལ།།
དུང་བ་མར་ཁུ་འདྲ་ཞིག།
བླུགས་དང་མ་བླུགས་མི་འདུག།

བཞོ་ཟེའུ་ཞབས་བརྡོལ་ཞིག་ལ།།
དྲན་པ་འོ་རྒྱུན་འདྲ་ཞིག།
བསྐྱིལ་དང་མ་བསྐྱིལ་མི་འདུག།

རྟ་ཕོ་ཆས་གཟན་ཞིག་ལ།།
ཡིད་ཆེས་རི་རབ་འདྲ་ཞིག།
གནང་དང་མ་གནང་མི་འདུག།

བོང་བུ་རྒྱུད་བཙོག་ཅིག་ལ།།
སྙིང་ཕུར་གནམ་ལྕགས་འདྲ་ཞིག།
བརྡབས་དང་མ་བརྡབས་མི་འདུག།

བྱུ་རུ་ཐོབ་ཤོར་ཞིག་ལ།།
གོང་ཆེན་གནམ་ངོ་འདྲ་ཞིག།
སྟེར་དང་མ་སྟེར་མི་འདུག།

སྤྱང་མོ་ཞེ་ནག་ཅིག་ལ།།
སེམས་པ་ལུ་གུ་འདྲ་ཞིག།
བཅོལ་དང་མ་བཅོལ་མི་འདུག།

བུ་མོ་འཇོག་མེད་ཅིག་ལ།།
བརྩེ་དུང་གསེར་ནག་འདྲ་ཞིག།
བྱིན་དང་མ་བྱིན་མི་འདུག། 

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།