中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག དཔྱད་རྩོམ། >
༄༅།། སེམས་ཀྱི་དྲན་པ།
དུས་ཚོད།2015-12-14 12:29:16     རྩོམ་གྱི་ཡོང་ཁུངས།མདོ་ལྷོ་དྲ་བ།    ཆུང་། | འབྲིང་། | ཆེ།
སྐར་འོད། མཚོ་སྔོན
རྩོམ་སྒྲིག་པ། དངོས་སྦྱོང་སློབ་མ་ཚེ་རིང་འཚོ།

སྨག་ནག་འཐིབ་པའི་མཚན་མོ་ལྷིང་འཇགས་ཡིན་པས།།
སྙིང་ཆུང་དམར་པོའི་འཕར་སྒྲ་སེམས་ཀྱིས་ཚོར་བྱུང་།།
རྣ་བ་གཏད་དེ་དེ་ལ་དལ་གྱིས་ཉན་ན།།
སྨན་ཤར་དྲན་པའི་སེམས་འདི་འདུག་ཁོམ་མ་ཡོད།།

དགའ་བ་གཞས་ལ་བཀུག་སྟེ་སིང་སེ་བླངས་ཡོད།།
དུངས་པ་སྨྱུག་རྩེར་བཅོལ་ཏེ་གསལ་ལེར་བྲིས་ཡོད།།
ཕྱིང་དཀར་གྲུ་བཞི་འདྲ་བའི་ཤོག་དཀར་ངོས་སུ།།
ཁྱེད་དང་ང་ཡི་བརྩེ་བའི་གཏམ་རྒྱུད་བྲིས་ཡོད།།

ལྷད་མེད་སེམས་པ་འོ་ཞོ་མངར་མོ་འདྲ་བོ།།
འགྱུར་མེད་བརྩེ་བ་བྱུ་རུ་དམར་ཆུང་འདྲ་བོ།།
ལོ་ངོ་སྟོང་ཕྲག་འགོར་ཀྱང་མིག་ལ་འཁོར་ཡོད།།
མྱི་ཁ་ག་ཙམ་འཁོར་ཡང་སེམས་སུ་རུམ་ཡོད།།

རི་བོ་མཐོན་པོས་སྨུག་པའི་ལྭ་བ་གྱོན་དུས།།
ང་ཡི་དྲན་པ་རི་རྩེའི་སྨུག་ལ་འདྲེས་སོང་།།
རླུང་བུ་འཇམ་པོའི་ལག་པས་ཤར་ལ་དྲུད་སོང་།།
སྤྲང་ཆར་བསིལ་མོའི་རྐང་པས་ལྷོ་རུ་དེད་སོང་།།

སེམས་དང་སེམས་པར་འདྲེས་བའི་ལོ་ཟླ་སྒོམ་ཚེ།།
ཁྲ་ཆུང་མིག་གི་མཆི་མ་ཤག་སེ་འཐོར་འགྲོ།།
མེ་ཏོག་འདྲ་བའི་དགའ་མ་དྲན་པས་ལོས་ཡིན།།
མར་ལོ་ལྟ་བུའི་འདང་བརྩེ་ཟབ་པས་ལོས་ཡིན།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།