ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་སློབ་མ་ཐེ་གེ།
རྩོམ་སྒྲིག་པ། དངོས་སྦྱོང་སློབ་མ་ཚེ་རིང་འཚོ།
སྐབས་འདིར་སླེབས་དུས།
ངས་ཁྱེད་རང་མཚོན་བྱེད་ཀྱི་ཐ་སྙད་ཅིག་རྙེད་མ་བྱུང་།
མི་ཡུལ་གྱི་སྙིང་གར་དཔར་བའི།
ཁྱེད་ཀྱི་གཏམ་རྒྱུད་ཀྱི་ཞབས་རྗེས་རེ་རེ།
རྒོད་པོ་སུ་ཞིག་གི་གཤོག་ཡས་ལ་འབྱར་བའི།
རྨི་ལམ་གྱི་མངའ་ཐང་ཡིན་སོང་།
སེམས་པའི་རྫ་སུལ་ལ་གཏོར་བའི།
ཁོ་བོའི་ལུག་ཁྱུ་ལྟ་བུའི་སྙིང་གཏམ་གྱི་ཉིང་བཅུད།
ཁྱེད་རང་མངོན་བྱེད་ཀྱི་དྲོད་ཁོལ་ལྟ་བུའི།
ཉི་མའི་ངོ་གདོང་གི་འོད་ཟེར་ཡིན།
ལྷ་མོ་འཚོ ལོ་ཟླ་དག་གཙང་བོ་བཞིན་བཞུར་ཤུལ་ནས།
མི་སེམས་ཀྱི་གཅོང་རོང་ལ་འཚེར་བའི།
ཟླ་འོད་དང་འདྲེས་པའི་ལྷིང་འཇགས་ཀྱི་དཀར་ཆ་དེ།
ཁྱེད་ཀྱི་རྙིང་མ་ཐུབ་པའི་མཛེས་སྡུག་གི་མངར་ཁ་ཡིན།
ལྷུང་ལྷུང་ངང་རྒྱུ་བའི་ཆུ་ཕྲན་གྱི་བཞུར་སྒྲས།
ས་ཆེན་ལ་ཚེ་སྲོག་གི་གསོན་ཤུགས་སྤྲོད་དུས།
ཁྱེད་ནི་ཆར་བྱོའི་འབབ་རྒྱུན་དང་འདྲེས་པའི།
ཁོ་བོའི་སེམས་པ་གསོ་བྱེད་ལྟ་བུའི་ཡིད་འོང་གི་ཆུ་ཐིགས་དེའོ།
ལྷ་མོ་འཚོ དུས་ཚོད་ཀྱི་རྒྱུན་བུར་བསྟར་བའི།
ས་ལ་མ་ལྷུང་བའི་བརྩེ་དུང་གི་ཕྲེང་རྡོག
སེམས་པའི་ཕྲ་རྒྱན་དུ་བཏབས་ཡོད། ཚེ
་གཅིག་ལུས་གཅིག་ལ་་་་་་་ |