中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག དཔྱད་རྩོམ། >
༄༅།། ས་ སྲོད།
དུས་ཚོད།2015-12-15 16:02:39     རྩོམ་གྱི་ཡོང་ཁུངས།མདོ་ལྷོ་དྲ་བ།    ཆུང་། | འབྲིང་། | ཆེ།
ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་སློབ་མ་ལྷ་མོ་སྒྲོན།
རྩོམ་སྒྲིག་པ། དངོས་སྦྱོང་སློབ་མ་ཚེ་རིང་འཚོ།

དུས་ཀྱི་སྒྱུ་མའི་ལམ་འཕྲེང་འབའ་འབུར་ན།།
འོད་ཀྱི་ཚ་སྲེག་མེད་པའི་གྲིབ་བསིལ་ཞིག།
མིག་གི་ངལ་དུབ་དོར་བའི་དཀར་འོད་བསྒྲིབས།།
ལུས་ཀྱི་ཁྲག་རྒྱུན་འགྲོས་ཚད་དལ་ལ་ལྷོད།།

སྲོད་ཀྱི་བཞིན་མདངས་མ་མའི་བརྩེ་འཛུམ་ཞིག།
སྲོད་ཀྱི་ཨམ་ཕྲག་ངལ་གསོའི་མཆི་མས་གང་།།
སྲོད་ཀྱི་ཚིག་ཕྲེང་ཕ་ལོའི་འདུན་མ་ཡིན།།
སྲོད་ཀྱི་སྒྲུང་ཐུང་མ་ལོའི་ལོ་ཟླ་ཡིན།།
སྲོད་ཀྱི་མཚམས་སྤྲིན་མ་འོངས་ལུང་བསྟན་ཡིན།།
སྲོད་ཀྱི་རེ་སྒུག་ཨ་ཇོའི་རླུང་འཕྲིན་ཡིན།།
སྲོད་ཀྱི་ལས་དབང་དར་སྐུད་ཉག་མ་ཡིན།།
སྲོད་ཀྱི་དུས་ཆད་མཛའ་མོའི་རྨི་ལམ་ཡིན།།

སྲོད་ཀྱི་དགོད་སྒྲ་བྱིས་སྒྲུང་དབུ་ཁྱུད་ཡིན།།
སྲོད་ཀྱི་ངག་བཟློས་རྨོ་བོའི་སྐྱབས་འཇུག་ཡིན།།
སྲོད་ཀྱི་གསོལ་འདེབས་མི་ཚེའི་སྨོན་ལམ་ཡིན།།
སྲོད་ཀྱི་མར་མེ་འབྱུང་བའི་འོད་ཞགས་ཡིན།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།