中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག >
༄༅།། གྱེས། གློ་བུར་གློ་བུར་དུ།
དུས་ཚོད།2019-04-09 14:08:55     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར། ཁྲག་སྐྱེས། [རྨ་ཆུ]    ཆུང་། | འབྲིང་། | ཆེ།
   ཉིན་ཞིག་གློག་འོད་ལམ་ལམ་མཁའ་ནས་འཕྲོས།།
འོད་ཀྱི་ཞགས་པར་སྒྲ་དང་ཆར་བ་བབས།།
ཉིན་དེར་སྤྲིན་པ་རབ་ཏུ་སྟུག་པ་དང་།།
ཟླ་བ་སྐྱོ་བས་ངལ་ཏེ་ངུ་བ་སོགས།།

ཉིན་དེར་བརྩེ་དུང་ཁུག་མ་ཐེད་པོ་དང་།།
ནགས་ཚལ་གཞི་རུ་བུད་མེད་འཁྱམ་པོ་དང་།།
རྔོན་པའི་ལག་གི་མདའ་གཞུ་བོར་བ་བཅས།།
ད་དུང་ས་གཞི་རྡུལ་དང་ཕྱེ་མས་གཡོགས།།

དེ་དག་གློ་བུར་རྙེད་པའི་རྨི་ལམ་སྟེ།།
མངོན་སུམ་རྡོག་པས་ནོན་པའི་མནར་གཅོད་རེད།།
གཞན་དག་གློ་བུར་བོར་བའི་དྲན་པ་སྟེ།།
མུན་པའི་ནང་གི་ཚོར་བའི་འོད་ཟེར་རེད།།

མེ་ཏོག་འཛིན་པའི་བུ་མོའི་ཕྱག་སོར་དང་།།
མེ་ལོང་ལ་བྲིས་སྨིན་མའི་གར་སྟབས་དང་།།
སྐྲ་དང་དྲི་ཞིམ་ཁྱེར་བའི་སྐེད་སྐབས་དང་།།
ཆུ་འཁྱག་ཕོར་བ་གང་གི་ཁ་ཚིག་བཅས།།

ཕ་བོང་ཆེན་པོ་ཞིག་ནི་གཏན་ཚིག་ཅེས།།
གཞུང་ལམ་རིང་བོ་ཞིག་ནི་རྨི་ལམ་ཞེས།།
རྟ་ཕོའི་སྲབ་མདའ་སིལ་སིལ་བསྒུལ་བ་ལ།།
གློ་བུར་སྡུག་གི་ཁ་བ་བུ་ཡུག་འཚུབ།།

མི་འགྱུར་བ་ལ་འགྱུར་བའི་རླུང་ཆེན་བཏབ།།
དེ་ལ་ལས་དང་རྒྱུ་འབྲས་ལྟ་བུར་བསྙད།།
རང་སེམས་ལག་པའི་སྤར་མོས་བཅིངས་པ་ནས།།
སྟོན་གྱི་མེ་ཏོག་སེར་ཆེན་ངུད་མོ་སྒྲོགས།།

བུ་མོ་གོམ་གང་སོང་རྗེས་ཕྱི་ལ་འཁོར།།
གོམ་པ་གཉིས་པར་ད་དུང་ཕྱི་ལ་འཁོར།།
གོམ་པ་རྗེས་མར་འོད་ཀྱི་མདའ་མོ་བཞིན།།
གར་སོང་བ་ལ་ཆ་མེད་བྱུང་བ་ཚ།།

གློ་བུར་གློ་བུར་སྣང་བར་མ་བྱུང་བའི།།
ཚིག་གི་མཚོན་ཆ་ཁྲོབ་ཀྱིས་ཕྱར་བ་དང་།།
ས་འདམ་ནང་ལ་རྐང་བས་རྫི་བ་སོགས།།
ནན་ནན་ཏན་ཏན་ཡིན་པའི་ན་ཟུག་ཨ།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།