中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག >
༄༅།། བོད་ལྗོངས་ཀྱི་ཁྱི།
དུས་ཚོད།2019-06-24 09:46:56     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར། ཅི་ཏི་མ་ཅས་བརྩམས། སྒང་ལམ་པས་བསྒྱུར།    ཆུང་། | འབྲིང་། | ཆེ།
    བདག་གིས་བོད་ལྗོངས་ནས་ཁྱི་མང་པོ་མཐོང་མྱོང་སྟེ།
ཁྱི་རྩ་ཆེན་དང་། ཁྱི་ཐ་ཤལ། ཁྱི་བདག་པོ་ཅན། ཁྱི་བདག་མེད་སོགས།
བོད་ལྗོངས་ཀྱི་ག་ས་གང་ནས་ཀྱང་ཁྱི་མཐོང་ཐུབ།
དེ་དག་ལོགས་སུ་འགྲོ་བཞིན་པའམ། ཡང་ན་ཁྱུ་དང་ཁྱུ་བྱས་ནས།
དགོན་པའི་སྒོ་ལམ་དུ་ཉི་མར་ལྡེ་ནས་འདུག
འོན་ཀྱང་ང་རང་ཆེས་སེམས་འགུལ་ཐེབས་སུ་བཅུག་པ་ནི།
མི་རྣམས་ཀྱི་གནང་སྦྱིན་ལ་བརྟེན་ནས་འཚོ་བའི་ཁྱི་དེ་དག་རེད།
དེ་དག་སྤུ་མདོག་བཙོག་ཅིང་། ལུས་པོ་སྐམ་ཞིང་རིད་ལ་རྒས་འཁོགས་ཤོར།
ཁ་ཤས་ཤིག་ལ་རྐང་ལག་གསུམ་ལས་ལྷག་མེད་པ་དང་།
ཁ་ཤས་སར་ཉལ་ནས་འཆི་བདག་ལ་སྒུག་ཡོད།
འོན་ཀྱང་ཁྱི་ལགས།  མིའི་རིགས་དང་ཆེས་བློ་ཉེ་བའི་སྲོག་ཆགས་ལགས།
ངས་འཇིག་རྟེན་འདིར།
ཁྱེད་ཅག་གིས་བོད་ལྗོངས་འདེམས་པ་ནི་བདེ་སྐྱིད་ཅིག་རེད་ཅེས་སྨྲ་བར་སྤོབས།
རྒྱུ་མཚན་ནི་གནས་འདི་རུ་བྱམས་བརྩེ་ལྡན་ཞིང་རླབས་ཆེ་བའི་རིགས་རྒྱུད་ཅིག་འདུག་སྟེ།
ཁོང་ཚོས་ཁྱེད་ཅག་གི་དགའ་སྤྲོ་གསོ་བ་དང་མཉམ་དུ།
ཁྱེད་ཚོའི་སྡུག་བསྔལ་ཐ་དག་ཀྱང་ཕྲག་ཏུ་བླངས་ཡོད།།

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།