中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག >
༄༅།། སྨུག་ལང་ལོང་གི་དྲན་པ།
དུས་ཚོད།2019-07-03 16:08:52     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར། རྩོམ་པ་པོ། ཙ་སུར་སྦྱིན་པ། [བསང་ཆུ]    ཆུང་། | འབྲིང་། | ཆེ།
    དགོང་གི་ཉི་མ་དྲོ་དྲོ།།
དུང་གི་ཟླ་བ་ཚེས་ཚེས།།
ཉི་མ་ཟླ་བའི་འོད་ཀྱིས།།
འཇིག་རྟེན་མུན་པ་སེལ་སོང་།།

སོས་ཀའི་དཔྱིད་དཔལ་ཐོན་ཐོན།།
ཕྱི་ན་ཁ་བ་འབབ་འབབ།།
སོས་ཀའི་ཁ་བ་དཀར་བོས།།
ས་གཞིར་གཙང་དག་གནང་བྱུང་།།

ཁུ་བྱུག་སྔོན་མོ་གྲག་གྲག།
ལུས་སེམས་གཉིས་པོ་བདེ་བདེ།།
ཁུ་ལོའི་སྐུ་ཁམས་བཟང་བོས།།
སེམས་པ་སྐྱིད་ཀྱིས་ཁེངས་སོང་།།

ལང་ལོང་སྤྲིན་པ་དཀར་དཀར།།
དཔྱིད་དཔལ་ཕོ་ཉས་འབོད་འབོད།།
སྤྲིན་དང་དཔྱིད་དཔལ་འདུས་པས།།
ནོར་འཛིན་སྨྲེང་བ་བརྟས་སོང་།།

ས་ལ་རྩི་བཅུད་འཁྲུངས་འཁྲུངས།།
ནོར་ལ་ཤ་ཤེད་རྒྱས་རྒྱས།།
བཅུད་དང་ནོར་གྱི་འཕེལ་ཁས།།
འཚོ་བ་ཡར་ཐོན་བྱུང་སོང་།།

མི་ཡི་ཤེས་པ་གསལ་གསལ།།
རིགས་ཀྱི་མཐུན་སྒྲིལ་ཡག་ཡག།
མི་རིགས་མདུན་སྐྱོད་ཡངས་པས།།
སྣ་བརྒྱའི་མེ་ཏོག་བཞད་སོང་།།

ཕྱི་ཡི་འཚོ་བ་སྐྱིད་སྐྱིད།།
ནང་གི་ལོངས་སྤྱོད་འཛོམས་འཛོམས།།
ཕྱི་ནང་མཐུན་རྐྱེན་བཟང་བོས།།
རེ་བའི་འདུན་མ་གནང་བྱུང་།།

སློབ་རའི་དབྱངས་རྟ་སིང་སིང་།།
ཀ་ཁའི་འགྱུར་ཁུགས་སྙན་སྙན།།
དབྱངས་དང་གསལ་བྱེད་སུམ་ཅུས།།
སྤོབས་པའི་སྣང་བ་བསྩལ་བྱུང་།།

རུ་བའི་ཨ་ཕ་སྟོབས་སྟོབས།།
ཁྱིམ་གྱི་ཨ་མ་མཛེས་མཛེས།།
ཕ་མའི་བྱམས་དང་བརྩེ་བས།།
ཁྱིམ་ལ་དྲོད་ཁོལ་འཁྱིལ་སོང་།།

ལུས་པོ་བྲེད་ཤ་འཚུབ་འཚུབ།།
སེམས་འདི་སྨུག་པ་ལང་ལོང་།།
ལུས་སེམས་རྟབ་པོའི་ནང་གི།།
འཆར་སྒོའི་དྲན་པ་འདིའོ།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།