中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག >
༄༅།། དབྱར་མགོ་མའི་ཞེན་ཆགས།
དུས་ཚོད།2019-07-03 16:15:36     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར། རྩོམ་པ་པོ། གངས་ཆབ་སྔོན་མོ། [མཚོ་སྔོན]    ཆུང་། | འབྲིང་། | ཆེ།
    ཕ་ཡུལ་གླེང་བ་ནི་རང་ཉིད་གླེང་བ་ཡིན་ལ།
རྒས་གཉེར་ཁྲོད་འཛུམ་པའི་རྒྱ་ཕིབས་སེར་པོ།
གནམ་སའི་ཧྲག་བར་གྱི་མིག་ཆུའི་དྭངས་ཤ་དེ་ཡིན།

ལྗང་མྱུག་གི་སོ་ཁ་རབ་ཏུ་རྣོ་བས་ཡིན་ནམ།
དབྱར་མགོ་མའི་ཞེན་ཆགས་འདི།
སྐྱོ་ངལ་གྱི་ཀློང་ནས་འཇའ་རིས་ལྟར་བཀྲ།

ཞེན་ཆགས་ཀྱིས་བསྒུལ་བའི་བ་སྤུའི་རྩེ་མོར།
ཕོ་བྲང་དཀར་དམར་གྱི་སྣང་བརྙན་མ་ལུས།
ཕོ་མོ་མ་ནིང་གི་ཡི་གེར་ཡང་ཡང་བརྒྱུས་ཀྱང་།
ཀོ་གྲུའི་ནང་གི་འཛུམ་ཆུང་དེ།
གཏན་ནས་རྙེད་ཐབས་མི་འདུག

དབྱར་མགོ་མའི་ཞེན་ཆགས་འདི།
ང་ཁོ་ནར་དབང་ངམ།
ཡང་ན།
དབྱར་མགོ་མའི་ཞེན་ཆགས་འདི།
དབྱར་ལ་ཟུམ་པའི་མེ་ཏོག་ཅིག་ཡིན་ནམ།

ངེས་ཤེས་གཟུ་བོར་གནས་ཚེ།
ང་རང་འཇིག་རྟེན་འདིར་སྐྱེས་པ་འཕྱི་དྲགས་སོང་།
དངོས་གནས་འཕྱི་དྲགས་སོང་།།

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།